ཟླ་10ཚེས་29ཉིན་གྱི་སྔ་དྲོ། ཀྲུང་གོ་གུང་ཁྲན་ཏང་བོད་རང་སྐྱོང་ལྗོངས་སྐབས་དགུ་པའི་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་ལྷ་སར་འཚོགས་ཤིང་། ཚོགས་འདུའི་ཐོག་ཀྲུང་དབྱང་གི་འབྲེལ་ཡོད་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་འབྲེལ《བོད་རང་སྐྱོང་ལྗོངས་ཀྱི་ལས་ཁུངས་སྒྱུར་བཅོས་སྐོར་གྱི་ལག་བསྟར་བསམ་འཆར》ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་ཡང་བྱུང་བ་རེད།
རང་སྐྱོང་ལྗོངས་ཏང་ཨུད་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེས《〈བོད་རང་སྐྱོང་ལྗོངས་ཀྱི་ལས་ཁུངས་སྒྱུར་བཅོས་ཇུས་གཞི〉པར་འགྲེམས་བྱ་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གི་བརྡ་ཐོའི》དགོངས་དོན་བརྒྱུད་བསྒྲགས་གནང་བ་དང་སྦྲགས་གསུང་བཤད་ཀྱང་གནང་བ། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷས《བོད་རང་སྐྱོང་ལྗོངས་ཀྱི་ལས་ཁུངས་སྒྱུར་བཅོས་ཀྱི་ཇུས་གཞི》དང་《བོད་རང་སྐྱོང་ལྗོངས་ཀྱི་ལས་ཁུངས་སྒྱུར་བཅོས་སྐོར་གྱི་ལག་བསྟར་བསམ་འཆར(གྲོས་བསྡུར་མ་ཟིན)》 སྐོར་གྱི་གསལ་བཤད་གནང་བ། རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཏིང་ཡེ་ཤན་དང་། ཀྲོང་ཡན། ནོར་བུ་དོན་གྲུབ། བསྟན་ཁོ། ཝང་གཡུང་ཅུན། ཙེང་དབན་མིང་། ཅང་ཅེ། སྤེན་པ་བཀྲ་ཤིས། ཧོ་ཝུན་ཧའོ། པད་མ་དབང་འདུས། ལིའུ་ཅང་བཅས་ཚོགས་འདུར་ཕེབས་པ་རེད།
རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཨུ་ཡོན་དང་རྗེས་སྣོན་ཨུ་ཡོན་ཚོགས་འདུར་ཕེབས་པ་རེད།
ཟླ་10ཚེས་29ཉིན་གྱི་སྔ་དྲོ། ཀྲུང་གོ་གུང་ཁྲན་ཏང་བོད་རང་སྐྱོང་ལྗོངས་སྐབས་དགུ་པའི་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་ལྷ་སར་འཚོགས་ཤིང་། འདི་ནི་ཝུའུ་དབྱིང་ཅེས་ཚོགས་ཆེན་ཐོག་གསུང་བཤད་གནང་བཞིན་པ།
ཚོགས་འདུའི་ཐོག་བསྟན་དོན། ཏང་དང་རྒྱལ་ཁབ་ཀྱི་ལས་ཁུངས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུ་ནི་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་དུས་རབས་ཀྱི་འཕེལ་ཕྱོགས་ཆེན་པོ་དང་བསྟུན་གནང་བ་དང་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་ཀྱི་སྤྱི་ཡོངས་ཐོག་ནས་ཐབས་ཇུས་བཀོད་སྒྲིག་གལ་ཆེན་གནང་བ་ཞིག་རེད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། སྤྱི་ཁྱབ་ཧྲུའུ་ཅིས་ཏང་དང་རྒྱལ་ཁབ་ཀྱི་ལས་ཁུངས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུའི་སྐོར་ལ་རྣམ་བཤད་གལ་ཆེན་རབ་དང་རིམ་པ་གནང་ནས་ང་ཚོས་ལས་ཁུངས་སྒྱུར་བཅོས་ལས་དོན་ལེགས་པར་བསྒྲུབ་རྒྱུར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་གནང་ཡོད་ལ་རྩ་བའི་གཞི་འཛིན་སའང་མཁོ་འདོན་གནང་ཡོད། དེས་ན། ལྗོངས་ཡོངས་ཀྱི་རིམ་ཁག་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་བྱེད་པ་དང་། ཏང་དང་རྒྱལ་ཁབ་ཀྱི་ལས་ཁུངས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་བློ་རྩེ་གཅིག་སྒྲིམ་ངང་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་པ། རང་རྟོགས་ངང་ལས་ཁུངས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུ་དེ་ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་། སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པ། དེ་བཞིན་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པ་བཅས་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱ་རྒྱུ་དང་ཟུང་འབྲེལ་བྱེད་པ། སྤྱི་ཁྱབ་ཧྲུའུ་ཅིའི་མཐའ་སྐྱོང་བོད་བརྟན་སྐོར་གྱི་རྣམ་བཤད་གལ་ཆེན་དང་། མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་བརྒྱབ་ནས་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱེད་དགོས་པའི་སྐོར་གྱི་མཛུབ་སྟོན་གལ་ཆེན། དེ་བཞིན་ལྷུན་རྩེ་རྫོང་ཡུལ་སྨད་ཤང་གི་མང་ཚོགས་ལ་སྤྲིངས་པའི་འཕྲིན་ལན་དང་བོད་ལྗོངས་མི་རིགས་སློབ་ཆེན་བཙུགས་ནས་ལོ་60འཁོར་བར་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་བཅས་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱ་རྒྱུ་དང་ཟུང་འབྲེལ་བྱེད་པ། ལས་ཁུངས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གཏིང་ཟབ་བྱེད་པ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྲོག་ཤིང་གི་གནས་བབ་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ་དང་ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པའི་ཆབ་སྲིད་ཀྱི་མཐོ་ཚད་ཐོག་ནས་ལས་ཁུངས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུ་དེ“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང“གདེང་ཚོད་བཞི”བརྟན་དུ་གཏོང་བའི་དངོས་ཡོད་ཀྱི་ཞིབ་དཔྱད་ལ་བརྩི་བ། སྲོག་ཤིང་ལ་གོང་བཀུར་དང་། ཡིད་ཆེས། ལྷག་བསམ་རྣམ་དག སྲུང་སྐྱོང་བཅས་བྱེད་པའི་དོན་དངོས་ཀྱི་བྱ་སྤྱོད་ལ་བརྩི་བ། ཀྲུང་དབྱང་གི་བཀོད་པ་ལུང་དུ་འགྲོ་རྒྱུ་འགན་ལེན་བྱེད་པའི་ཞིབ་ཕྲའི་མཚོན་ཚུལ་ལ་བརྩི་བ། ཚད་གཞི་མཐོ་བ་དང་། སྤུས་ཚད་མཐོ་བ། ལས་ཕྱོད་ཆེ་བ་བཅས་ཀྱི་སྒོ་ནས་ལག་བསྟར་ལ་སྐུལ་འདེད་གཏོང་བ། དུས་བཀག་བཞིན་ལས་ཁུངས་སྒྱུར་བཅོས་ཀྱི་ལས་འགན་ལེགས་སྒྲུབ་བདེ་བླག་ཡོང་བའི་འགན་ལེན་བཅས་བྱས་ནས་དུས་རབས་གསར་པའི་རང་ལྗོངས་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་བ་དང་། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་སྐྲུན་པ་བཅས་ཀྱི་ཆེད་དུ་ལམ་ལུགས་ཀྱི་འགན་ལེན་བརྟན་པོ་བྱེད་དགོས།
ཚོགས་འདུའི་ཐོག་ནན་བཤད་བྱས་དོན། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས《བོད་རང་སྐྱོང་ལྗོངས་ཀྱི་ལས་ཁུངས་སྒྱུར་བཅོས་ཇུས་གཞིར》ཆོག་མཆན་གནང་བ་དེ་ཐོག་ནས། རང་ལྗོངས་ཀྱི་ལས་ཁུངས་སྒྱུར་བཅོས་བྱ་རྒྱུ་དེ་ཇུས་གཞི་བཟོ་བའི་དུས་མཚམས་ནས་སྒྲིག་འཛུགས་ལག་བསྟར་བྱེད་པའི་དུས་མཚམས་སུ་སླེབས་པ་མཚོན་གྱི་ཡོད།
སྒྱུར་བཅོས་ཀྱི་ཇུས་གཞི་འདི་ནི་ལྗོངས་ཡོངས་ཀྱིས་ཏང་སྲིད་དང་མང་ཚོགས་ཚོགས་པའི་ལས་ཁུངས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བའི་སྤྱིའི་གཞི་འཛིན་ས་དང་སྤྱིའི་བརྩི་སྲུང་ཞུ་ས་ཞིག་ཡིན་ལ། རང་སྐྱོང་ལྗོངས་རིམ་པའི་ལས་ཁུངས་སྒྱུར་བཅོས་བྱེད་པའི་ལམ་མཚོན་དཔེ་རིས་ལྟ་བུ་དང་ལས་འགན་ཡི་གེའང་རེད། དེས་ན། ལྗོངས་ཡོངས་ཀྱི་རིམ་ཁག་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་བསམ་བློ་དང་། ཆབ་སྲིད། བྱ་སྤྱོད་བཅས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་བ་བྱས་ཏེ་ལྗོངས་ཏང་ཨུད་ཀྱི་གཅིག་གྱུར་འགོ་ཁྲིད་འོག་རིགས་དབྱེའི་མཛུབ་ཁྲིད་མཐའ་འཁྱོངས་དང་སྒྲིག་འཛུགས་ལག་བསྟར་ཞིབ་ཚགས་བྱས་ནས་ཚད་དང་མཐུན་ལ་གོ་རིམ་ལྡན་པ་དང་། གཞོགས་འདེགས་ནུས་ལྡན། མྱུར་ལ་བརྟན་པ་བཅས་ཀྱི་སྐུལ་འདེད་ཀྱི་རྣམ་པ་ཞིག་ཆགས་པར་བྱེད་དགོས་པ་དང་། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་ཐབས་ཇུས་བཀོད་སྒྲིག་རབ་དང་རིམ་པ་ལག་བསྟར་དོན་འཁྱོལ་ལ་ཕན་པའི་སྒྲིག་སྲོལ་དང་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་དགོས། རང་སྐྱོང་ལྗོངས་རིམ་པའི་ཏང་སྲིད་ལས་ཁུངས་སྒྱུར་བཅོས་ལ་གནད་སྨིན་ནུས་ལྡན་ངང་སྐུལ་འདེད་བཏང་སྟེ། འདི་ལོའི་ཟླ་12པའི་ཟླ་མཇུག་གོང་རང་སྐྱོང་ལྗོངས་རིམ་པའི་ལས་ཁུངས་སྒྱུར་བཅོས་ཀྱི་ལས་འགན་ཁག་སྤྱིར་ན་ལེགས་འགྲུབ་ཐུབ་པའི་འགན་ལེན་བྱེད་དགོས། གྲོང་ཁྱེར(ས་ཁུལ)དང་རྫོང(ཆུས)གི་ལས་ཁུངས་སྒྱུར་བཅོས་ལ་ཚད་དང་མཐུན་ལ་གོ་རིམ་ལྡན་པའི་ངང་སྐུལ་འདེད་བཏང་སྟེ་ལོ་ཕྱི་མའི་ཟླ་3པའི་ཟླ་མཇུག་གོང་གྲོང་ཁྱེར(ས་ཁུལ)དང་རྫོང(ཆུས)གི་ལས་ཁུངས་སྒྱུར་བཅོས་ཀྱི་ལས་འགན་སྤྱིར་ན་ལེགས་འགྲུབ་ཐུབ་པའི་འགན་ལེན་བྱེད་དགོས། སྲིད་གཞུང་དང་བྱ་གཞག་ཚན་པ་ལོགས་དབྱེའི་གཙོ་རྐང་འདི་ཁོང་དུ་བརྟན་པོ་ཆུད་པ་བྱས་ཏེ་བྱ་གཞག་ཚན་པའི་སྒྱུར་བཅོས་ལ་གོ་རིམ་ལྡན་པའི་ངང་སྐུལ་འདེད་གཏོང་དགོས། མི་དམངས་འཐུས་ཚོགས་དང་སྲིད་གྲོས་ཀྱི་ལས་ཁུངས་སྒྱུར་བཅོས་དང་། མང་ཚོགས་ཚོགས་པའི་རྩ་འཛུགས་སྒྱུར་བཅོས། ཕྱོགས་བསྡུས་སྲིད་འཛིན་ཁྲིམས་འཛིན་སྒྱུར་བཅོས་སོགས་ཀྱི་སྒྱུར་བཅོས་གཞན་དག་ཁག་ལ་སྤྱི་འདོམས་སྐུལ་འདེད་གཏོང་དགོས། ལས་ཁུངས་ཀྱི་སྒྲིག་ཁོངས་དོ་དམ་ལ་བཙན་ལ་ནན་པའི་གཅུན་འདོམས་བྱ་ཤུགས་ཆེ་རུ་བཏང་ནས“གཏན་འཁེལ་གསུམ”གཏན་འབེབས་ཀྱི་སྒམ་ནན་རང་བཞིན་དང་དབང་གྲགས་རང་བཞིན་ཆེ་རུ་གཏོང་དགོས།
ཚོགས་འདུའི་ཐོག་ནན་བཤད་བྱས་དོན། ད་ཐེངས་ཀྱི་ལས་ཁུངས་སྒྱུར་བཅོས་བྱེད་ཤུགས་ཆེ་བ་དང་། ཤུགས་རྐྱེན་ཆེ་བ། ལས་འགན་ལྕི་བ་བཅས་ནི་བརྒྱུད་རིམ་རང་བཞིན་དང་། སྤྱི་ཡོངས་རང་བཞིན། བསྐྱར་སྒྲིག་རང་བཞིན་ལྡན་པའི་གསར་སྒྱུར་ཞིག་རེད། ལྗོངས་ཡོངས་ཀྱི་རིམ་ཁག་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་ཚོས་ངེས་པར་དུ་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་སྤྱི་ཡོངས་ཀྱི་མཐོ་ཚད་ཐོག་ནས་ཏང་སྲིད་ལས་ཁུངས་སྒྱུར་བཅོས་ཀྱི་གལ་ཆེའི་རང་བཞིན་དང་དགོས་གཏུགས་རང་བཞིན་ལ་ངོས་འཛིན་གཏིང་ཟབ་ཐུབ་པ་བྱས་ཏེ། ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་ཆབ་སྲིད་ཀྱི་སྒྲིག་ལམ་ནན་པོ། ཆབ་སྲིད་ཀྱི་ལངས་ཕྱོགས་དང་། ཆབ་སྲིད་ཀྱི་ཁ་ཕྱོགས། ཆབ་སྲིད་ཀྱི་རྩ་དོན། ཆབ་སྲིད་ཀྱི་འགྲོ་ལམ་བཅས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་དང་མཐའ་གཅིག་ཏུ་ཚད་མཐོའི་གཅིག་གྱུར་ཡོང་བ་བྱེད་པ་དང་། རང་རྟོགས་ངང་བསམ་བློ་དང་བྱ་སྤྱོད་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་ཡོང་བ་བྱེད་པ། ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་བླང་བྱ་སྣེ་ཁྲིད་དེ་ལག་བསྟར་དོན་འཁྱོལ་བཅས་བྱེད་དགོས། ཏང་གཤིས་ཀྱི་རྩ་དོན་དང་སྤྱི་ཡོངས་ཀྱི་འདུ་ཤེས་མཐའ་འཁྱོངས་བྱས་ནས་ས་གནས་དང་སྡེ་ཚན་གྱི་ཁེ་ཕན་ཐད་ཀྱི་དཀའ་གནད་ཁྱད་བསད་མཐའ་གཅིག་ཏུ་བྱས་ཏེ་སྒྱུར་བཅོས་ལ་སྐུལ་འདེད་གཏོང་མཁན་ཞིག་བྱེད་དགོས། སྣེ་ཁྲིད་དེ་ཆབ་སྲིད་ལ་སྣང་ཆེན་དང་། སྤྱི་ཡོངས་ལ་ལྟ་རྟོག སྒྲིག་ཁྲིམས་ནན་སྲུང་། སྒྱུར་བཅོས་ལ་སྐུལ་འདེད། འགན་འཁྲི་གཙང་སྒྲུབ་བཅས་བྱས་ནས་སྤྱི་ཁྱབ་ཧྲུའུ་ཅི་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གི་དབང་གྲགས་རང་བཞིན་དང་སྒམ་ནན་རང་བཞིན་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་དགོས། ཆབ་སྲིད་ཀྱི་སྒྲིག་ལམ་ནན་པོ་བསྲུངས་ནས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དང་དེའི་ལག་བསྟར་ཞིབ་སྲོལ་གྱི་དགོངས་དོན་ལག་བསྟར་ནན་པོ་བྱས་ཏེ་སྒྲིག་སྲོལ་དང་སྒྲིག་ཁྲིམས་ལས་འགལ་བ་དང་། འགན་འཁྲི་མི་འཁུར་བ། ལས་དོན་ཡག་པོ་མི་སྒྲུབ་པ་བཅས་ཀྱི་བྱེད་སྤྱོད་སྣ་ཚོགས་ལ་ཞིབ་བཤེར་ཐག་གཅོད་ནན་པོ་བྱེད་དགོས། རིམ་ཁག་འགོ་ཁྲིད་ལས་བྱེད་པས་ཏང་དང་མི་དམངས་ཀྱི་བྱ་གཞག་གལ་ཆེར་འཛིན་པ་དང་། གོ་གནས་བརྗེ་སྒྱུར་དང་། ལས་གནས་ལེགས་སྒྲིག བསྐོ་འཐེན་འཇོག་སྒྱུར་བཅས་ལ་ལྟ་སྟངས་ཡང་དག་འཛིན་ནས་མུ་མཐུད་འགན་འཁྲི་གཙང་ཁུར་དང་ལས་འགན་གཙང་སྒྲུབ་བྱེད་དགོས། འབྲེལ་ཡོད་སྡེ་ཚན་ཁག་གིས་བསམ་བློ་ཆབ་སྲིད་ཀྱི་ལས་དོན་དེ་སྒྱུར་བཅོས་ཀྱི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་བྱས་ནས་བསམ་བློ་མི་འཁྲུག་པ་དང་། ལས་དོན་སྤེལ་མཚམས་མི་ཆད་པ། དཔུང་ཁག་མི་ཐོར་བ། ངར་ཤུགས་མི་ཆག་པ་བཅས་ཏན་ཏིག་ཡོང་བ་བྱེད་དགོས།
ཚོགས་འདུའི་ཐོག་བླང་བྱ་བཏོན་དོན། རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་སྒྱུར་བཅོས་ལ་དམ་འཛིན་བྱེད་པའི་བྱ་ཐབས་དོན་འཁྱོལ་བྱ་རྒྱུ་དེ་ཆབ་སྲིད་ཀྱི་འགན་འཁྲི་ཞིག་ལ་བརྩིས་ནས་སྤྱི་འདོམས་བྱེད་ཤུགས་ཆེ་རུ་གཏོང་བ་དང་། སྒྱུར་བཅོས་བྱེད་སྟངས་ཁ་གསལ་བཟོ་བ། ལས་ཀའི་བྱ་ཐབས་ཁོང་དུ་ཆུད་པ། མིའི་ལས་དོན་ཡག་པོ་སྒྲུབ་པ་བཅས་བྱས་ཏེ་ལས་ཁུངས་སྒྱུར་བཅོས་ལ་སྒྲིག་འཛུགས་དང་། གོ་རིམ། སྒྲིག་ཁྲིམས་བཅས་ལྡན་པའི་སྒོ་ནས་སྐུལ་འདེད་ཐུབ་པ་དང་ལས་འགན་ཁག་དུས་ཐོག་དང་སྤུས་ཚད་མཐོ་པོའི་སྒོ་ནས་ལེགས་འགྲུབ་ཐུབ་པའི་འགན་ལེན་བྱེད་དགོས། འགོ་ཁྲིད་ཀྱི་སྒྲིག་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ་དང་། འགན་འཁྲིའི་བྱེད་པོ་ཁ་གསལ་བཟོ་བ། འགན་འཁྲི་དོན་འཁྱོལ་ལ་ཤུགས་སྣོན་རྒྱག་པ། རང་འགན་རང་འཁུར་དང་། རང་འགན་གཙང་སྒྲུབ། མཐུན་སྦྱོར་མཉམ་འགུལ་བཅས་ཀྱི་ལས་ཀའི་ལམ་སྲོལ་གཏོད་པ་བཅས་བྱས་ནས་སྒྱུར་བཅོས་ལ་སྐུལ་འདེད་གཏོང་བའི་མཉམ་ཤུགས་ཤིག་ཆགས་པ་བྱེད་དགོས། ས་ཁུལ་ཁག་དང་སྡེ་ཚན་ཁག་གི་ཏང་ཨུད(ཏང་ཙུའུ)ཀྱིས་འགོ་ཁྲིད་ཀྱི་སྲོག་ཤིང་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་འགན་འཁུར་བློ་མཐུན་གཙོ་བོས་འགན་འཁྲི་བ་ཨང་དང་པོའི་འགན་འཁྲི་ལེགས་པར་བསྒྲུབས་ཏེ་སྒྱུར་བཅོས་ཀྱི“ལས་དཔོན”ཡག་པོ་ཞིག་བྱེད་དགོས། སྒྱུར་བཅོས་ཀྱི་ལམ་མཚོན་དཔེ་རིས་དང་དུས་ཚོད་རེའུ་མིག་ལ་ནུས་ལྡན་དང་གོ་རིམ་ལྡན་པའི་ངང་སྐུལ་འདེད་བཏང་ནས། ཇུས་འགོད་ཞིབ་ཚགས་བྱེད་པ་དང་། འགག་རྩའི་ལྷུ་ཚིགས་ལ་དམ་འཛིན་ཡག་པོ་བྱེད་པ། མི་སྒུག་རང་བརྟེན་གྱིས་རང་འགུལ་བྱ་སྤྱོད་སྤེལ་བ་བཅས་བྱེད་དགོས། གཅིག་གྱུར་འཆར་འགོད་དང་ཕྱོགས་ཡོངས་ལ་ལྟ་རྟོག་བྱ་རྒྱུར་སྣང་ཆེན་བྱས་ནས་ལས་ཁུངས་སྒྱུར་བཅོས་གཏིང་ཟབ་བྱེད་པ་བརྒྱུད་ཕྱོགས་ཁག་གི་ལས་དོན་ལ་འགན་ལེན་དེ་བས་ནུས་ལྡན་བྱེད་དགོས་ལ། ལས་དོན་ཁག་ལེགས་པར་སྒྲུབ་པའི་བརྒྱུད་རིམ་ནང་ལས་ཁུངས་ཀྱི་འགན་འཁྲི་བཀོད་སྒྲིག་ལེགས་སུ་བཏང་སྟེ་སྒྱུར་འཕེལ་བརྟན་གསུམ་ཕན་ཚུན་སྐུལ་འདེད་ཐུབ་པ་བྱེད་དགོས། ལས་ཁུངས་སྒྱུར་བཅོས་ཀྱི་དྲིལ་བསྒྲགས་བྱ་ཤུགས་ཆེ་རུ་བཏང་ནས་སྒྱུར་བཅོས་ལ་སྐུལ་འདེད་གཏོང་བའི་དྲང་ནུས་གཅིག་ཏུ་སྒྲིལ་ཐུབ་པ་བྱེད་དགོས།
ཟླ་10ཚེས་29ཉིན་གྱི་སྔ་དྲོ། ཀྲུང་གོ་གུང་ཁྲན་ཏང་བོད་རང་སྐྱོང་ལྗོངས་སྐབས་དགུ་པའི་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་ལྷ་སར་འཚོགས་ཤིང་། འདི་ནི་ཚོགས་ཆེན་གྱི་ཀྲུའུ་ཞི་སྡིངས་ཆ་ཡིན་པ།
ཚོགས་འདུའི་ཐོག་ང་ཚོས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་སྔར་བས་དམ་ཟབ་བྱེད་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱེད་རྒྱུ་མཐའ་འཁྱོངས་བྱེད་པ། སྤྱི་ཁྱབ་ཧྲུའུ་ཅི་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གཞིར་བཟུང་། ཚད་མཐོའི་ཆབ་སྲིད་ཀྱི་རང་རྟོགས་རང་བཞིན་ལ་བརྟེན་ནས་སྒྱུར་བཅོས་ལ་བརྩི་སྲུང་མཐའ་གཅིག་ཏུ་ཞུ་བ་དང་། ཤུགས་ཆེའི་འགན་འཁྲི་འཁུར་སེམས་ལ་བརྟེན་ནས་རང་འགུལ་ངང་སྒྱུར་བཅོས་ལ་སྐུལ་འདེད་གཏོང་བ། ལོ་རྒྱུས་ཀྱི་འགན་འཁྲི་འཁུར་ཕོད་པའི་འགྱུར་མེད་ཀྱི་བློ་སེམས་ལ་བརྟེན་ནས་སྒྱུར་བཅོས་ནང་ཧུར་ཐག་ཞུགས་པ། བསམ་བློ་དང་བྱ་སྤྱོད་གཅིག་གྱུར་ཡོང་བར་བྱེད་པ། ཏན་ཏན་ཏིག་ཏིག་གི་སྒོ་ནས་ལས་དོན་ཁག་ལེགས་པར་སྒྲུབ་པ། རང་ལྗོངས་ཀྱི་ལས་ཁུངས་སྒྱུར་བཅོས་ཀྱི་ལས་འགན་ཁག་ལེགས་སྒྲུབ་མཐའ་གཅིག་ཏུ་བྱེད་པ་བཅས་བྱས་ཏེ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་པ་དང་། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་སྐྲུན་མགྱོགས་སུ་གཏོང་བ། ཀྲུང་གོའི་ཕུགས་འདུན་གྱི་བོད་ཀྱི་ལེའུ་ཡག་པོ་རྩོམ་པ་བཅས་ཀྱི་ཆེད་དུ་འབད་འཐབ་ཧུར་ཐག་བྱེད་དགོས་པའི་འབོད་སྐུལ་བྱས་པ་རེད།
ཚོགས་འདུའི་ཐོག་བསྟན་འཛིན་སྒྲོལ་མ་དང་། ཚེ་རིང་དབང་འདུས། ཏུའུ་ཧུང་ཡན་བཅས་བློ་མཐུན་གསུམ་གྱི་ཀྲུང་གོ་གུང་ཁྲན་ཏང་བོད་རང་སྐྱོང་ལྗོངས་ཀྱི་སྐབས་དགུ་པའི་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་གྱི་གོ་གནས་དགོངས་ཞུར་ཆོག་མཆན་སྤྲད་པ་དང་། ཀྲུང་གོ་གུང་ཁྲན་ཏང་བོད་རང་སྐྱོང་ལྗོངས་ཀྱི་སྐབས་དགུ་པའི་ཨུ་ཡོན་ལྷན་ཁང་གི་རྗེས་སྣོན་ཨུ་ཡོན་པད་མ་དབྱངས་ཅན(གཞིས་རྩེ)དང་། པད་མ་དབྱངས་ཅན(ལྷོ་ཁ) པད་མ་བདེ་སྐྱིད། གཡང་སྐྱིད་བཅས་བློ་མཐུན་བཞི་ཀྲུང་གོ་གུང་ཁྲན་ཏང་བོད་རང་སྐྱོང་ལྗོངས་ཀྱི་སྐབས་དགུ་པའི་ཨུ་ལྷན་གྱི་ཨུ་ཡོན་ལ་གསབ་སྣོན་བྱ་རྒྱུའི་གཏན་འབེབས་བྱས་པ་རེད།
ལྗོངས་ཏང་ཨུད་ཀྱི་ཨུ་ཡོན་དང་རྗེས་སྣོན་ཨུ་ཡོན་མིན་པའི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་དགུ་པའི་རང་ལྗོངས་ཀྱི་འཐུས་མི་དང་། སྐབས་དགུ་པའི་ལྗོངས་སྒྲིག་ཨུད་ཀྱི་ཨུ་ཡོན། ལྗོངས་ལྟ་ཞིབ་ཨུ་ལྷན་གྱི་ཨུ་ཡོན། རང་སྐྱོང་ལྗོངས་ཀྱི་ཏང་ཡོན་ཡིན་པའི་ཞིང་ཆེན་རིམ་པའི་འགོ་ཁྲིད་བློ་མཐུན་དང་། གྲོང་ཨུད(ས་ཁུལ)ཨུ་ཡོན་ལྷན་ཁང་ཁག་གི་ཧྲུའུ་ཅི་དང་ཧྲི་ཀྲང(ཀྲོན་ཡོན) ལྗོངས(ཀྲུང་དབྱང)ཐད་གཏོགས་སྡེ་ཚན་དང་ཚན་པའི་ཏང་སྲིད་འགན་འཁུར་བློ་མཐུན་གཙོ་བོ། ལྗོངས་མི་དམངས་འཐུས་ཚོགས་དང་སྲིད་གྲོས་ཀྱི་ཆེད་དོན་ཨུ་ཡོན་ལྷན་ཁང་ཁག་དང་ལྗོངས་ཏང་ཨུད་སྐོར་གཟིགས་ཚོགས་ཆུང་དང་སྐོར་གཟིགས་གཞུང་ལས་ཁང་གི་འགན་འཁུར་བློ་མཐུན། རང་སྐྱོང་ལྗོངས་ཏང་སྲིད་ལས་ཁུངས་སྒྱུར་བཅོས་ཟབ་གཏོང་ལས་དོན་འགོ་ཁྲིད་ཚོགས་ཆུང་དང་དེའི་གཞུང་ལས་ཁང་གི་གྲུབ་བྱའི་མི་སྣ་དང་། ཆེད་དོན་ཚོགས་ཆུང་ཁག་གི་ཙུའུ་ཀྲང་དང་ཙུའུ་ཀྲང་གཞོན་པ། བོད་དམག་ཁུལ་ཁང་ཆབ་སྲིད་ལས་དོན་པུའུ་དང་། དྲག་ཆས་ཉེན་རྟོག་བོད་ལྗོངས་སྤྱི་ཁྱབ་རུ་ཁག མཁའ་དམག་ལྷ་ས་རྟེན་གཞིའི་འགན་འཁུར་བློ་མཐུན་བཅས་ཚོགས་འདུར་ཟུར་ཞུགས་གནང་བ་རེད།
རང་སྐྱོང་ལྗོངས་ཏང་སྲིད་ལས་ཁུངས་སྒྱུར་བཅོས་ཟབ་གཏོང་ལས་དོན་འགོ་ཁྲིད་ཚོགས་ཆུང་གཞུང་ལས་ཁང་དང་ཆེད་དོན་ཚོགས་ཆུང་ཁག་གི་ཁོངས་མིའི་ཚན་པའི་ཐིང་རིམ་པ་དང་ཁྲུའུ་རིམ་པའི་ཏང་ཡོན་ལས་བྱེད་པ་ཁག་གཅིག་ཚོགས་འདུར་ཟུར་ཉན་གནང་བ་རེད།
པ་ཚེ་དང་བསྟན་བློས་བསྒྱུར།