སྤྱི་ཟླ་9པའི་ཚེས་13ཉིན། བོད་ཁུལ་གྱི་ཐེངས་དང་པོ་བྱིས་པའི་གླུ་གཞས་མཉམ་གཏོང་ཚོགས་པ་སྟེ། སི་ཁྲོན་ཞིང་ཆེན་འབའ་ཐང་རྫོང་གི་དྲི་ཟའི་སྒྲ་དབྱངས་ཀྱི་བྱིས་གླུ་མཉམ་གཏོང་ཚོགས་པའི་བྱིས་པ་རྣམས་ཁྲེན་ཏུའུ་ནས་གནམ་གྲུར་བསྡད་དེ་ཐའེ་པེ་ཐའོ་ཡོན་གནམ་གྲུ་ཐང་ལ་སླེབས།
སྤྱི་ཟླ་9པའི་ཚེས་14ཉིན། སི་ཁྲོན་ཞིང་ཆེན་འབའ་ཐང་རྫོང་གི་དྲི་ཟའི་སྒྲ་དབྱངས་ཀྱི་བྱིས་གླུ་མཉམ་གཏོང་ཚོགས་པའི་བྱིས་པ་རྣམས་ཀྱིས་ཐའེ་ཝན་ཞིང་ཆེན་ཐའེ་པེ་གྲོང་ཁྱེར་དུ་རིག་གནས་སྤེལ་རེས་བྱས་ཤིང་ཐའེ་ཝན་སྤུན་ཟླ་ཚོས་ཁོ་ཚོར་དགའ་བསུ་ཆེན་པོ་ཐོབ།