ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་ བའི་ཏང་ཀྲུང་དབྱང་གིས་གྲངས་ཉུང་མི་རིགས་དང་མི་རིགས་ས་ཁུལ་ལ་ཐུགས་ཁུར་གནང་བའི་གནས་ཚུལ་དངོས་བཀོད་པ།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 09-30


    ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གིས་རྒྱལ་སྤྱིའི་འཕོ་འགྱུར་མཁྱེན་རྟོགས་ཟབ་མོ་དང་།ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་ཀྱིས་མི་རིགས་ལས་དོན་ཐད་བཏོན་པའི་དུས་རབས་ཀྱི་བརྗོད་བྱར་ཞིབ་འཇུག་ཟབ་མོ།དུས་བབ་གསར་པའི་འོག་གྲངས་ཉུང་མི་རིགས་དང་མི་རིགས་ས་ཁུལ་འཕེལ་རྒྱས་མགྱོགས་པོ་གཏོང་རྒྱུའི་རྩ་བའི་ཇུས་ཆེན་ལ་བསམ་གཞིག་ཟབ་མོ་བཅས་གནང་སྟེ་ཐབས་ཇུས་གལ་ཆེན་རབ་དང་རིམ་པ་གཏན་ལ་ཕབ་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་སྐྱོན་བྲན་ངང་འཕེལ་རྒྱས་འགྲོ་རྒྱུར་སྣེ་ཁྲིད་གནང་བ་རེད།
    སྐབས་གསར་པའི་ཏང་ཀྲུང་དབྱང་གིས་དུས་བབ་གསར་པའི་འོག་གི་མི་རིགས་ལས་དོན་ཡག་པོ་བསྒྲུབ་རྒྱུར་མདུན་སྐྱོད་ཀྱི་ཁ་ཕྱོགས་བསྟན་པ་དང་མི་རིགས་གནད་དོན་ཐག་གཅོད་བྱེད་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་ལམ་བུ་ཡང་དག་གི་དུས་རབས་ཀྱི་གོ་དོན་ཕུན་སུམ་ཚོགས་སུ་བཏང་བ།
    མི་རིགས་ཁག་གི་མི་དམངས་ཀྱིས་ང་ཚོའི་རླབས་ཆེ་ལ་གཅིག་གྱུར་གྱི་མི་རིགས་མང་བའི་རྒྱལ་ཁབ་ཐུན་མོང་ཐོག་བཏོད་པ་དང་མི་རིགས་56གི་མདུན་ལམ་དང་ལས་སྐལ་དེ་མེས་རྒྱལ་གྱི་མདུན་ལམ་དང་ལས་སྐལ་དང་གཅིག་ཏུ་སྦྲེལ་ཡོད།
    ཀྲུང་གོ་གསར་པ་དབུ་བརྙེས་ཚུན་དང་ལྷག་པར་དུ་སྒྱུར་བཅོས་སྒོ་དབྱེ་བྱས་ཚུན་ནི་གྲངས་ཉུང་མི་རིགས་དང་མི་རིགས་ས་ཁུལ་དུ་དཔལ་འབྱོར་འཛུགས་སྐྲུན་དང་།ཆབ་སྲིད་འཛུགས་སྐྱོང་།རིག་གནས་འཛུགས་སྤེལ།སྤྱི་ཚོགས་འཛུགས་སྐྲུན།སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་སོགས་འཕེལ་རྒྱས་འགྲོ་མགྱོགས་ཤོས་ཀྱི་དུས་སྐབས་ཤིག་རེད།འཆམ་མཐུན་མཉམ་གནས་དང་།ཕྱར་བ་གྲུ་འདེགས།མཐུན་སྦྱོར་འཕེལ་རྒྱས་བཅས་རང་རྒྱལ་གྱི་མི་རིགས་འབྲེལ་བའི་ནང་མངོན་གསལ་དོད་པའི་བརྗོད་བྱ་གཙོ་བོ་ཞིག་ཏུ་གྱུར་ཡོད།
    ཉེ་བའི་ལོ་ཤས་རིང་མི་རིགས་ལས་དོན་གྱི་རྒྱལ་སྤྱི་རྒྱལ་ནང་གི་ཁོར་ཡུག་རྙོག་འཛིང་ཇེ་ཆེར་སོང་ཞིང་།རྒྱལ་ནང་དུ་བཟོ་ལས་ཅན་དང་།གྲོང་ཁྱེར་གྲོང་རྡལ་ཅན།ཆ་འཕྲིན་ཅན།ཞིང་ལས་དེང་རབས་ཅན་བཅས་ལ་སྐུལ་འདེད་མགྱོགས་པོ་བཏང་ཡོད།མི་རིགས་དབར་ཕན་ཚུན་འགྲོ་འོང་དང་ཕན་ཚུན་སྤེལ་རེས་མང་དུ་དང་གཏིང་ཟབ་ཏུ་སོང་བ་དང་ཆབས་ཅིག་མི་རིགས་ཁྱབ་ཚུལ་དང་ཁྱབ་སྟངས་ལའང་འགྱུར་ལྡོག་ཆེན་པོ་བྱུང་བ་དང་།འཛམ་གླིང་ལ་རྒྱང་ལྟ་བྱེད་སྐབས་འཇིགས་སྐུལ་རིང་ལུགས་དང་།ཁ་ཕྲལ་རིང་ལུགས།ཐལ་སྐྱོད་རིང་ལུགས་བཅས་བསྐྱར་དུ་ཐོན་ཞིང་།མི་རིགས་ཀྱི་གནད་དོན་དེ་ཞི་བདེ་དང་འཕེལ་རྒྱས་ལ་ཤུགས་རྐྱེན་ཐེབས་པའི་འགག་རྩའི་གནད་དོན་ཞིག་ཏུ་གྱུར་ཡོད་པ་རེད།
    བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གིས་མི་རིགས་ལས་དོན་ལ་མཐོང་ཆེན་པོ་གནང་ཞིང་།འཛམ་གླིང་ཡང་རྩེ་ནས་ས་སེར་མཐོ་སྒང་བར་དང་།ལྷོ་ནུབ་རི་གྲོང་ནས་ཐེན་ཧྲན་རི་བོའི་ལྷོ་བྱང་བར།མེས་རྒྱལ་བྱང་རྒྱུད་ཀྱི་མཐའ་མཚམས་ནས་ལྷོ་མཚོའི་བེ་ཏའི་ཤིང་ནགས་བར་བཅས་ལ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་ཚོས་མི་རིགས་ཀྱི་ཞིང་ཆེན་དང་རང་སྐྱོང་ལྗོངས་8དང་དེ་བཞིན་ཞིང་ཆེན་ཁག་གཅིག་གི་གྲངས་ཉུང་མི་རིགས་རང་སྐྱོང་རྫོང་དུ་ཕེབས་ནས་གྲངས་ཉུང་མི་རིགས་དང་མི་རིགས་ས་ཁུལ་གྱི་འཕེལ་རྒྱས་ཐད་བརྟག་ཞིབ་གཏིང་ཟབ་གནང་བ་དང་།ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཚོགས་འདུ་ཐེངས་གཉིས་དང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུའི་ཚོགས་འདུ་ཐེངས་ལྔ་འཚོགས་ནས་མི་རིགས་ལས་དོན་ལ་ཞིབ་འཇུག་གཏིང་ཟབ་གནང་བ།རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་ཚོགས་འདུ་ཐེངས་བཞི་འཚོགས་ནས་མི་རིགས་ས་ཁུལ་འཕེལ་རྒྱས་མགྱོགས་པོ་གཏོང་རྒྱུའི་ལས་དོན་བཀོད་སྒྲིག་ཞིབ་ཕྲ་གནང་བ།རྒྱལ་ཡོངས་ཀྱི་ཁ་གཏད་ཤིན་སྐྱོར་ལས་དོན་ཚོགས་འདུ་ཐེངས་བཞི་པ་དང་།ཀྲུང་དབྱང་གི་ཤིན་ཅང་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ།ཁ་གཏད་བོད་སྐྱོར་ལས་དོན་སྤེལ་ནས་ལོ་ཉི་ཤུ་འཁོར་བའི་བརྙན་འཕྲིན་ཁ་པར་ཚོགས་འདུ་བཅས་འཚོགས་པ།ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་ཚོས་མི་རིགས་ཁག་གིས་ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ་དང་ཐུན་མོང་ཐོག་དར་རྒྱས་གོང་འཕེལ་ཡོང་བ་བྱེད་དགོས་པའི་གནད་དོན་གལ་ཆེན་ཐད་མཆན་འགོད་མཛུབ་སྟོན་དང་བཀའ་སློབ་ཐེངས་བརྒྱ་ལ་ཉེ་བ་སོགས་གནང་ཡོད།
    རྟོག་ཞིབ་གཏིང་ཟབ་གནང་བ་དང་ཚན་རིག་དང་མཐུན་པའི་སྒོ་ནས་དབྱེ་ཞིབ་ཚོད་དཔག་གནང་བའི་རྨང་གཞིའི་ཐོག“ཀྲུང་གོ་རྟགས་ཅན”གྱི་གྲུ་ཆེན་སྣེ་འདྲེན་པས་མིག་སྔའི་མི་རིགས་ལས་དོན་ཁྲོད་འཕྲད་པའི་གནད་དོན་གལ་ཆེན་རབ་དང་རིམ་པར་ལན་གསལ་པོ་བཏབ་ཡོད།
    འདི་ལོའི་ཟླ་བ་གསུམ་པར་རྒྱལ་ཡོངས་སྲིད་གྲོས་ཀྱི་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་གཉིས་པའི་གྲངས་ཉུང་མི་རིགས་ཨུ་ཡོན་གྱི་མཉམ་འབྲེལ་ཚོགས་ཆུང་གི་ཚོགས་འདུའི་ཐོག་ཞིས་ཅིན་ཕིང་གིས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་བུའི་ཐོག་བསྐྱོད་རྒྱུ་མཐའ་འཁྱོངས་བྱ་རྒྱུ་ནི་དུས་བབ་གསར་པའི་འོག་མི་རིགས་ཀྱི་ལས་དོན་ལེགས་པར་སྒྲུབ་སྐབས་ངེས་པར་དུ་ཁོང་དུ་བརྟན་པོ་ཆུད་པར་བྱེད་དགོས་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་ཡང་དག་ཅིག་ཡིན།
    ཏང་གི་མི་རིགས་སྲིད་ཇུས་ཁྱོན་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་དགོས་པ་དང་།མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་རྒྱུན་འཁྱོངས་བྱེད་པ་དང་འཐུས་སྒོ་ཚང་དུ་གཏོང་དགོས་པ་མ་ཟད།ད་དུང་མི་རིགས་ཁག་གི་མི་དམངས་ཀྱིས་རླབས་ཆེན་མེས་རྒྱལ་ལ་ངོས་འཛིན་གཅིག་མཐུན་བྱེད་ཤུགས་དང་།ཀྲུང་ཧྭ་མི་རིགས་ལ་ངོས་འཛིན་གཅིག་མཐུན་བྱེད་ཤུགས།ཀྲུང་ཧྭའི་རིག་གནས་ལ་ངོས་འཛིན་གཅིག་མཐུན་བྱེད་ཤུགས།ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལ་ངོས་འཛིན་གཅིག་མཐུན་བྱེད་ཤུགས་བཅས་རྒྱུན་ཆད་མེད་པར་ཆེ་རུ་བཏང་ནས་མི་རིགས་མཐུན་སྒྲིལ་དང་།སྤྱི་ཚོགས་བརྟན་ལྷིང་།རྒྱལ་ཁབ་གཅིག་གྱུར་བཅས་ལ་སྔར་བས་སྲུང་སྐྱོང་ཡག་པོ་བྱེད་དགོས་ཞེས་བསྟན་གནང་ཡོད།
    མི་རིགས་གནད་དོན་ཐག་གཅོད་བྱེད་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་ལམ་བུ་ཡང་དག་ཐོག་བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་སྐྱོད་དགོས་ཞེས་པ་དེ་ཞིབ་པར་བརྗོད་ན་མི་རིགས་གནད་དོན་སྐོར་གྱི་རྩ་བའི་རིགས་པའི་གཞུང་ལུགས་དང་།རྩ་བའི་སྲིད་ཇུས།རྩ་བའི་བཅའ་ཁྲིམས།རྩ་བའི་ལམ་ལུགས།དེ་བཞིན་ལམ་སྲོལ་སྒྲིག་སྲོལ་བཅས་དར་ཆ་གསལ་སྟོན་གྱི་སྒོ་ནས་མཐའ་འཁྱོངས་དང་འཐུས་སྒོ་ཚང་དུ་གཏོང་དགོས་པ་དེ་ཡིན།ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དར་ཆའི་འོག་ཏུ་མི་རིགས་ཚང་མ་དང་སྤྱི་དམངས་ཚང་མས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་སྒྲུབ་ཕྱིར་འབད་བརྩོན་བྱེད་དགོས་པ་དེ་ཡིན།
    འཕེལ་རྒྱས་མགྱོགས་པོ་གཏོང་རྒྱུ་ནི་མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་འདེད་གཏོང་བའི་ནང་དོན་གལ་ཆེན་ཞིག་རེད།
    ཉེ་བའི་ལོ་ཤས་རིང་མི་རིགས་ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལས་དོན་ལ་སྐྱེ་བོ་ཀུན་གྱིས་དོ་སྣང་བྱེད་པའི་གྲུབ་འབྲས་ཐོབ་ཡོད་ལ་གནད་དོན་དང་དཀའ་ངལ་མངོན་གསལ་དོད་པོ་འགའ་ཞིག་ཀྱང་འཕྲད་ཡོད།དབུལ་སྐྱོར་བྱ་ཡུལ་དང་མ་མཐའི་འཚོ་བ་འགན་ལེན་བྱ་ཡུལ་མང་པོ་ཞིག་མི་རིགས་ས་ཁུལ་དུ་ཡོད།མི་རིགས་ས་ཁུལ་ནི་སྔར་བཞིན་རང་རྒྱལ་འཕེལ་རྒྱས་ཁྲོད་ཀྱི་གཙོ་གནད་དང་།དཀའ་གནད།འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་སྐྲུན་པའི་ནང་གི“ཞན་ཆ”བཅས་ཡིན།
    འདི་ལོའི་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་ཀྱི་ཐོག་ཞིས་ཅིན་ཕིང་གིས“མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་པའི་གནད་དོན་གཙོ་བོ་ནི་ཆ་རྐྱེན་ཧུར་ཐག་གཏོད་པ་དང་གྲངས་ཉུང་མི་རིགས་དང་མི་རིགས་ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་ཐབས་བརྒྱ་ཇུས་སྟོང་གིས་འཕེལ་རྒྱས་མགྱོགས་པོ་བཏང་ནས་མི་རིགས་ཁག་ཐུན་མོང་ཐོག་དར་རྒྱས་གོང་འཕེལ་ཡོང་རྒྱུར་སྐུལ་འདེད་གཏོང་དགོས་པ་དེ་ཡིན”ཞེས་མཛུབ་སྟོན་གལ་ཆེན་གནང་ཡོད།
    “མི་རིགས་ས་ཁུལ་འཕེལ་རྒྱས་མགྱོགས་པོ་གཏོང་བའི་སྲོག་ཤིང་ནི་མི་རིགས་ས་ཁུལ་གྱི་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་སྐྲུན་པའི་གོམ་སྟབས་མགྱོགས་སུ་གཏོང་རྒྱུ་དེ་ཡིན”ཞེས་པའི་2013ལོའི་ཟླ་བ་བཅུ་གཅིག་པར་སྤྱི་ཁྱབ་ཧྲུའུ་ཅིས་ཧུའུ་ནན་ཞིང་ཆེན་ཤང་ཤིས་ཐུའུ་ཅ་རིགས་མེའོ་རིགས་རང་སྐྱོང་ཀྲོའུ་རུ་བརྟག་ཞིབ་གནང་སྐབས་བཏོན་གནང་བའི་ཆོད་གཏམ་གལ་ཆེན་དེས་མི་རིགས་ས་ཁུལ་འཕེལ་རྒྱས་མགྱོགས་པོ་གཏོང་རྒྱུར་ཁ་ཕྱོགས་གསལ་པོར་བསྟན་ཡོད།
    འདི་ལོའི་ཟླ་ལྔ་པར་ཀྲུང་དབྱང་གི་ཤིན་ཅང་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་གཉིས་པ་པེ་ཅིང་དུ་འཚོགས་ཤིང་།སྤྱི་ཁྱབ་ཧྲུའུ་ཅིས་མི་རིགས་མཐུན་སྒྲིལ་གྱི་གལ་ཆེའི་རང་བཞིན་ནན་གསུང་ཡང་ཡང་གནང་བ་སྟེ།
    “མི་རིགས་ཁག་གི་ལས་བྱེད་མང་ཚོགས་ཚང་མས་རང་ཉིད་ཀྱི་མིག་གཉིས་ལ་གཅེས་སྤྲས་བྱེད་པ་ལྟར་མི་རིགས་མཐུན་སྒྲིལ་ལ་གཅེས་སྦྲས་བྱེད་དགོས་ལ་རང་ཉིད་ཀྱི་རིན་བྲལ་ཚེ་སྲོག་ལ་གཅེས་སྤྲས་བྱེད་པ་ལྟར་མི་རིགས་མཐུན་སྒྲིལ་ལ་གཅེས་སྤྲས་ཀྱང་བྱེད་དགོས”
    “མི་རིགས་མཐུན་སྒྲིལ་ནི་མི་རིགས་ཁག་གི་སྲོག་རྩ་ལྟ་བུ་ཡིན།མི་རིགས་ཁག་གིས་ཕན་ཚུན་ཤེས་རྟོགས་དང་།ཕན་ཚུན་བརྩི་འཇོགཕན་ཚུན་བཟོད་སྒོམ།ཕན་ཚུན་མྱོང་རོལ།ཕན་ཚུན་སློབ་སྦྱོང་།ཕན་ཚུན་རོགས་རམ་བཅས་བྱས་ནས་མཐུན་སྒྲིལ་རྡོག་རྩ་གཅིག་ཏུ་སྒྲིལ་དགོས”
   མི་རིགས་ལས་དོན་ཡག་པོ་སྒྲུབ་པའི་འགག་རྩ་ཏང་ལ་ཐུག་ཡོད་ཅིང་མི་ལ་ཐུག་ཡོད།
    འདི་ལོའི་ཟླ་བ་བཞི་པར་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་ཤིན་ཅང་དུ་བརྟག་ཞིབ་གནང་སྐབས་གྲངས་ཉུང་མི་རིགས་ཀྱི་ལས་བྱེད་པ་གསོ་སྐྱོང་བྱ་རྒྱུ་དེ་ལས་བྱེད་དཔུང་ཁག་འཛུགས་སྐྱོང་གི་གལ་ཆེའི་ནང་གི་འགངས་ཆེར་བརྩིས་ནས་དམ་འཛིན་བྱ་རྒྱུ་མཐའ་འཁྱོངས་བྱེད་པ་དང།སྤྱོད་ཡོན་གཉིས་ལྡན་དང་ཀུན་སྤྱོད་གཙོ་བོར་འཛིན་པའི་ཚད་གཞིར་གཞིགས་པ།བློ་བརྟན་འགྱུར་མེད་ངང་མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་བྱ་རྒྱུ་མཐའ་འཁྱོངས་བྱེད་པ་བཅས་བྱས་ནས་ཡིན་མིན་ཆེན་པོའི་གནད་དོན་ཐད་ལངས་ཕྱོགས་བརྟན་པོ་དང་།རིག་པ་དྭངས་གསལ།བློ་བརྟན་འགྱུར་མེད་བཅས་ཀྱི་ཕུལ་བྱུང་གྲངས་ཉུང་མི་རིགས་ཀྱི་ལས་བྱེད་པ་རིམ་ཁག་འགོ་ཁྲིད་ཀྱི་ལས་གནས་ཐོག་འདེམས་སྒྲུག་གནས་སྤོར་བྱེད་དགོས་ཞེས་ནན་བཤད་གནང་ཡོད།
    བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གིས་གཞི་རིམ་དུ་ལས་དོན་ལ་རྟོག་ཞིབ་དང་།བརྟག་ཞིབ།མཛུབ་ཁྲིད་བཅས་གནང་བར་ཕེབས་ནས་གྲངས་ཉུང་མི་རིགས་དང་མི་རིགས་ས་ཁུལ་གྱི་ལས་བྱེད་མང་ཚོགས་ཚོར་མཐུན་སྒྲིལ་ཡར་ཐོན་ཡོང་བ་བྱེད་དགོས་པ་དང་མཛེས་སྡུག་ལྡན་པའི་འཚོ་བ་ཐུན་མོང་ཐོག་གཏོད་དགོས་པའི་ལྕག་སྐུལ་གནང་བ།
    སྤྱི་ཁྱབ་ཧྲུའུ་ཅིའི་བྱམས་བརྩེའི་ཐུགས་ཁུར་དང་སྤྲོ་སེམས་འཁོལ་བའི་གསུང་བཤད་ལས་ཚོགས་རར་ཡོད་པའི་མི་རྣམས་ལ་དྲོ་སྐྱིད་ཀྱི་ཚོར་སྣང་ཞིག་བྱུང་ཞིང་།ཧྲི་པ་ཏུང་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་ཀུང་ཧའེ་ཧྭ་ཡིས་སྐབས་དེ་དུས་ཀྱི་གནས་ཚུལ་ད་ལྟ་ཡང་སེམས་སུ་གསལ་པོར་ངེས།“སྤྱི་ཁྱབ་ཧྲུའུ་ཅིས་འཕེལ་རྒྱས་ནི་དབུལ་སྒྲོལ་བྱེད་པའི་ཐབས་ཤེས་ཡག་ཤོས་རེད།དཀའ་ངལ་ཡོད་པའི་ས་ཁུལ་གྱིས་དོན་དངོས་དང་ཡུལ་བབ་དང་བསྟུན་ཏེ་གང་ཞིག་འདེབས་མིན་དང་།གང་ཞིག་གསོ་ཚགས་བྱེད་མིན།གང་ནས་འབབ་འཕར་ཡོང་ཐབས་བྱེད་པ་བཅས་གསལ་པོར་ཤེས་པ་བྱས་ནས་ཡུལ་མི་སྤུན་ཟླ་ཚོར་དབུལ་སྒྲོལ་ཕྱུག་འགྱུར་གྱི་ལམ་བུ་ཡག་པོ་ཞིག་འཚོལ་རོགས་བྱེད་དགོས་ཞེས་གསུངས་སོང”
   ཞིས་ཅིན་ཕིང་གིས་གྲངས་ཉུང་མི་རིགས་ཀྱི་ལས་བྱེད་མང་ཚོགས་ལ་འཕྲད་པའི་ཐོན་སྐྱེད་དང་འཚོ་བའི་དཀའ་ངལ་ལ་སེམས་ཁྲལ་ཆེན་པོ་གནང་ཞིང་།དམངས་ཀྱི་གནས་ཚུལ་དང་དམངས་ཀྱི་འདོད་བློ་མཁྱེན་རྟོགས་གནང་བའི་རྨང་གཞིའི་ཐོག་རིམ་ཁག་ཏང་སྲིད་སྡེ་ཚན་དང་ཏང་ཡོན་ལས་བྱེད་པར་མི་རིགས་ས་ཁུལ་གྱི་སྤྱི་ཚོགས་བྱ་གཞག་འཕེལ་རྒྱས་ཀྱི་ལས་དོན་ཡག་པོ་སྒྲུབ་དགོས་པའི་བླང་བྱ་ཞིབ་ཕྲ་བཏོན་གནང་ཡོད།
    ན་ནིང་ཀན་སུའུ་ཏིང་ཤིས་དང་ལིང་ཞ་སོགས་སུ་བརྟག་ཞིབ་གནང་སྐབས་ཞིས་ཅིན་ཕིང་ཝུའེ་ཡོན་རྫོང་གི་ཀླུ་ཆུ་དྲངས་ནས་འཐུང་ཆུ་མཁོ་འདོན་བྱེད་པའི་ལས་གྲྭའི་ལས་ཡུལ་དངོས་སུ་གཟིགས་ཞིབ་གནང་བར་ཆེད་མངགས་ཕེབས་ཤིང་།ཁོང་གིས་ཚང་མར་དམངས་འཚོ་གཙོ་བོར་འཛིན་པ་དང་འཐུང་ཆུ་གལ་ཆེར་འཛིན་པའི་ཁར་ཚན་རིག་ལ་བརྩི་འཇོག་བྱེད་པ་དང་།ཐབས་ཇུས་ནན་ཏན་ངང་ལག་ལེན་བསྟར་བ།ཨར་ལས་ཞིབ་ཚགས་བྱེད་པ་བཅས་ཀྱི་ཐོག་ནས་ཀན་སུའུ་ཡི་མི་དམངས་མང་ཚོགས་ཁྲི་བརྒྱར་ཕན་པ་འདོགས་པའི་ལས་གྲྭ་དང་དམངས་འཚོའི་ལས་གྲྭ་ཡག་པོ་བསྒྲུབས་ཏེ་མི་སེར་ཚོ་སྔ་ཙམ་དྭངས་གཙང་གི་ཆུ་འཐུང་རྒྱུ་ཡོང་བ་བྱེད་དགོས་ཞེས་བཀའ་མངགས་གནང་ཡོད།
    ཡུན་ནན་ཏུའུ་ལུང་ཅང་ཤང་དེ་ཉིད་མེས་རྒྱལ་གྱི་ཐག་རིང་ཤོས་དང་ཧ་ཅང་ལུང་ཁུག་ཏུ་གནས་པའི་ས་ཁུལ་གྱི་གྲས་ཤིག་ཡིན།འགྲིམ་འགྲུལ་སྟབས་བདེ་མེད་པའི་རྐྱེན་གྱིས་ས་གནས་དེ་ག་འཕེལ་རྒྱས་འགྲོ་རྒྱུར་འགོག་རྐྱེན་ཡུན་རིང་འཕྲད་ཡོད།འདི་ལོའི་གནམ་ལོ་གསར་ཚེས་གོང་ཞིས་ཅིན་ཕིང་གིས་ཏུའུ་ལུང་ཅང་གཞུང་ལམ་གྱི་ཕུག་ལམ་ཏལ་འབིགས་ཐུབ་ལ་ཉེ་བའི་གནས་ཚུལ་མཁྱེན་རྗེས་འཕྲལ་མར་མཆན་འགོད་མཛུབ་སྟོན་གནང་ཞིང་།ཁོང་གིས་ཏུའུ་ལུང་རིགས་ཀྱི་ཡུལ་མི་སྤུན་ཟླ་ཚོས་ས་གནས་ཏང་ཨུད་དང་སྲིད་གཞུང་གི་འགོ་ཁྲིད་དང་སྤྱི་ཚོགས་ལས་རིགས་ཁག་གི་རོགས་རམ་འོག་འབད་འབུངས་ཡར་བརྩོན་གྱི་རྣམ་པའི་ཐོག་ནས་དཀའ་ངལ་སྣ་ཚོགས་ཁྱད་བསད་བྱེད་པ་དང་།རང་བྱུང་ཆོས་ཉིད་ལ་བསྟུན་པ།ཐོན་སྐྱེད་དང་འཚོ་བ་ཚན་རིག་དང་མཐུན་པའི་ངང་སྒྲིག་འཛུགས་དང་བཀོད་སྒྲིག་བྱེད་པ།དབུལ་སྒྲོལ་ཕྱུག་འགྱུར་གྱི་གོམ་སྟབས་མགྱོགས་སུ་གཏོང་བ་བཅས་བྱས་ནས་རྒྱལ་ཡོངས་ཀྱི་སྤུན་ཟླའི་མི་རིགས་ཚོ་དང་ལྷན་དུ་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་བསྐྲུན་རྒྱུའི་ཕུགས་འདུན་བཟང་པོ་སྔ་ཙམ་མངོན་འགྱུར་ཐུབ་རྒྱུའི་རེ་བ་ཡོད་ཅེས་གསུངས་ཡོད།
    མི་རིགས་ས་ཁུལ་གྱི་འཕེལ་རྒྱས་ཀྱི་གནད་དོན་ལ་དམིགས་ནས་ཏང་ཀྲུང་དབྱང་གིས་སེམས་ནུས་ཡོད་རྒུ་རྩལ་སྤྲུགས་བཏོན་ཡོད།
    —— གནད་ལ་འཁེལ་པོས་དབུལ་སྐྱོར་བྱེད་དགོས་པའི་སྐོར་གསུང་སྐབས།ཞིས་ཅིས་ཕིང་གིས་དབུལ་སྐྱོར་མ་དངུལ་གཏོང་ཤུགས་ཆེ་རུ་བཏང་ནས་ཞིང་འབྲོག་ཁུལ་དང་།མཐའ་མཚམས་ས་ཁུལ།དམིགས་བསལ་དཀའ་ངལ་ཡོད་པའི་མི་ཚོགས་བཅས་ལ་གཙོ་གནད་ཐོག་གཟིགས་སྐྱོང་བྱེད་དགོས།གནད་ལ་འཁེལ་བའི་དབུལ་སྐྱོར་ལས་ཀའི་ལམ་སྲོལ་བཙུགས་ནས་དབུལ་སྐྱོར་བྱེད་དགོས་པའི་ཁྱིམ་ཚང་ཚང་མར་དབུལ་སྐྱོར་ངོ་མ་ཐུབ་པ་བྱེད་དགོས་ཞེས་ནན་བཤད་གནང་ཡོད།
    —— ཁ་གཏད་ཤིན་སྐྱོར་སྐོར་གླེང་སྐབས་ཞིས་ཅིན་ཕིང་གིས་ཤིན་ཅང་གི་སྤྱི་ཚོགས་བརྟན་ལྷིང་དང་ཡུན་རིང་བདེ་འཁོད་ལ་ཕན་པ་བསྐྲུན་རྒྱུ་དེ་ཁ་གཏད་ཤིན་སྐྱོར་གྱི་གཞི་རྩའི་དམིགས་ཚད་དུ་བརྩིས་ནས་ཤིན་སྐྱོར་མ་དངུལ་རྣམ་གྲངས་བཀོད་སྒྲིག་བྱེད་སྐབས་གཞི་རིམ་ལ་ཕྱོགས་རྒྱུ་དང་དམངས་འཚོ་འགན་ལེན་དང་ལེགས་སུ་གཏོང་རྒྱུའི་ཐད་ཕྱོགས་རྒྱུར་སྣང་ཆེན་བྱེད་དགོས་ཞེས་མཛུབ་སྟོན་གནང་ཡོད།
    —— “རང་བརྟེན”ནུས་པ་ཆེ་རུ་གཏོང་རྒྱུའི་སྐོར་གླེང་སྐབས་ཞིས་ཅིན་ཕིང་གིས་གཏོང་སྤྲོད་སྤོ་སྒྱུར་དང་ཁ་གཏད་རོགས་སྐྱོར་གྱི་སྒྲིག་སྲོལ་དང་ལམ་སྲོལ་ལེགས་སུ་བཏང་སྟེ་གཅིག་སྡུད་ཡུག་འབྲེལ་གྱི་དམིགས་བསལ་དཀའ་ངལ་ཆེ་བའི་ས་ཁུལ་དང་།འབྲོག་ཁུལ།མཐའ་མཚམས་ས་ཁུལ།མི་འབོར་ཉུང་བའི་གྲངས་ཉུང་མི་རིགས་ས་ཁུལ་བཅས་ཀྱི་འཕེལ་རྒྱས་སོགས་སྲིད་ཇུས་དང་བྱ་ཐབས་ལག་བསྟར་དོན་འཁྱོལ་བྱེད་པ་དང་།རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་བ།གཞི་རྩའི་སྤྱི་པའི་ཞབས་ཞུ་དོ་སྙོམས་ཅན་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས་མི་རིགས་ས་ཁུལ་གྱི་རང་ངོས་འཕེལ་རྒྱས་ཀྱི“རང་བརྟེན”ནུས་པ་ཆེ་རུ་གཏོང་དགོས་པའི་བླང་བྱ་བཏོན་གནང་ཡོད།
    མི་རིགས་ས་ཁུལ་གྱི་དམངས་འཚོའི་བདེ་སྡུག་ཐད་ཏང་ཀྲུང་དབྱང་གིས་དུས་དང་རྣམ་པ་ཀུན་ཏུ་སེམས་ཁུར་ཆེན་པོ་བྱེད་ཀྱི་ཡོད།
    བརྟག་ཞིབ་གནང་རིང་ཞིས་ཅིན་ཕིང་གིས་རྟག་ཏུ་མི་སེར་ཚོར་འབྲུ་རིགས་འདང་མིན་དང་།མ་མཐའི་འཚོ་བ་འགན་ལེན་ཡོད་མེད།ཕྲུ་གུའི་སློབ་གྲྭ་ཐག་རིང་མིན།ཡོང་འབབ་ག་ཚོད་ཡོད་མེད་སོགས་སེམས་ཁུར་ཆེན་པོའི་སྒོ་ནས་འདྲི་རྩད་གནང་བ་དང་།ལན་བློ་ཡིད་ཚིམ་པ་ཞིག་རྒྱག་སྐབས་སྤྱི་ཁྱབ་ཧྲུའུ་ཅི་གཞི་ནས་ཐུགས་བློ་བདེ་པོ་གནང་གི་ཡོད།
    ཞིས་ཅིན་ཕིང་གིས་མི་རིགས་ཁག་གི་མང་ཚོགས་ཀྱི་བདེ་སྡོད་ལས་བརྩོན་ལ་དམ་པོར་དམིགས་ནས་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ལེགས་གཏོང་གི་རྣམ་གྲངས་མང་ཙམ་གཉེར་བ་དང་།དམངས་སེམས་ལ་འབབ་པ་དང་དམངས་འཚོར་ཕན་ཐོགས་པའི་བྱ་བ་དངོས་མང་ཙམ་སྒྲུབ་པ།མི་རིགས་ཁག་གི་མང་ཚོགས་ཚོས་སེམས་ཁྲལ་ཆེན་པོ་བྱེད་པའི་གནད་དོན་མང་ཙམ་ཐག་གཅོད་བྱེད་པ་བཅས་བྱས་ནས་མི་རིགས་ཁག་གི་མང་ཚོགས་ཚོར་ཏང་གི་ཐུགས་ཁུར་དང་མེས་རྒྱལ་ཁྱིམ་ཚང་ཆེན་པོའི་དྲོ་སྐྱིད་ཏན་ཏིག་ཚོར་བ་བྱེད་དགོས་ཞེས་ནན་བཤད་གནང་ཡོད།
    འདི་ལོ་ཤིན་ཅང་དུ་རྟོག་ཞིབ་གནང་སྐབས་སྤྱི་ཁྱབ་ཧྲུའུ་ཅིས་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོར་རྣམ་པ་སྣ་ཚོགས་ཀྱི་མཉམ་འགོག་མཉམ་བཅོས་ཀྱི་བྱེད་སྒོ་གཏིང་ཟབ་སྤེལ་ནས་འཇིགས་སྐུལ་པར་ངོ་རྒོལ་བྱེད་པའི་མི་དམངས་ཀྱི་དམག་འཐབ་ཡག་པོ་ཞིག་རྒྱག་པ་དང་ཟངས་གྱང་ལྕགས་རྩིག་བསྐྲུན་ནས་གཏུམ་སྤྱོད་འཇིགས་སྐུལ་པ“བྱི་བ་རྒྱ་སྲང་དུ་རྒྱུག་ན།ཚང་མས་གསོད་ཟེར་བའི”དཔེ་ལྟར་འགྱུར་བ་བྱས་ནས་ཉུང་ཤས་ལ་རྡུང་རྡེག་བཏང་བ་བརྒྱུད་མང་ཆེ་བར་སློབ་གསོ་བཏང་ནས་མཐུན་སྒྲིལ་ཡོང་བ་བྱེད་དགོས་ཞེས་གསུངས་ཡོད།
    གྲངས་ཉུང་མི་རིགས་ཀྱི་རིག་གནས་སྲུང་སྐྱོབ་དང་འཕེལ་རྒྱས་གཏོང་རྒྱུའི་ཐད་ལ་ཏང་ཀྲུང་དབྱང་གིས་དུས་དང་རྣམ་པ་ཀུན་ཏུ་དོ་ཁུར་ཆེན་པོ་བྱེད་ཀྱི་ཡོད།
    “མི་དམངས་དྲ་བ་དང་ཤིན་ཧྭ་དྲ་བ་ཚང་མར་གྲངས་ཉུང་མི་རིགས་སྐད་ཀྱི་པར་གཞི་ཡོད་དམ”ཞེས་པ་དང་།“རང་སྐྱོང་ལྗོངས་སོ་སོའི་གཞུང་ཕྱོགས་དྲ་ཚིགས་ཚང་མར་གྲངས་ཉུང་མི་རིགས་ཀྱི་ཡི་གེའི་པར་གཞི་ཡོད་དམ”ཞེས་པ་ལ་སོགས་འདི་ལོའི་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་རིང་གྲངས་ཉུང་མི་རིགས་ཀྱི་ཡི་གེའི་འཕྲིན་སྦྲེལ་དྲ་བར་རོགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་རྒྱུའི་སྐོར་གྱི་གྲོས་འགོར་དམིགས་ནས་ཞིས་ཅིན་ཕིང་གིས་གནད་དོན་ཁ་ཤས་བསྟུད་མར་བཏོན་གནང་ཡོད།
    སོག་རིགས་ཀྱི་དགུན་དུས་ནཱ་ཏ་མུའི་བྱེད་སྒོའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་སྲོལ་རྒྱུན་གྱི“ཕྱུགས་འཕེལ་གཡང་འབོད”ཀྱི་མཛད་སྒོར་ཞུགས་ཡོད།
    ན་ནིང་ཟླ་བཅུ་པར་ཀྲུང་དབྱང་མི་རིགས་སློབ་ཆེན་ཞོར་གཏོགས་སློབ་འབྲིང་བཙུགས་ནས་ལོ་100འཁོར་བའི་རྟེན་འབྲེལ་བྱེད་སྒོའི་སྔ་ཉིན་དུ་ཞིས་ཅིན་ཕིང་གིས་སློབ་གྲྭ་དེའི་སློབ་ཕྲུག་ཡོངས་ལ་སྤྲིངས་པའི་ཕྱག་ཡིག་ནང་རང་རྒྱལ་གྱི་མི་རིགས་ཁག་གི་སྣ་མང་ཕུན་སུམ་ཚོགས་པའི་རིག་གནས་ནི་ཀྲུང་ཧྭའི་ཤེས་དཔལ་གྱི་གྲུབ་ཆ་གལ་ཆེན་ཞིག་རེད་ཅེས་མཛུབ་སྟོན་གནང་ཞིང་།ཁོང་གིས་སློབ་གྲྭར་གཟི་བརྗིད་སྲོལ་རྒྱུན་རྒྱུན་འཛིན་བྱེད་པ་དང་།མི་རིགས་ཁག་གི་ཕུལ་བྱུང་རིག་གནས་རྒྱུན་འཛིན་བྱེད་པ།ཀུན་སྤྱོད་ལ་བརྟེན་ནས་མི་སྣ་གསོ་སྐྱོང་བྱེད་པ་དང་སློབ་ཁྲིད་ལ་བརྟེན་ནས་མི་སྣ་གསོ་སྐྱོང་བྱེད་པའི་བླ་ན་མེད་པའི་འགན་འཁྲི་ཡག་པོ་ཁུར་བ་བཅས་བྱས་ཏེ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་གཏོད་ཆེད་ཚད་གཞི་ལོན་པའི་འཛུགས་སྐྲུན་པ་དང་རྒྱུན་འཛིན་པ་ནུས་ཤུགས་ཡོད་རྒུས་གསོ་སྐྱོང་བྱེད་དགོས་ཞེས་བླང་བྱ་བཏོན་གནང་ཡོད།
    མི་རིགས་ས་ཁུལ་གྱི་ལས་བྱེད་པ་དང་མང་ཚོགས་ཚོས་ཏང་ཀྲུང་དབྱང་གིས་གཏན་ལ་ཕབ་པའི་སྲིད་ཇུས་དང་བྱེད་ཕྱོགས་ལྟར་ཡིད་ཆེས་བརྟན་དུ་གཏོང་བ་དང་ལས་དོན་ཏན་ཏིག་བསྒྲུབས་ནས་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་སྐྲུན་པའི་ལམ་བུའི་ཐོག་གོམ་ཞེང་ཆེན་པོས་མདུན་སྐྱོད་བྱེད་དགོས།
    ན་ནིང་སྤྱི་ཁྱབ་ཧྲུའུ་ཅི་ཧྲི་པ་ཏུང་གྲོང་ཚོར་རྟོག་ཞིབ་གནང་བར་ཕེབས་སྐབས་གྲོང་ཚོའི་གཞུང་ལམ་སྟབས་བདེ་མེད་པའི་ས་འདམ་ལམ་ཡིན་པ་དང་གྲོང་མི་ཚོའི་སྡོད་ཁང་སྟབས་བདེའི་ཁང་པ་ཡིན་པ་རེད།ད་ཆ་ས་གནས་དེས་རང་སྟོབས་རང་སྤེལ་བྱས་པའི་འོག་གྲོང་གསེབ་ཀྱི་ཡུལ་སྲོལ་གོམས་འདྲིས་ལྡན་པའི་རྡོ་ལེབ་ལམ་བུ་དུད་ཚང་ཚང་མའི་སྒོ་ཁར་བཟོས་པ་དང་།གྲོང་ཚོས་ཁང་པ་སྒྱུར་བཀོད་དང་།ཐབ་ཚང་སྒྱུར་བཀོད།གསང་སྤྱོད་སྒྱུར་བཀོད།འཁྲུད་ཁང་སྒྱུར་བཀོད།ཕྱུགས་ཚང་སྒྱུར་བཀོད་བཅས“སྒྱུར་བཀོད་ལྔའི”ལས་ཀའི་བྱ་ཐབས་བཟོས་པ་དང་ཆབས་ཅིག་གོ་རིམ་ལྡན་པའི་སྒོ་ནས་ལག་བསྟར་བྱེད་བཞིན་ཡོད།
    ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་དུ་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོས་བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གི་མི་རིགས་ལས་དོན་སྐོར་གྱི་མཛུབ་སྟོན་གལ་ཆེན་དང་མཛུབ་ཁྲིད་དགོངས་པར་གོ་བ་གཏིང་ཟབ་བླངས་ཏེ་ཏང་དང་རྒྱལ་ཁབ་ཀྱི་མི་རིགས་སྲིད་ཇུས་ལག་བསྟར་དོན་འཁྱོལ་ནན་ཏན་བྱེད་པ་དང་ཐབས་བརྒྱ་ཇུས་སྟོང་གིས་འཕེལ་རྒྱས་མགྱོགས་པོ་བཏང་ནས་མི་རིགས་ས་ཁུལ་དུ་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་སྐྲུན་པའི་བརྗིད་ཆགས་ཡིད་དུ་འོང་བའི་རི་མོ་ཞིག་བྲིས་དང་འབྲི་བཞིན་ཡོད།
    དེ་ནི་གསེར་དངུལ་བཙོ་མ་ལྟ་བུའི་འཇོག་ཅིག་ཡིན་ཞིང་།2013ལོར་ཀྲུང་དབྱང་ནོར་སྲིད་ཀྱིས་མི་རིགས་ས་ཁུལ་གྱི་གཏོང་སྤྲོད་སྤོ་སྒྱུར་ལོ་གོང་མའི་དུས་མཚུངས་ལས་10.5%ལས་མང་བ་བཀོད་སྒྲིག་བྱས་པ་དང་།ཀྲུང་དབྱང་ནོར་སྲིད་ཀྱིས་མི་འབོར་ཅུང་ཉུང་བའི་མི་རིགས་ཀྱི་འཕེལ་རྒྱས་ལ་རོགས་སྐྱོར་བྱེད་པའི་ཆེད་དོན་མ་དངུལ་དང་།མཐའ་དར་དམངས་ཕྱུག་གི་བྱེད་སྒོའི་ཆེད་དོན་མ་དངུལ།གྲངས་ཉུང་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་གྲོང་སྡེ་སྲུང་སྐྱོབ་བྱེད་པའི་ཆེད་དོན་མ་དངུལ་2012ལོ་ལས་13.1%དང་།50% 53.8%བཅས་ལས་མང་བ་བཀོད་སྒྲིག་བྱས་ཡོད།
    དེ་ནི་དངོས་འབྲེལ་དྲང་འབྲེལ་གྱི་སྲིད་ཇུས་ཤིག་ཡིན་ཞིང་།ནུབ་རྒྱུད་ཐོན་འབྱེད་ཆེ་མོའི་འཐབ་ཇུས་ལག་བསྟར་བྱེད་པ་དང་།ཁ་གཏད་རོགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ།འབྲོག་ཁུལ་ལེགས་ལ་མྱུར་བའི་སྒོ་ནས་འཕེལ་རྒྱས་གཏོང་བ་སོགས་ཀྱི་ཐད་ལ་གཟིགས་སྐྱོང་སྲིད་ཇུས་ལག་བསྟར་བྱེད་ཤུགས་མུ་མཐུད་ཆེ་རུ་བཏང་ཡོད།ས་ཁུལ་ཁག་དང་སྡེ་ཚན་ཁག་གིས“གསོན་ཤུགས”ཆེ་རུ་བཏང་སྟེ་མི་རིགས་ས་ཁུལ་གྱི་ཁེ་ལས་འབྲིང་ཆུང་འཕེལ་རྒྱས་ལ་རོགས་སྐྱོར་བྱས་པ་བརྒྱུད་མི་རིགས་ས་ཁུལ་གྱི་མ་རྩའི་ཁྲོམ་ར་འཛུགས་སྐྱོང་ལ་སྐུལ་འདེད་བཏང་བ་དང་།ཁྱད་ལྡན་ལེགས་ལྡན་ཐོན་ལས་ཀྱི་རྒྱ་སྟོབས་ཆེ་རུ་བཏང་བ།གཅིག་སྡུད་ཡུག་འབྲེལ་གྱི་དམིགས་བསལ་དཀའ་ངལ་ཡོད་པའི་ས་ཁུལ་གྱི་དབུལ་སྐྱོར་འགག་སྒྲོལ་སོགས་ཀྱི་བྱེད་ཐབས་ལག་བསྟར་བྱས་པ།མི་རིགས་ས་ཁུལ་དུ་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་སྐྲུན་པའི་མྱུར་ལམ་ཐོག་བསྐྱོད་རྒྱུར་སྐུལ་འདེད་བཏང་བ་བཅས་རེད།
    དེ་དག་ཚང་མ་ནི་ཀྲུང་དབྱང་ནོར་སྲིད་ཀྱི་ཤུགས་ཆེའི་རྒྱབ་སྐྱོར་ལས་བྱུང་བ་ཞིག་ཡིན་པ་དང་།མི་རིགས་ས་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་མངོན་གསལ་དོད་པོས་ལེགས་སུ་ཕྱིན་པ་དང་།ཀོང་ཤིས་མྱུར་བགྲོད་ལྕགས་ལམ་དང་།ལྷ་གཞིས་ལྕགས་ལམ།མེ་ཏོག་གཞུང་ལམ།ཏུའུ་ལུང་གཙང་པོའི་ཕུག་ལམ་བཅས་སྔ་རྗེས་སུ་ཤར་གཏོང་ཐུབ་པ་དང་།“བོད་ཀྱི་འགག་གསུམ”ཕུ་མདོ་ཆུ་བེད་ལྟེ་གནས་ཀྱི་འཕྲུལ་ཚན་དང་པོས་གློག་བཏང་བ།ཁྲོན་བོད་གློག་དྲ་དྲ་སྦྲེལ་ལས་གྲྭ་སྐྲུན་འགོ་ཚུགས་པ་བཅས་བྱུང་ནས་ས་གནས་དེ་གའི་དཔལ་འབྱོར་འཕེལ་རྒྱས་ཆུ་ཚད་མཐོ་རུ་གཏོང་རྒྱུར“སྲོག་རྩ”དང“སྣུམ་སྣོན་ས་ཚིགས”མཁོ་འདོན་བྱས་ཡོད།
    འདི་ལོའི་ཟླ་བཞི་པར་ཞིས་ཅིན་ཕིང་གིས་ཤིན་ཅང་ཧྲུའུ་ཧྥུའུ་རྫོང་ཐུའོ་ཁེ་ཀྲ་ཁེ་གྲོང་རྡལ་ཨ་ཡ་ཀེ་མན་ཀན་གྲོང་ཚོར་རྟོག་ཞིབ་གནང་སྐབས་ཡུ་གུར་རིགས་ཀྱི་གྲོང་མི་རྒན་པ་རོའུ་ཙིས་སྤྱི་ཁྱབ་ཧྲུའུ་ཅི་ལ“བུ་ཕྲུག་སློབ་གྲྭར་འགྲོ་བར་འཚོ་བཅུད་ཁ་གསབ་དང་།རྒན་རྒོན་ཚོར་ནད་བྱུང་ན་སྨན་བཅོས་འགན་ལེན།ཞིང་ལས་གཉེར་བར་སོན་བཟང་ཁ་གསབ་དང་ཞིང་འཕྲུལ་ཁ་གསབ་བཅས་ཡོད་པ་མ་ཟད།འགན་ལེན་རང་བཞིན་གྱི་སྡོད་ཁང་ལའང་ཁ་གསབ་ཡོད་པ་སོགས་ཏང་གི་དམངས་ཕན་སྲིད་ཇུས་རྣམ་གྲངས་ཧ་ཅང་མང་པོ་འདུག”ཅེས་ཞུ་ཞོར་དུ་རང་ཁྱིམ་གྱི“འཕེལ་རྒྱས་ལོ་རྒྱུས”ཀྱང་ཞུས་ཡོད།
    སློབ་གསོ་འཆར་འགོད་རྩ་གནད་ཀྱི་གཙོ་ཆེའི་རྣམ་གྲངས་མི་རིགས་ས་ཁུལ་དུ་གཙོ་གནད་ཐོག་ཕྱོགས་ནས་མི་རིགས་ས་ཁུལ་དུ་རྟེན་གཞི་གསར་སྤེལ་དང་སྟེགས་བུ་འཛུགས་སྐྱོང་བྱེད་རྒྱུར་སྔོན་ལ་རྒྱབ་སྐྱོར་དང་།རླུང་འཕྲིན་བརྙན་འཕྲིན་ཐད་གཏོང་སྲུང་སྐར་དུད་ཚང་ཚང་མར་ཁྱབ་པའི་ལས་དོན་ཤུགས་ཆེན་སྤེལ་བ།མི་རིགས་ས་ཁུལ་ཀྱི་གྲོང་གསེབ་ཀྱི་མཉམ་ལས་སྨན་བཅོས་ལམ་ལུགས་གསར་པའི་ཁ་གསབ་ཚད་གཞི་སྔོན་ལ་མཐོ་རུ་གཏོང་བ།མི་རིགས་ས་ཁུལ་གྱི་ཁང་གླ་ཁེ་བའི་སྡོད་ཁང་དང་།སྤྱི་པའི་བོགས་གཏོང་སྡོད་ཁང་།གཞུང་ཁོངས་ཀྱི་བཟོ་གཏེར་ཁུལ་དང་།ནགས་ཁུལ།གསར་སྦོལ་ཁུལ།སྡོད་ཁང་སྐྱོ་ཁུལ་བཅས་སྒྱུར་བཀོད་དང་གྲོང་ཁུལ་རྙིང་པའི་སྡོད་ཁང་སྐྱོ་བ་སྒྱུར་བཀོད་སོགས་ལ་རྒྱབ་སྐྱོར་བྱེད་ཤུགས་མུ་མཐུད་ཆེ་རུ་གཏོང་བ་སོགས་ལ“ཁ་ཕྱོགས་པ”དང“དམིགས་སུ་བཀར་ནས་སྔོན་ལ་ལག་བསྟར་བྱེད་པའི”སྲིད་ཇུས་ཐོག་ནས་ཏང་དང་རྒྱལ་ཁབ་ཀྱིས་མི་རིགས་ས་ཁུལ་དུ་འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་སྐྲུན་ཐུབ་པར་བྱེད་པའི་གོམ་སྟབས་མགྱོགས་སུ་གཏོང་བའི་ཆོད་སེམས་མངོན་གྱི་ཡོད།
    2009ལོར་ཞིས་ཅིན་ཕིང་གིས་ཤིན་ཅང་ཝེ་ལི་རྫོང་ཤིན་ཕིང་ཤང་ཏཱ་ཤིས་གྲོང་ཚོར་གཞི་རིམ་ཏང་འཛུགས་སྐྱོང་ལས་དོན་ལ་རྟོག་ཞིབ་གནང་ཞིང་།ལོ་ལྔའི་རྗེས་སུ་ཏཱ་ཤིས་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་ཧྲ་ཝོར·མང་ལི་ཁེ་དང་གྲོང་མི་ཡོངས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅིར་བསྐུར་བའི་འཕྲིན་ཡིག་ནང“ང་ཚོའི་གྲོང་ཚོའི་ཏང་ཀྲི་པུའུ་ནི་རྡོ་ཁབ་ལེན་ཞིག་དང་འདྲ་བར་གྲོང་མི་ཚང་མ་མཐུན་སྒྲིལ་དམ་ཟབ་བྱས་ཤིང་།གྲོང་ཚོའི་ནང་གི་ཡུ་གུར་རིགས་དང་རྒྱ་རིགས་མི་སེར་ཕན་ཚུན་དབར་སྐད་རིགས་སྦྱོང་རེས་དང་རོགས་རམ་བྱེད་རེས་བྱས་ནས་བྱེ་གཞུང་གཅིག་ཏུ་སྐྱེས་པའི་དབྱར་སྐྱ་ལྟར་རྩ་བ་དང་སེམས་པ་གཅིག་ཏུ་སྦྲེལ་ཡོད་པས་བག་ལེབ་གཅིག་ལས་མེད་ཀྱང་ཚང་མས་བགོས་ནས་ཟ་གི་ཡིན”ཞེས་ཉེ་བའི་ལོ་འགའི་རིང་གི་ཕ་ཡུལ་གྱི་འཕོ་འགྱུར་གསར་པ་ཞུས་ཡོད།
    འདི་ལོའི་དཔྱིད་གསར་དུས་ཆེན་གྱི་སྔ་ནུབ་ཏུ་ཞིས་ཅིན་ཕིང་གིས་ནང་སོག་ཤིས་ལིན་ཀུའོ་ལེ་མོང་དུ་རྟོག་ཞིབ་གནང་སྐབས་ལོ་81ལ་སླེབས་པའི་འབྲོག་པ་མ་ཅིག་སྐྱིད་ཀྱིས་འབྲོག་པ་ཁ་ཤས་ཤིག་ལ་གློག་སྤྱོད་དང་ཤར་བགྲོད་ཐད་ད་དུང་དཀའ་ངལ་འདུག་ཅེས་ཞུས་པ་གསན་རྗེས་འཕྲལ་མ་ཉིད་དུ་ས་གནས་དེ་གའི་ཏང་ཨུད་དང་སྲིད་གཞུང་ལ་འཆར་འགོད་བཟོས་ནས་ཐག་གཅོད་ཧུར་ཐག་བྱེད་དགོས་པའི་བླང་བྱ་བཏོན་གནང་ཡོད།
    རིང་མིན་གོང་གསར་འགོད་པ་མ་ཅིག་སྐྱིད་ཀྱི་ཁྱིམ་དུ་སླེབས་པར་རྒན་མོ་དེས་དགའ་ཁྲ་གྲོང་ཚོའི་དུད་ཚང་82ཁྲོད་དུད་ཚང་30ལ་གློག་ཤར་གཏོང་ཐུབ་ཅིང་ས་གནས་དེ་གའི་ཏང་ཨུད་དང་སྲིད་གཞུང་གིས་ལོ་གསུམ་ནང་འབྲོག་དུད་ཚང་མར་གློག་ཤར་གཏོང་ཐུབ་པ་བྱ་རྒྱུ་ཡིན་ཞེས་ཁས་བླངས་སོང་ཞེས་དགའ་དགའ་སྤྲོ་སྤྲོའི་ངང་བཤད།
    རྒན་མོ་དེར་ཁྱེད་ལ་རེ་བ་གཞན་དག་ག་རེ་ཡོད་ཅེས་དྲིས་པར་ཁོང་གིས“ངའི་ད་ཆའི་རེ་བ་ཆེ་ཤོས་ནི་གུང་ཁྲན་ཏང་གིས་འགོ་ཁྲིད་པའི་རྒྱལ་ཁབ་སྟོབས་འབྱོར་མངའ་ཐང་རྒྱས་རྒྱུ་དེ་ཡིན”ཞེས་བཤད།
    རྒྱལ་ཁབ་ཡོངས་སུ་མི་རིགས་མཐུན་སྒྲིལ་གྱི་མེ་ཏོག་གང་སར་བཞད་ཅིང་།གྲོང་ཚོ་ཚང་མར་མི་རིགས་ཡར་ཐོན་གྱི་གླུ་སྒྲ་ཧ་ཅང་སྙན།ཀྲུང་ཧྭ་མི་རིགས་ཁྱིམ་ཚང་གཅིག་ལྟར་བརྩེ་བའི་མཐུན་སྒྲིལ་ཕུགས་འདུན་མངོན་འགྱུར་ཡག་པོ་དང་མི་རིགས་ཁག་དེང་རབས་ཅན་དུ་བགྲོད་པའི་འཕེལ་རྒྱས་ཕུགས་འདུན་ཐུན་མོང་ཐོག་བཏོད་ཚེ་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ཡོང་རྒྱུར་ཐེ་ཚོམ་མི་དགོས། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1