ཀླུ་མོ་རཱོ་ལེན་ལཱ།
ཧཱེ་ནེས་བརྩམས། ཁམས་གསེར་ཐིག་གིས་བསྒྱུར། (དཀར་མཛེས།) རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 02-26
བདག་གིས་རྒྱུ་མཚན་གང་ཡིན་མ་ཤེས་ལ།།
འདི་འདྲའི་སྐྱོ་གདུང་དྲག་པོས་མནར་བ་དེ།།
གནའ་བོའི་གཏམ་རྒྱུད་ཅིག་གི་ཡིད་བརྙན་གང་།།
དྲན་འཛིན་ཡུལ་དུ་འཁོར་བས་ཨེ་ཡིན་ལགས།།
བསིལ་བའི་མཁའ་རླུང་མཚན་མོའི་ལྗོངས་ལ་བསུས།།
དྭངས་པའི་མཚོ་མོ་འཇགས་པའི་གནས་སུ་ཕྱིན།།
བརྗིད་ཆགས་རི་ཚོགས་མཐའ་ལ་རབ་ཏུ་བརྒྱན།།
མཛེས་སྡུག་འཚེར་བའི་མཚམས་སྤྲིན་དལ་གྱིས་རྒྱུ།།
ཡིད་འོང་སྙིང་ལ་སྡུག་པའི་གཞོན་ནུ་མས།།
རིན་ཆེན་ནོར་བུའི་རྒྱན་ཆ་མནབས་པ་དང་།།
རབ་དཀར་ཆུ་འཛིན་ཕོ་བྲང་གོང་རོལ་དུ།།
གསེར་གྱིས་བྱུགས་པའི་སྐྲ་ལོ་ཤད་པར་བགྱིས།།
གྲེ་འགྱུར་ངག་གི་སྒྱུ་རྩལ་ཕྲ་མོ་ལས།།
སྙན་པའི་གླུ་སྐད་ཡུན་ནས་ཕྱུང་བ་དེས།།
འདོད་པའི་སྐྱེ་བོ་གང་གི་སེམས་དཀྱིལ་དུ།།
དྲན་པའི་འཁྲུལ་བ་དཀྲུགས་པའི་སྣང་བ་བསྟབས།།
དེ་བཞིན་སྒེག་པའི་བུ་མོར་ཆགས་པ་ཡིས།།
གྲུ་བ་གང་ཡང་མཚོ་ཡི་ནང་ལ་བྱིང་།།
འདི་ནི་རཱོ་ལེན་ལཱ་ཡི་མཛད་པ་སྟེ།།
དབྱངས་སྙན་ཀློང་ནས་གཡོ་སྒྱུའི་བྱ་བ་སྤྱོད།།