ཕྱུགས་ཟོག་ཉེན་མེད་ངང་དགུན་དཔྱིད་སྐྱེལ་ཐུབ་ཆེད། མཛོད་དགེ་རྫོང་གིས་བྱེད་ཐབས་བཟང་བོ་སྤྱད་པ་སྟེ། 2018ལོར། ས་གནས་སུ་རྒུད་སྐྱོབ་གཟན་ཆག་དང་གཟན་རྩྭ་ཏུན་ལྔ་བརྒྱ་ལྷག་ཉོས་པ་དང་། ད་ལོའི་ཟླ་བ་གསུམ་པའི་སྔོན་ལ། ཞང་དང་གྲོང་རྡལ་སོ་སོའི་དུད་ཁྱིམ་ལ་སྤྲད་ཡོད།
ཉེ་བའི་ལོ་ཤས་རིང་། མཛོད་དགེ་རྫོང་གིས་དེང་རབས་རྩྭ་ཐང་ཕྱུགས་ལས་འཕེལ་རྒྱས་ཇེ་མགྱོགས་སུ་བཏང་བ་དང་། ཕྱུགས་རྒྱུད་ལེགས་བཅོས་དང་། རྩྭ་འདེབས་པ། ཕྱུགས་ཟོག་གི་དགུན་སྐྱེལ་དྲོད་ཁང་མང་པོ་བསྐྲུན་ནས། ཕྱུགས་ལས་འཕེལ་རྒྱས་བརྟན་པོ་དང་རྒྱ་ཆེའི་འབྲོག་པའི་ཡོང་འབབ་བརྟན་པོའི་ངང་འཕར་བར་སྐུལ་འདེད་བཏང་བ་རེད། །