ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཉིས་སྟོང་སོ་ལྔ་ལོའི་བར་གྱི་ཀྲུང་གོའི་སློབ་གསོ་དེང་རབས་ཅན་ཞེས་པ་འགྲེམ་སྤེལ་བྱས།

རྩོམ་སྒྲིག་པ།ཡོང་ཁུངས།ཞིན་ཧྭ་གསར་འགྱུར་དྲ་བ། སྤེལ་དུས། 02-25


        ཉིས་སྟོང་སོ་ལྔ་ལོའི་བར་གྱི་ཀྲུང་གོའི་སློབ་གསོ་དེང་རབས་ཅན་ཞེས་པ་ལས་སློབ་གསོ་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་གཞི་རྩའི་འདུ་ཤེས་ཆེན་པོ་བརྒྱད་བཏོན་ཡོད་དེ། ཀུན་སྤྱོད་ཐོག་མར་དམ་འཛིན་བྱེད་པར་སྔར་ལས་ཡིད་འཇོག་བྱེད་པ་དང་། ཁྱོན་ཡོངས་འཕེལ་རྒྱས་ལ་སྔར་ལས་ཡིད་འཇོག་བྱེད་པ། མི་རེ་རེར་ཁ་ཕྱོགས་པར་སྔར་ལས་ཡིད་འཇོག་བྱེད་པ། མི་ཚེ་གང་བོར་སློབ་སྦྱོང་བྱེད་པར་སྔར་ལས་ཡིད་འཇོག་བྱེད་པ། སྣོད་བསྟུན་སློབ་ཁྲིད་སྔར་ལས་ཡིད་འཇོག་བྱེད་པ། བསམ་སྦྱོར་གཅིག་བསྡུས་ལ་སྔར་ལས་ཡིད་འཇོག་བྱེད་པ། མཉམ་བསྲེས་འཕེལ་རྒྱས་ལ་སྔར་ལས་ཡིད་འཇོག་བྱེད་པ། མཉམ་སྐྲུན་མཉམ་སྤྱོད་ལ་སྔར་ལས་ཡིད་འཇོག་བྱེད་པ་བཅས་རེད། སྤྱིའི་དམིགས་འབེན་ནི་ཉིས་སྟོང་ཉི་ཤུ་ལོའི་བར་དུ་ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་འཕེལ་རྒྱས་དམིགས་འབེན་ཁྱོན་ཡོངས་ནས་མངོན་འགྱུར་བྱེད་པ་དང་། སློབ་གསོའི་སྤྱིའི་དངོས་ཤུགས་དང་རྒྱལ་སྤྱིའི་ཤུགས་རྐྱེན་ཐེབས་ཚད་མངོན་གསལ་སྒོས་ཇེ་དྲག་ཏུ་གཏོང་བ། ངལ་རྩོལ་པའི་ལོ་ཚད་མི་གྲངས་ལ་ཆ་སྙོམས་སྒོས་སློབ་གསོ་ཐོབ་པའི་ལོ་ཚད་མངོན་གསལ་སྒོས་ཇེ་མཐོར་གཏོང་བ། སློབ་གསོ་དེང་རབས་ཅན་སྔར་ལས་འཕེལ་རྒྱས་སུ་བཏང་ནས་འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འགྲུབ་པར་བྱེད་པར་བྱས་རྗེས་ཆེན་པོ་འཇོག་རྒྱུ་ཡིན་ལ། དེའི་རྨང་གཞིའི་སྟེང་ཡང་བསྐྱར་ལོ་བཅོ་ལྔ་ལ་འབད་བརྩོན་བྱས་ཏེ། ཉིས་སྟོང་སོ་ལྔ་ལོའི་བར་སྤྱི་ཁྱབ་ཏུ་སློབ་གསོ་དེང་རབས་ཅན་མངོན་འགྱུར་བྱས་ཏེ་སློབ་གསོ་སྟོབས་ལྡན་རྒྱལ་ཁབ་ཀྱི་གྲས་སུ་ཚུད་པར་བྱེད་པ་དང་། རང་རྒྱལ་ནི་སློབ་སྦྱོང་རྒྱལ་ཁབ་ཆེན་པོ་དང་མི་ཤུགས་ཐོན་ཁུངས་ཀྱི་སྟོབས་ལྡན་རྒྱལ་ཁབ། ཤེས་ལྡན་མི་སྣའི་སྟོབས་ལྡན་རྒྱལ་ཁབ་ཏུ་འགྱུར་བར་སྐུལ་འདེད་བཏང་ནས། དུས་རབས་འདིའི་དུས་དཀྱིལ་བར་འབྱོར་ཕྱུག་དང་དམངས་གཙོ། དཔལ་ཡོན། འཆམ་མཐུན། མཛེས་སྡུག་བཅས་ཀྱི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱེད་པར་རྨང་གཞི་བརྟན་པོ་འདིང་རྒྱུ་དེ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1