སི་ཁྲོན་གྱི“དཔྱིད་ཀྱི་འབྲུག་སྒྲའི་བྱ་སྤྱོད་2019”ཡིས་ཁྲིམས་འགལ་གྱོད་གཞི་ཁག་2934གྱོད་དོན་ཐོ་འགོད་དང་ཞིབ་བཤེར་ཐག་གཅོད་བྱས་པ།

རྩོམ་སྒྲིག་པ།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 02-22


 
     ཤིན་ཧྭ་གསར་འགྱུར་ཁང་ཁྲེང་ཏུའུ་ནས་ཟླ་2ཚེས་18ཉིན་གློག་འཕྲིན་འབྱོར་གསལ། གྱོད་གཞི་ཁག་2934གྱོད་དོན་ཐོ་འགོད་བྱས་པར་གྱོད་འབྲེལ་དངུལ་སྒོར་ཁྲི་3000ལྷག་ཙམ་ཟིན་པ་སོགས་ཚེས་18ཉིན་གསར་འགོད་པར་སི་ཁྲོན་ཞིང་ཆེན་ཁྲོམ་ར་ལྟ་འདོམས་ཅུས་ནས་ཤེས་རྟོགས་བྱུང་བར། སི་ཁྲོན་ཞིང་ཆེན་གྱིས་ཟླ་1ཚེས་11ཉིན་ནས་སྤེལ་བའི“དཔྱིད་ཀྱི་འབྲུག་སྒྲའི་བྱ་སྤྱོད་2019”དང“བདེ་སྲུང”ཁྲོམ་རའི་ཟང་ཟིང་སྣང་ཚུལ་བཅོས་སྒྲིག་བྱེད་པའི་ཉིན་བརྒྱའི་བྱ་སྤྱོད་ཀྱིས་མང་ཚོགས་ཀྱི་ཚུར་སྣང་ལན་ཆ་ཆེ་བ་དང་། སྤྱི་ཚོགས་ཐོག་དོ་ཁུར་ཆེ་བའི་ཁྱབ་ཁོངས་ལ་དམིགས་ཏེ་དཔེ་མཚོན་གྱི་ཁྲིམས་འགལ་གྱོད་གཞི་ཁག་གཅིག་ཞིབ་བཤེར་ཐག་གཅོད་བྱས་པ་རེད།
     ཟླ་2ཚེས་1ཉིན་བར་སི་ཁྲོན་ཞིང་ཆེན་ཁྲོམ་རའི་ལྟ་འདོམས་སྡེ་ཚན་གྱིས་ཁྲིམས་འཛིན་མི་སྣ་མི་ཐེངས་ཁྲི་6.1བཏང་ནས་ཐོན་སྐྱེད་དང་། གཉེར་སྐྱོང་ཁེ་ལས་དང་། ཁེར་རྐྱང་ཚོང་དུད་བཅས་ཁྲི་12.9དང་། ཁྲོམ་ར་སྣ་ཚོགས་ཁྲི་1ལྷག་ཙམ་ལ་ཞིབ་བཤེར་བྱས་ཏེ་ལག་ཁྱེར་མེད་པར་གཉེར་སྐྱོང་བྱེད་མཁན་ཚོང་དུད་139མེད་པར་བཟོས་པ་དང་། འཛད་སྤྱོད་པའི་ཞུ་གཏུག་ཐེར་འདོན་ཐེངས་9368བདག་སྤྲོད་བྱས་པ། འཛད་སྤྱོད་པར་དཔལ་འབྱོར་གྱོང་གུན་སྒོར་ཁྲི་509གསབ་རོགས་བྱས་པ། ཁྲིམས་འགལ་གྱོད་གཞི་ཁག་2934གྱོད་དོན་ཐོ་འགོད་དང་ཞིབ་བཤེར་ཐག་གཅོད་བྱས་པར་གྱོད་འབྲེལ་དངུལ་གྲངས་སྒོར་ཁྲི་3542ཟིན་པ་དང་། ཆད་པ་སྒོར་ཁྲི་997བཅད་པ་རེད།
     བྱ་སྤྱོད་སྤེལ་རིང་། རིམ་ཁག་ཁྲོམ་རའི་ལྟ་འདོམས་སྡེ་ཚན་གྱིས་སྤྱི་བདེ་དང་། དམངས་སྲིད། ཚོང་དོན་སོགས་སྡེ་ཚན་དང་མཉམ་དུ“བདེ་སྲུང”ཁྲོམ་རའི་ཟང་ཟིང་སྣང་ཚུལ་བཅོས་སྒྲིག་བྱས་ནས་ཁྲིམས་འགལ་གྱོད་གཞི་ཁག་200ཞིབ་བཤེར་ཐག་གཅོད་བྱས་པར་གྱོད་འབྲེལ་དངུལ་གྲངས་སྒོར་ཁྲི་1118ཟིན་ཡོད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1