སྤྱི་ཟླ་9པའི་ཚེས་22ཉིན། མཉམ་འབྲེལ་རྒྱལ་ཚོགས་ཀྱི་གནམ་གཤིས་སྐོར་གྱི་དབུ་ཚོགས་ལ་ཞུགས་པའི་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གི་ཆེད་བསྐོས་ཕོ་ཉ་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཀྲང་ཀའོ་ལིས་ཉིའུ་ཡོག་གི་མཉམ་འབྲེལ་རྒྱལ་ཚོགས་སྤྱི་ཁྱབ་པུའུ་རུ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེ་མོ་ཕན་ཅི་ཝུན་ལ་མཇལ་འཕྲད་གནང་བ་མ་ཟད། ཕན་ཅི་ཝུན་དང་མཉམ་དུ་ཀྲུང་གོའི་སྲིད་གཞུང་གིས་མཉམ་འབྲེལ་རྒྱལ་ཚོགས་ལ་ཤན་འབྱེད་ཕྱོད་སྨི་30ལྡན་པའི་སའི་གོ་ལ་ཧྲིལ་པོའི་ས་ངོས་ཁེབས་པའི་གཞི་གྲངས་འབུལ་བའི་མཛད་སྒོར་ཞུགས།