ཉེ་བའི་ལོ་ཤས་ནང་། ཆབ་མདོ་གྲོང་ཁྱེར་གྱིས་ཀྲུང་དབྱང་དང་རང་སྐྱོང་ལྗོངས་ཀྱི་དབུལ་སྐྱོར་ཐབས་ཇུས་བཀོད་སྒྲིག་ཁག་ཕན་ནུས་ལྡན་པའི་ངང་ནས་དོན་འཁྱོལ་བྱེད་པར་སྐུལ་འདེད་གཏིང་ཟབ་གཏོང་རྒྱུ་འགག་གནད་དུ་བརྩིས་ཏེ། ཤུགས་སྣོན་རྒྱག་པ་གསུམ་དང་འགན་ལེན་གསུམ་གྱི་ལས་ཀའི་བྱེད་ཐབས་མཐའ་འཁྱོངས་དང་།--ཏན་ཏིག་ཐོག་དབུལ་སྐྱོར་དགག་སྒྲོལ་གྱི་སྒྲིག་འཛུགས་དང་འགོ་ཁྲིད་ལ་ཤུགས་སྣོན་བརྒྱབ་ནས། ཏང་འཛུགས་སྐྱོང་ལ་དམ་འཛིན་གྱིས་དབུལ་སྐྱོར་ལ་སྐུལ་འདེད་གཏོང་བའི་མཉམ་སྒྲོག་རོལ་དབྱངས་ཞིབ་ཅིང་རྒྱས་པ་ཞིག་བླངས་ཡོད།
རྩ་འཛུགས་དང་འགོ་ཁྲིད་ལ་ཤུགས་སྣོན་བརྒྱབ་ནས་འགན་འཁྲི་དོན་འཁྱོལ་ལ་འགན་སྲུང་བྱས་པ། ཐོག་མཐའ་བར་གསུམ་དུ་དབུལ་སྒྲོལ་འགག་སྒྲོལ་དེ་རིམ་ཁག་ཏང་སྲིད་རྩ་འཛུགས་ཀྱི་འགོ་ཁྲིད་དང་པོའི་ལས་གཞི་དང་དམངས་དོན་ཨང་དང་པོའི་ལས་གཞིར་བརྩིས་ཏེ། རིམ་པ་སྟར་ཆགས་ཀྱིས་ལས་ཀའི་འགན་འཁྲི་བརྟན་པོ་སྤྲོད་པ་དང་། ལས་དོན་ཕན་ནུས་ལྡན་པའི་ངང་སྤེལ་བར་སྐུལ་འདེད་བཏང་ཡོད། གཅིག་ནས་འགན་འཁྲིའི་མ་ལག་འཐུས་ཚང་དུ་བཏང་བ་སྟེ། ནུས་ཤུགས་ཡོད་རྒུས“ཏང་སྲིད་མཉམ་དུ་དམ་འཛིན་དང་། གོང་འོག་མཉམ་དུ་འགུལ་བ། མཉམ་སྤྱོད་མཉམ་འཛུགས”བཅས་ཀྱི“དབུལ་སྐྱོར་ཆེན་མོའི”གནས་བབ་བཟོ་བ་དང་། གྲོང་ཁྱེར་དང་། རྫོང་། ཤང་། གྲོང་ཚོ་བཅས་ཀྱི་རིམ་པ་ཚང་མར་དབུལ་སྐྱོར་གསར་སྤེལ་ལས་དོན་གྱི་འགོ་ཁྲིད་ཚོགས་ཆུང་སྒྲིག་འཛུགས་བྱས་པ་དང་། དབུལ་སྒྲོལ་འགག་སྒྲོལ་གྱི་བཀོད་འདོམས་ཁང་150བཙུགས་པ། རིམ་པ་སྟར་ཆགས་ཀྱིས་དབུལ་སྒྲོལ་འགག་སྒྲོལ་དམིགས་ཚད་འགན་འཁྲིའི་འགན་རྒྱ་1200ལྷག་ཙམ་བཞག་ཡོད། གཉིས་ནས་ཞིབ་ཅིང་ཕྲ་བའི་ལས་ཀའི་སྤྱི་ཁོག་བཟོས་པ་སྟེ། 《ཀྲུང་གུང་ཆབ་མདོ་གྲོང་ཨུད་ཀྱི་གཞི་རིམ་ཏང་འཛུགས་སྐྱོང་ལས་དོན་ལ་དེ་བས་ལྷག་པའི་ཤུགས་སྣོན་རྒྱག་རྒྱུའི་བསམ་འཆར》འདོན་སྤེལ་བྱས་ཏེ། དབུལ་སྒྲོལ་འགག་སྒྲོལ་དེ་ཉིད་ཏང་འཛུགས་སྐྱོང་གི་ལས་དོན་གལ་ཆེན་བརྒྱད་ཀྱི་བྱེ་བྲག་ཅིག་ལ་བརྩི་བ་དང་། “ཏང་འཛུགས་སྐྱོང་ལ་དམ་འཛིན་གྱིས་དབུལ་སྒྲོལ་འགག་སྒྲོལ་ལ་སྐུལ་འདེད་བྱེད་པའི་ལས་གཞི”ལག་བསྟར་ཤུགས་ཆེན་བྱས་ཏེ། “རྩ་འཛུགས་ཀྱི་དགེ་མཚན+མི་སྣའི་དགེ་མཚན+གྲོང་ཚོ་རིམ་པའི་མཉམ་སྡེབ་དཔལ་འབྱོར”བཅས་འཁོར་གསུམ་འགུལ་སྐྱོད་ཀྱི་ཏང་འཛུགས་སྐྱོང་གི་དབུལ་སྐྱོར་བྱེད་ཐབས་གསར་པ་ཞིག་བཙལ་རྙེད་ཐུབ་ནས།--ཏང་འཛུགས་སྐྱོང་དང་དབུལ་སྒྲོལ་འགག་སྒྲོལ་ལས་དོན་མཉམ་འདྲེས་གཏིང་ཟབ་བྱུང་ཡོད། གསུམ་ནས་ས་ཁུལ་གྱི་ལྟ་སྐུལ་ལ་དམ་འཛིན་བྱས་པ་སྟེ། ཏང་འཛུགས་སྐྱོང་གི་འབྲེལ་གཏུག་བྱེད་སའི་ལམ་ལུགས་གཏིང་ཟབ་ཏུ་བཏང་བ་དང་། གྲོང་ཁྱེར་དང་། རྫོང་། ཤང་བཅས་ཀྱི་ཏང་སྲིད་འགོ་ཁྲིད་དཔུང་ཁག་གི་ཁོངས་མི་དང་ཏང་འཛུགས་སྐྱོང་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཁོངས་མི་ཡོངས་ཀྱིས་དུས་བཀག་ནང་གཞི་རིམ་ལ་ཟབ་སྐྱོད་ཀྱིས་མཛུབ་ཁྲིད་དང་བརྟག་ཞིབ་བྱས་པ། གྲོང་ཁྱེར་དང་རྫོང་རིམ་པའི་རྩ་འཛུགས་སྡེ་ཚན་གྱི་ཚན་དོན་ཚོགས་པའི་ཁོངས་མིས་གྲོང་ཚོ(སྡེ་ཁུལ)དབུལ་པོའི་ཁྲོད་དུ་ཟབ་འཇུག་བྱས་ཏེ། མཉམ་དུ་ཏང་འཛུགས་སྐྱོང་གིས་དབུལ་སྐྱོར་བྱེད་པའི་ཆེད་དོན་ལྟ་སྐུལ་སྣེ་ཁྲིད་བརྟག་ཞིབ་ཀྱི《ལྟ་བཤེར་གྱི་དངོས་བཀོད་ཟིན་ཐོ》1000ལྷག་ཙམ་བརྒྱབ་ཡོད།
སྲིད་ཇུས་ཀྱི་སྣེ་ཁྲིད་ལ་ཤུགས་སྣོན་བརྒྱབ་ནས་ཐོན་ལས་འཕེལ་རྒྱས་གཏོང་བར་འགན་ལེན་བྱས་པ། ཐོན་ལས་འཕེལ་རྒྱས་གཏོང་རྒྱུ་དེ་དབུལ་པོ་རྣམས་བརྟན་པོའི་ངང་ནས་དབུལ་སྒྲོལ་བྱེད་པའི་འགག་རྩ་དང་འགོ་འཛུགས་སར་བརྩི་རྒྱུ་མཐའ་འཁྱོངས་བྱས་ཏེ། སྲིད་ཇུས་ཀྱི་སྣེ་ཁྲིད་བྱེད་ཤུགས་ཇེ་ཆེར་གཏོང་བ་དང་། ལས་ཞུགས་ཀྱི་གསོ་སྦྱོང་ལ་ཤུགས་སྣོན། ཐོན་ལས་འཕེལ་རྒྱས་གཏོང་བར་སྐུལ་འདེད་བཅས་བྱས་ཡོད། གཅིག་ནས་ཏང་ཡོན་གྱི་ཕྱུག་འགྱུར་སྐར་མེའི་ལས་གཞི་ལག་བསྟར་བྱས་པ་སྟེ། “རང་སྟོབས་ཀྱི་རོགས་སྐྱོར”བྱེད་ཐབས་སྤྱད་དེ་སྐྱེད་མེད་དང་སྐྱེད་གསབ་ཀྱི་མ་དངུལ་རོགས་སྐྱོར་དང་། ཐོན་ལས་རྣམ་གྲངས་ཀྱི་རོགས་སྐྱོར། ཆ་འཕྲིན་ལག་རྩལ་གྱི་རོགས་སྐྱོར་སོགས་བྱས་པ་བརྒྱུད། རྒྱ་ཆེའི་ཏང་ཡོན་གྱིས་སྣེ་འཁྲིད་དེ་ཕྱུག་འགྱུར་དང་། མང་ཚོགས་ཀྱི་སྣེ་འཁྲིད་དེ་མཉམ་དུ་ཕྱུག་འགྱུར་གྱི་ཐོག་ལ་གདོང་ལེན་དང་དཔེ་སྟོན་བྱེད་པར་སྐུལ་སློང་དང་རྒྱབ་སྐྱོར་བྱས་ཏེ།--དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་ཡོང་འབབ་འཕར་སྣོན་དང་ཕྱུག་འགྱུར་ཡོང་བར་མིག་དཔེ་སྟོན་ཡོད།--མིག་སྔར།--གྲོང་ཁྱེར་ཡོངས་ལ་ཏང་ཡོན་ཕྱུག་འགྱུར་སྣེ་ཁྲིད་པ་མི་2452གསོ་སྐྱོང་བྱས་ཡོད།--གྲོང་ཁྱེར་རིམ་པས་ཏང་འཛུགས་སྐྱོང་གི་ཐོག་ལ་སྐྱེད་མེད་རོགས་སྐྱོར་མ་དངུལ་སྒོར་ཁྲི་220བཏང་ནས། མཉམ་སྡེབ་ཀྱི་དཔལ་འབྱོར་རྣམ་གྲངས་4དང་མི་སྒེར་གྱི་དཔལ་འབྱོར་རྣམ་གྲངས་11ལ་རོགས་སྐྱོར་བྱས་པ་དང་། ཏང་དངུལ་གྱི་རོགས་སྐྱོར་རྣམ་གྲངས་7ཐོབ་རྒྱུའི་ཞུ་འབུལ་བྱས་པ། རང་སྐྱོང་ལྗོངས་ཀྱི་རོགས་སྐྱོར་མ་དངུལ་སྒོར་ཁྲི་70ཐོབ་པའི་ཞུ་འབུལ་བཅས་བྱས་ཡོད། གཉིས་ནས་རྒྱུན་ཆད་མེད་པར་དབུལ་སྐྱོར་རྩལ་ནུས་སྦྱོང་བརྡར་ལ་ཤུགས་སྣོན་བརྒྱབ་པ་སྟེ། གྲོང་ཁྱེར་དང་རྫོང་ཆུས་ཏང་གི་སློབ་གྲྭ་དང་། ཤང་གྲོང་གི་མཚན་མོའི་སློབ་གྲྭ་དང་རྒྱང་སྲིངས་སློབ་གསོའི་ས་ཚུགས་བཅས་ཀྱི་དགེ་མཚན་ལ་བརྟེན་ནས། འཛུགས་སྐྲུན་ཨར་རྒྱག་དང་། བཟའ་བཏུང་གི་ཞབས་ཞུ། བདེ་སྲུང་དང་གཙང་སྦྲ། སྒྲིག་ཆས་ཀྱི་ཉམས་བཟོ། རྐོ་འདྲུའི་འཕྲུལ་འཁོར་ཁ་ལོ་བ་སོགས་ཀྱི་ལག་རྩལ་ཁག་20ཡི་ལས་ཞུགས་འགྱུར་བ་བཏང་ཞིང་། ད་དུང་ཤིང་འབྲས་འདེབས་གསོ་དང་། དྲོད་ཁང་སྔོ་ཚལ་འདེབས་འཛུགས། མེ་ཏོག་གི་འདེབས་གསོ། ནས་ཀྱི་འདེབས་ལས་སོགས་རྒྱུན་སྤྱོད་ལག་རྩལ་རིགས་10ལྷག་ཙམ་གསོ་སྦྱོང་བྱས་ཏེ།--མང་ཚོགས་དབུལ་པོ་རྣམས་ལག་རྩལ་སྣེ་གཅིག་མཁས་པར་འགྱུར་བ་རེད། གསུམ་ནས་རྒྱུན་ཆད་མེད་པར་གྲོང་ཚོ་རིམ་པའི་མཉམ་སྡེབ་དཔལ་འབྱོར་སྟོབས་ཆེར་བཏང་བ་སྟེ།--འབད་བརྩོན་ཆེན་པོས“ ཀྲི་པུའུ+མཉམ་ལས” “ཀྲི་པུའུ+མཉམ་ལས+ཞིང་ཁྱིམ”“ཀྲི་པུའུ+རྟེན་གནས+ཞིང་ཁྱིམ”སོགས་ཀྱི་བྱེད་སྒོ་དར་སྤེལ་བཏང་ནས། ཞིང་འབྲོག་ཁུལ་གྱི་མཉམ་སྡེབ་དཔལ་འབྱོར་རྣམ་གྲངས་འཕེལ་རྒྱས་ཤུགས་ཆེན་བཏང་ཡོད།--གྲོང་ཁྱེར་ཡོངས་ཀྱི་གྲོང་ཚོ་རིམ་པའི་མཉམ་སྡེབ་དཔལ་འབྱོར་ནི་2015ལོའི་ཁ་གྲངས་339དེ་ད་ལྟ་536བར་འཕེལ་རྒྱས་བྱུང་ནས་ཕྱོགས་ཡོངས་ནས་དབུལ་སྒྲོལ་འགག་སྒྲོལ་ལ་སྐུལ་འདེད་གཏོང་བར་འགུལ་ཤུགས་སྟོབས་ཆེན་བསྣན་ཡོད།
འགུལ་ཤུགས་ཀྱི་ལམ་སྲོལ་ཤུགས་ཆེར་བཏང་ནས་གསོན་ཤུགས་ཀྱིས་ཁེངས་ཐུབ་པར་འགན་སྲུང་བྱས་པ། རྩ་འཛུགས་ལ་དམ་འཛིན་དང་། དཔུང་ཁག་ལ་ཤུགས་སྣོན། ལམ་ལུགས་འཛུགས་པ་བཅས་མཐའ་འཁྱོངས་བྱས་ནས། རྒྱུན་ཆད་མེད་པར་དབུལ་སྐྱོར་གྱི་ནང་ངོས་འགུལ་ཤུགས་ཇེ་ཆེར་བཏང་ཡོད།--གཅིག་ནས་རྗེས་ལུས་པ་ལེགས་སྒྲིག་གི་ལམ་སྲོལ་འཐུས་ཚང་དུ་བཏང་བ་སྟེ། གྲོང་ཚོ(སྡེ་ཁུལ)ཡི་འགོ་ཁྲིད་ཚན་ཁག་དང་དེའི་གྲུབ་ཆར་དབྱེ་ཞིབ་ཀྱིས་ཆོད་སྡོམས་དང་།--ཆེད་དོན་གཅིག་བསྡུས་ཀྱི་ལེགས་སྒྲིག་སོགས་ཀྱི་ལས་དོན་དང་ཟུང་འབྲེལ་བྱས་ཏེ། འཕེལ་རྒྱས་ཀྱི་འདུ་ཤེས་ཞན་ཅིང་འཕེལ་རྒྱས་ཀྱི་བསམ་ཕྱོགས་ཁ་གསལ་མེད་པའི་དབུལ་པོའི་གྲོང་ཚོ(སྡེ་ཁུལ) གནད་དོན་ཡོད་པའི་གྲོང་ཚོ(སྡེ་ཁུལ)དེ་དག་ལེགས་སྒྲིག་གི་གཙོ་གནད་དུ་བརྩིས་ཏེ།--“གནས་སྦྲེལ་དང་ངོ་འཕྲད”ཀྱི་ཆེད་དོན་ལེགས་སྒྲིག་བྱས་པས། 2017ལོའི་ནང་ནུས་མེད་ཟབ་ཟོབ་ཀྱི་ཏང་རྩ་འཛུགས་121ལ་གཅིག་བསྡུས་ཀྱི་ལེགས་བཅོས་ཐུབ་ཡོད། གཉིས་ནས་མི་བེད་སྤྱོད་ལེགས་པོ་བྱེད་པའི་ཁ་ཕྱོགས་བསྟན་ཡོད་དེ། ལས་བྱེད་པའི་འཇོན་ཐང་དང་གྲོང་ཚོ(སྡེ་ཁུལ)ཡི་དགོས་མཁོར་ཁྱོན་ཡོངས་ནས་བསམ་གཞིག་གིས། དཔལ་འབྱོར་འཕེལ་རྒྱས་གཏོང་བར་བསམ་ཕྱོགས་ཡོད་ཅིང་། རྣམ་གྲངས་སྙོམ་སྒྲིག་བྱེད་པར་ཐབས་ཤེས་ངོ་མ་བྱུང་ཡོད་པ། ཐོན་ལས་འཕེལ་རྒྱས་གཏོང་བའི་ཉམས་མྱོང་བཅས་ཡོད་པའི་ལས་བྱེད་པ་ཧྲགས་བདམས་ཀྱིས་དབུལ་སྒྲོལ་འགག་སྒྲོལ་གྱི་ལས་འགན་ལྕི་བའི་གྲོང་ཚོ(སྡེ་ཁུལ)ཡི་ཏང་ཀྲི་པུའུ་ལ་ཧྲུའུ་ཅི་ཨང་དང་པོ་བྱེད་པར་བཏང་ཡོད། 《ཆབ་མདོ་གྲོང་ཁྱེར་གྱི་གྲོང་ཚོ(སྡེ་ཁུལ)ཡི་ཧྲུའུ་ཅི་ཨང་དང་པོ་བདམས་གཏོང་གི་དཔྱད་དཔོག་བྱེད་ཐབས》འདོན་སྤེལ་བྱས་ནས། ཏང་འཛུགས་སྐྱོང་ལ་དམ་འཛིན་གྱིས་དབུལ་སྒྲོལ་འགག་སྒྲོལ་ལ་སྐུལ་འདེད་གཏོང་རྒྱུ་དེ་ཉིད་ཧྲུའུ་ཅི་ཨང་དང་པོའི་ལོ་མཇུག་གི་དཔྱད་དཔོག་བྱེད་པའི་གལ་ཆེའི་ནང་དོན་ལ་བརྩིས་པ་དང་། དབུལ་སྒྲོལ་གྱི་གྲུབ་འབྲས་ངོ་མར་བརྟེན་ནས་ལས་བྱེད་པའི་གྲུབ་འབྲས་དང་ནུས་ཕྱོད་ལ་ཆོད་བསྡོམས་བྱས་ཡོད། གསུམ་ནས་ལམ་སྲོལ་རྒྱུན་ཆད་མེད་པར་འཐུས་ཚང་དུ་གཏོང་བར་འགན་སྲུང་བྱས་པ་སྟེ། ཏན་ཏིག་ངང་ནས་གྲོང་ཚོ(སྡེ་ཁུལ)ཡི“ལས་གནས་ནས་འཁྱུར་བར་ངེས་པར་དུ་འགན་སྲུང་ཡོད་པའི”སྲིད་ཇུས་བྱེད་ཐབས་དོན་འཁྱོལ་བྱས་ཏེ། གྲོང་ཁྱེར་དང་རྫོང་གི་ནོར་སྲིད་ནས་ལོ་ལྟར་སྒོར་ཁྲི་900གྲོང་ཚོ(སྡེ་ཁུལ)ཡི་ལས་འཁྱུར་ལས་བྱེད་པའི་ཐོག་བཏང་ནས་གྲངས་འབོར་གཏན་འཁེལ་གྱི་འཚོ་བའི་ཁ་གསབ་ལ་སྤྲད་དེ། གྲོང་ཚོ(སྡེ་ཁུལ)ཡི“ཨུད་གཉིས”ནས་ལས་འཁྱུར་ཞུས་རྗེས་ཀྱི་ལས་བྱེད་པ་ཚོའི་དཀའ་ངལ་སེལ་བ་མ་ཟད། གྲོང་ཚོ(སྡེ་ཁུལ)ཡི“ཨུད་གཉིས”ཀྱི་ལས་བྱེད་པས་དབུལ་སྒྲོལ་འགག་སྒྲོལ་གྱི་ལས་དོན་ཁྲོད་དུ་ཞུགས་རྒྱུའི་ཧུར་བརྩོན་རང་བཞིན་དང་གསར་གཏོད་རང་བཞིན་ལ་སྐུལ་སློང་བྱེད་ཐུབ་ཡོད་པ་རེད།
ཟླ་བ་ཚེ་རིང་གིས་བསྒྱུར།