ཝུའུ་དབྱིང་ཅེས་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུའི་ཚོགས་འདུའི་ཐོག་གནང་བའི་གསུང་བཤད།
(རྩོམ་པ་པོ་ནི་བོད་རང་སྐྱོང་ལྗོངས་ཏང་ཨུད་ཧྲུའུ་ཅི་ཡིན) རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 02-22
དཔྱིད་གསར་དུས་ཆེན་གྱི་སྔ་ནུབ་ཏུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཤིན་ཏུ་དབུལ་པོའི་ས་ཁུལ་དུ་ཕེབས་ནས་ལས་དོན་ལ་རྟོག་ཞིབ་མཛུབ་ཁྲིད་གནང་བ་དང་འབྲེལ་མང་ཚོགས་དབུལ་པོར་གཟིགས་པ་དང་འཚམས་འདྲི་ཡང་གནང་ཁར་གནད་སྨིན་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ཡག་པོ་རྒྱག་རྒྱུའི་སྐོར་གྱི་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་བ་རེད། སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་གལ་ཆེན་ནང་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་དབུལ་སྒྲོལ་འགག་སྒྲོལ་ལ་ཐོབ་པའི་གྲུབ་འབྲས་དང་ཉམས་མྱོང་ལ་ཕྱོགས་ཡོངས་ནས་ཕྱིར་མིག་གཟིགས་གནང་བ་དང་མིག་སྔའི་ལས་དོན་ནང་ལྷག་པའི་དཀའ་ངལ་དང་འགྲན་སློང་ལ་དབྱེ་ཞིབ་གཏིང་ཟབ་གནང་བའི་ཐོག་ཕྱོགས་ཡོངས་ནས་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ཡག་པོ་རྒྱག་རྒྱུའི་ཐད་བཀོད་སྒྲིག་དང་བླང་བྱ་ཁ་གསལ་བཏོན་ཡོད། ང་ཚོས་ངེས་པར་དུ་གནད་སྨིན་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ཡག་པོ་རྒྱག་རྒྱུའི་སྐོར་གྱི་བཞུགས་མོལ་ཚོགས་འདུའི་དགོངས་དོན་སློབ་སྦྱོང་ནན་ཏན་དང་གོ་བ་གཏིང་ཟབ་ལེན་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དབུལ་སྐྱོར་གསར་སྤེལ་གྱི་འཐབ་ཇུས་དགོངས་པ་གལ་ཆེན་གྱིས་བསམ་བློར་དྲག་ཆས་སྤྲོས་པ་དང་། ལག་ལེན་ལ་མཛུབ་ཁྲིད་བྱེད་པ། ལས་དོན་ལ་སྐུལ་འདེད་གཏོང་བ། དབུལ་སྒྲོལ་འགག་སྒྲོལ་ལས་དོན་སྐོར་གྱི་རྒྱུན་ཨུ་དབང་དབྱང་གི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་པར་གཞིགས་པ། མི་དམངས་ལྟེ་བར་བྱེད་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས། དབུལ་སྒྲོལ་གྱི་སྤུས་ཚད་མཐོ་རུ་གཏོང་རྒྱུ་ཨང་དང་པོར་འཇོག་པ། ཤིན་ཏུ་དབུལ་པོའི་ས་ཁུལ་ལ་དམིགས་པ། གནད་སྨིན་དབུལ་སྒྲོལ་ཐད་མུ་མཐུད་འབད་བརྩོན། ནུས་ཤུགས་གང་ཡོད་ཀྱིས་བསྒྲུབ་པ། དྲོ་སྐྱིད་སྦྱིན་པའི་བྱ་བ་མང་ཙམ་བསྒྲུབ་པ། གཡང་རྩེའི་སྒང་ལ་ཡས་སྒྲོན་མི་བྱེད་པ་བཅས་བྱས་ཏེ་གནད་སྨིན་དབུལ་སྐྱོར་དང་གནད་སྨིན་དབུལ་སྒྲོལ་འགག་སྒྲོལ་ལ་རྒྱལ་ཁ་ལེན་རྒྱུའི་དམག་འཐབ་དེ་ཡག་པོ་རྒྱག་དགོས།
གཅིག་ནས་གནད་སྨིན་འཐབ་ཇུས་མཐའ་འཁྱོངས་བྱེད་དགོས། སླར་ཡང་དམིགས་པ་དང་སླར་ཡང་གནད་སྨིན་ཡོང་བ་བྱས་ནས་ཏན་ཏིག་དང་། གཏིང་ཟབ། ཞིབ་ཕྲ་བཅས་ཀྱི་སྒོ་ནས་རྨང་གཞིའི་ལས་དོན་བསྒྲུབས་ཏེ་དབུལ་སྐྱོར་བྱ་ཡུལ་ལ་གནད་སྨིན་ཡོང་བ་དང་། རྣམ་གྲངས་བཀོད་སྒྲིག་གནད་སྨིན་ཡོང་བ། མ་དངུལ་སྤྱོད་རྒྱུ་གནད་སྨིན་ཡོང་བ། བྱེད་ཐབས་དུད་ཚང་དུ་གནད་སྨིན་ཡོང་བ། གྲོང་ཚོའི་གནས་ཚུལ་ལ་གཞིགས་ནས་མི་སྣ་གཏོང་རྒྱུ་གནད་སྨིན་ཡོང་བ། དབུལ་སྒྲོལ་གྱི་ཕན་འབྲས་གནད་སྨིན་ཡོང་བ་བཅས་བྱས་ཏེ་སུ་ལ་རོགས་སྐྱོར་བྱེད་པ་དང་། སུས་རོགས་སྐྱོར་བྱེད་པ། གང་འདྲ་བྱས་ཏེ་རོགས་སྐྱོར་བྱེད་པ། གང་འདྲ་བྱས་ཏེ་དབུལ་སྒྲོལ་ཡོང་བ་བྱེད་པ་སོགས་ཀྱི་གནད་དོན་ཐག་གཅོད་ནུས་ལྡན་བྱས་ཏེ་དབུལ་པོ་ངོ་མ་དབུལ་སྒྲོལ་དང་དངོས་འབྲེལ་དབུལ་སྒྲོལ་ཐུབ་པ་བྱེད་དགོས།
གཉིས་ནས་བྱེད་ཐབས་མང་པོ་མཉམ་དུ་སྤྱོད་རྒྱུ་མཐའ་འཁྱོངས་བྱེད་དགོས། “བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་སྐྱོང་མཁན་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་མཁན”གྱི་འཐབ་ཇུས་ལག་བསྟར་ཤུགས་ཆེན་དང་གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ཇུས་ལ་སྐུལ་འདེད་བཏང་ནས་གྲོང་ཁྱེར་དང་གྲོང་རྡལ་དུ་ལས་ཞུགས་དང་། ཐག་ཉེ་སར་ལས་ཞུགས་དང་ལས་ཞུགས་ཐད་སྟབས་བདེ་ཡོང་བ། ཕ་ཡུལ་ནས་འབྲལ་མི་དགོས་པ། སྒྲུབ་ཐུབ་པ་དང་སྒྲུབ་ཤེས་པ་བཅས་ཀྱི་འབྲེལ་བ་ཐག་གཅོད་ཡག་པོ་བྱེད་པ་དང་། ནས་ཐོན་འཕར་དང་འབྲི་གཡག་སྡོམ་གསོས་ལས་དོན་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ། ཐོན་ལས་འཁོར་འབྲེལ་རིང་དུ་གཏོང་བ། ཟུར་སྣོན་རིན་ཐང་འཕར་བ་བྱེད་པ་བཅས་བྱས་ཏེ་ཞིང་འབྲོག་མང་ཚོགས་ཀྱི་ཡོང་འབབ་འཕར་བ་བྱེད་དགོས། དབུལ་སྐྱོར་གནས་སྤོས་བྱ་རྒྱུ་དེ་གྲོང་ཁྱེར་དང་གྲོང་རྡལ་དུ་གཅིག་སྡུད་དང་ཐོན་སྐྱེད་རྒྱུ་ཆ་ཕུན་སུམ་ཚོགས་པའི་གནས་སུ་ཕྱོགས་རྒྱུ་དང་རྨང་གཞིའི་སྒྲིག་ཆས་བལྟོས་བཅས་འཐུས་ཚང་གི་ས་ཁུལ་དུ་གཅིག་སྡུད་བྱེད་པའི་འབྲེལ་བ་ཐག་གཅོད་ཡག་པོ་བྱས་ཏེ་ཡིད་གཟབ་ངང་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་བྱ་རྒྱུར་སྐུལ་འདེད་གཏོང་དགོས། དེ་དང་ཆབས་ཅིག་མཐའ་མཚམས་དབུལ་སྐྱོར་དང་། སྣོད་བཅུད་དབུལ་སྐྱོར། སློབ་གསོ་དབུལ་སྐྱོར། ལས་ཞུགས་དབུལ་སྐྱོར། བདེ་ཐང་དབུལ་སྐྱོར། བོད་སྐྱོར་དབུལ་སྐྱོར། ཏང་འཛུགས་སྐྱོང་དབུལ་སྐྱོར། སྤྱི་ཚོགས་འགན་སྲུང་དབུལ་སྐྱོར་སོགས་གཙོ་གནད་ལས་དོན་ལ་སྤྱི་འདོམས་སྐུལ་འདེད་བཏང་ནས་དབུལ་སྐྱོར་བྱེད་དགོས་རིགས་ལ་དབུལ་སྐྱོར་ཐུབ་རྒྱུ་འགན་ལེན་བྱེད་དགོས།
གསུམ་ནས་གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་བྱེད་དགོས། སྤྱི་ཁྱབ་ཧྲུའུ་ཅིས་བཏོན་གནང་བའི་གནད་དོན་ལ་དམིགས་ནས་རིམ་གྱིས་བསྡུར་བ་བྱས་ཏེ་བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་དང་། ལྟ་སྐུལ་མཛུབ་ཁྲིད་ལ་ཤུགས་སྣོན། ལྷག་པའི་གནད་དོན་བཅོས་སྒྲིག་བྱ་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་དབུལ་སྒྲོལ་འགག་སྒྲོལ་གྱི་དམིགས་སའི་རང་བཞིན་དང་ཕན་འབྲས་རང་བཞིན་ཆེ་རུ་གཏོང་དགོས།
བཞི་ནས་ནང་གནས་ཀྱི་གསོན་ཤུགས་འཕེལ་བ་བྱེད་དགོས། ཀྲུང་དབྱང་གི་ཐུགས་ཁུར་དང་། རྒྱལ་ཡོངས་ཀྱི་རོགས་སྐྱོར་དང་རང་སྟོབས་རང་འཕེལ། དཀའ་སྤྱད་འབད་འཐབ་བཅས་ཀྱི་འབྲེལ་བ་ཐག་གཅོད་ཡག་པོ་བྱས་ཏེ་དབུལ་སྐྱོར་དང་རིག་སྟོབས་རོགས་སྐྱོར་དང་བློ་སྟོབས་རོགས་སྐྱོར་ཟུང་འབྲེལ་བྱ་རྒྱུ་མཐའ་འཁྱོངས་དང་། རོགས་རམ་གྱི་བྱེད་ཐབས་ལེགས་སུ་གཏོང་བ། རྩལ་ནུས་གསོ་སྦྱོང་ལ་ཤུགས་སྣོན། ངལ་རྩོལ་མང་ན་ཐོབ་ཆ་མང་བའི་སྲོལ་དར་སྤེལ་གཏོང་བ། མི་རིགས་ཁག་གི་མང་ཚོགས་ཚོས་རྗེས་དཔག་གི་ཐོག་ནས་ཆོས་ལུགས་ལ་ལྟ་སྟངས་འཛིན་རྒྱུར་སློབ་གསོ་གཏོང་བ་དང་ཁྲིད་སྟོན་བྱེད་པ། སེམས་ནུས་ཚང་མ་དབུལ་སྒྲོལ་ཕྱུག་འགྱུར་དང་ཐོན་སྐྱེད་དང་འཚོ་བ་ལེགས་སུ་གཏོང་བའི་ཐོག་འཇོག་པ། སྐྱོན་བྲལ་ཤེས་དཔལ་གྱི་འཚོ་བ་སྐྱེལ་སྟངས་དོན་གཉེར་བཅས་བྱས་ཏེ་ད་ཆའི་བདེ་སྐྱིད་འཚོ་བ་ཡག་པོ་སྐྱེལ་དགོས།
ལྔ་ནས་སྤྱོད་ཚུལ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་དགོས། རིམ་པ་དབྱེ་ནས་རིམ་ཁག་དབུལ་སྐྱོར་ལས་བྱེད་པའི་སློབ་སྦྱོང་གསོ་སྦྱོང་ལས་དོན་དམ་འཛིན་ཡག་པོ་བྱས་ཏེ་བྱང་ཚད་མཐོ་བ་དང་། དབུལ་སྐྱོར་ཤེས་མཁན། རོགས་རམ་ཤེས་མཁན། སྤྱོད་ཚུལ་ལེགས་པ་བཅས་ཀྱི་དབུལ་སྐྱོར་ལས་བྱེད་པའི་དཔུང་ཁག་ཧུར་ཐག་བསྐྲུན་དགོས། གཞི་རིམ་འཐབ་ཕྱོགས་དང་པོའི་དབུལ་སྐྱོར་ལས་བྱེད་པར་ཐུགས་ཁུར་གཅེས་སྐྱོང་བྱས་ཏེ་ཁོང་ཚོས“བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས”དང“ལམ་གཉིས་ཀྱི་སྙིང་སྟོབས”རྒྱུན་འཛིན་དང་དར་སྤེལ་ཐུབ་པ་བྱས་ཏེ་ངར་ཤུགས་དེ་བས་ཆེན་པོས་དབུལ་སྒྲོལ་འགག་སྒྲོལ་གྱི་ལས་དོན་ནང་ཞུགས་ཐུབ་པ་བྱེད་དགོས། དབུལ་སྒྲོལ་འགག་སྒྲོལ་ལས་དོན་ནང་གི་ཕྱི་ཚུལ་རིང་ལུགས་དང་། དཔོན་ཉམས་རིང་ལུགས། མི་བདེན་རྫུན་བཟོ། འཚབ་འཚུབ་དང་དམག་འཐབ་ལ་སུན་སྣང་སྐྱེ་བ་སོགས་ཀྱི་སྣང་ཚུལ་བཅོས་སྒྲིག་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་ལ་ལག་ལེན་དང་ལོ་རྒྱུས་ཞིབ་བཤེར་གྱི་ཉམས་སད་ཐེག་རྒྱུ་འགན་ལེན་བྱེད་དགོས།
དྲུག་ནས་རྩ་འཛུགས་དང་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་དགོས། ཏང་གིས་དབུལ་སྒྲོལ་འགག་སྒྲོལ་ལས་དོན་ལ་ཕྱོགས་ཡོངས་ནས་འགོ་ཁྲིད་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་རིམ་ཁག་ཏང་སྲིད་ལས་བྱེད་པ་དང་ལྷག་པར་དུ་འགོ་ཁྲིད་ཨང་དང་པོས་ངེས་པར་དུ་དབུལ་སྒྲོལ་འགག་སྒྲོལ་ལས་དོན་ལ་དམ་འཛིན་བྱེད་དགོས། རྫོང་དབུལ་པོའི་རྫོང་ཨུད་ཀྱི་ཧྲུའུ་ཅི་དང་རྫོང་དཔོན་གྱིས་དབུལ་སྒྲོལ་མི་ཐུབ་པ་དང་དབུལ་ཞྭ་འབུད་མི་ཐུབ་ན་ལས་གནས་ནས་མི་འབྲལ་རྒྱུའི་བཙན་ཞིང་ནན་པའི་སྒྲིག་ལམ་ལག་བསྟར་ནན་པོ་བྱེད་དགོས། དམིགས་ཚད་དང་ཚད་གཞི་མཐའ་འཁྱོངས་བྱས་ཏེ་དཔྱད་དཔོག་གི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་དང་མ་དངུལ་དོ་དམ་འཐུས་སྒོ་ཚང་དུ་བཏང་ནས་དབུལ་སྒྲོལ་འགག་སྒྲོལ་ལ་སྐུལ་འདེད་གཏོང་བའི་མཉམ་ཤུགས་ཆེན་པོ་ཞིག་ཆགས་པ་བྱེད་དགོས།
དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1