པར་རིས་ནི་ལས་སྣོན་བཟོ་གྲྭ་དེའི་ལས་མིས་ཁམས་ཁུལ་བུད་མེད་ཀྱིས་འདོགས་པའི་གསེར་དང་དངུལ་གྱི་རྒྱན་ཆ་བཟོ་བཞིན་པའི་རྣམ་པ་ཡིན།
ཆབ་མདོ་གྲོང་ཁྱེར་བྲག་གཡབ་རྫོང་སྨད་སྟོད་དངུལ་ཆས་ལས་སྣོན་བཟོ་གྲྭ་ནི་2014ལོར་ཏང་ཡོན་གྱི་ཕྱུག་འགྱུར་སྣེ་ཁྲིད་པ་བསྟན་པ་རྡོ་རྗེས་གསར་སྐྲུན་བྱས་པ་ཡིན་ལ། ཉེ་བའི་ལོ་ཤས་རིང་། རྫོང་ཨུད་དང་རྫོང་སྲིད་གཞུང་གི་རྒྱབ་སྐྱོར་ཆེན་པོར་བརྟེན་ནས་ཚོང་ལམ་རྒྱ་ཆེར་བཏང་ཞིང་། ཐོན་ལས་འཛུགས་སྐྲུན་སྐོར་གྱི་འབྲེལ་ཡོད་རོགས་སྐྱོར་སྲིད་ཇུས་ལ་བརྟེན་ནས། 2018ལོའི་ཟླ་10པར་བྲག་གཡབ་རྫོང་ཐོན་ལས་གླིང་ཁུལ་དུ་གནས་སྤོས་ལ། རྒྱལ་ཁབ་ཀྱིས་མ་དངུལ་བཏང་ནས་གསར་དུ་བཟོ་གྲྭ་སྨི་གྲུ་བཞི་མ་400བཙུགས་པ་མ་ཟད་འཚོ་བའི་ཁུལ་ཡང་སྒྲིག་འགོད་བྱས་ཡོད་པས། ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ལེགས་བཅོས་ཧ་ཅང་ཆེན་པོ་བྱས་པ་རེད། ལས་སྣོན་བཟོ་གྲྭ་དེའི་2018ལོའི་ཚོང་གཉེར་ཡོང་འབབ་སྒོར་ཁྲི་90ཡིན་ལ། དེའི་ནང་ཡིག་ཚགས་དང་ཁཱ་བཟོས་པའི་དུད་ཚང་12ཀྱི་མི་15བསྡུ་ལེན་བྱས་ཡོད། དུས་འགོར་ནུས་རྩལ་གསོ་སྦྱོང་བྱས་ནས་གཟོད་ལས་ཀར་ཞུགས་པར་བརྟེན། ཡིག་ཚགས་དང་ཁཱ་བཟོས་པའི་དུད་ཚང་རེ་ལོ་རེར་ཆ་སྙོམས་ཡོང་འབབ་སྒོར་ཁྲི་3འཕར་ཡོད།