ས་གནས་དེ་གའི་དུས་ཚོད་ཚེས་22ཉིན་གྱི་ཆུ་ཚོད་23ཙམ་ལ་བྷང་ག་ལའི་རྒྱལ་ས་ཏ་ཁའི་གྲོང་ཁུལ་རྙིང་པ་ཞིག་གི་བང་མཛོད་ནང་སོལ་རླངས་བླུགས་སྣོད་འབར་གས་བྱུང་བས་གསོག་ཉར་བྱས་པའི་རྫས་འགྱུར་དངོས་པོར་མེ་འབར་ནས། མེ་ཆེན་པོ་འཕྲལ་དུ་མཐའ་སྐོར་གྱི་ཁང་པར་མཆེད་པ་རེད། ཏ་ཁ་གྲོང་ཁྱེར་གྱི་དཔོན་རིགས་ཨ་ལི·ཨ་ཀྲ་མུའུ་ཡིས་མེ་སྐྱོན་ཁྲོད་དུ་མ་མཐར་ཡང་མི་81རྐྱེན་ལམ་དུ་ཤོར་བ་དང་མི་བཅུ་ཕྲག་ལ་རྨས་སྐྱོན་ཕོག་ཡོད་ཅེས་བརྗོད་ཡོད་པ་རེད།