སྔར་བས་མཐོ་བའི་འཕུར་སྐྱོད།

ཝང་ཧྥེང་གིས་རྩོམ། དབྱངས་དཀར་མོས་བསྒྱུར། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 02-28


ཚེ་སྲོག་ནི་ཆུ་བོ་ཆེན་པོ་ཞིག་དང་མཚུངས།

སྐབས་རེར་འཇམ་ཞིང་ལན་རེར་སྨྱོ་ཧམ་ཆེ།

དངོས་ཡོད་ནི་ལྕགས་སྒྲོག་ཅིག་དང་གཉིས་སུ་མ་མཆིས་ཏེ།

ང་རང་དམ་པོར་བཅིངས་ཏེ་འགྲོལ་ཐབས་བྲལ།

མགོ་བོ་འཐོམ་པའི་འཚོ་བ་འདི་ནི་རྣོ་གྲི་ཞིག་སྟེ།

ཡང་ནས་ཡང་དུ་བདག་ལ་རྨས་སྐྱོན་བཟོ།

བདག་གིས་རང་ཉིད་ལ་དགོས་པའི་བདེ་སྐྱིད་དེ་ཉིད།

ཆེས་མཐོ་བའི་མཁའ་དབྱིངས་དེ་རུ་ཡོད་པ་རྟོགས།

ང་ཡི་འཕུར་སྐྱོད་སྔར་བས་མཐོ།

འཕུར་སྐྱོད་སྔར་བས་མཐོ།

རླུང་འཚུབ་དྲག་པོ་དང་འདྲ་བར་ཞབས་བྲོ་རྡུང་ཞིང་།

འཆིང་བ་ལས་གྲོལ།

ང་ཡི་འཕུར་སྐྱོད་སྔར་བས་མཐོ།

འཕུར་སྐྱོད་སྔར་བས་མཐོ།

གཤོག་ཟུང་གིས་ཆར་རླུང་དྲག་པོ་དྲིལ་ཏེ།

སྙིང་དབུས་ནས་འུར་སྒྲ་སྒྲོག

འཕུར་སྐྱོད་སྔར་བས་མཐོ།

གཏན་དུ་འཕུར། གཏན་དུ་འཚོལ།

འོན་ཀྱང་། ང་ཡིས་གཏན་དུ་རྙེད་ཐབས་མེད་པ་རྟོགས།

གལ་ཏེ་བཅིངས་འགྲོལ་ཐེངས་ཤིག་བྱ་འདོད་ན།

ཐོག་མར་སྔར་ཡོད་ཀྱི་སོམ་ཉི་ཆག་ཧྲུལ་གཏོང་དགོས།

བདག་ལ་མཁོ་བ་ནི་ཚེ་སྲོག་ལ་སྔར་བས་མཚར་སྡུག་ལྡན་པ་ཡིན།

བདག་ལ་མཁོ་བ་ནི་མཁའ་དབྱིངས་སྔར་བས་སྔོ་ཐིང་ཐིང་འགྱུར་བ་ཡིན།

བདག་གིས་རང་ཉིད་ལ་དགོས་པའི་བདེ་སྐྱིད་དེ་དག་རྟོགས།

བདག་གིས་རང་ཉིད་ལ་དགོས་པའི་བདེ་སྐྱིད་དེ་ཉིད།

ཆེས་མཐོ་བའི་མཁའ་དབྱིངས་དེ་རུ་ཡོད་པ་རྟོགས།

ང་ཡི་འཕུར་སྐྱོད་སྔར་བས་མཐོ།

འཕུར་སྐྱོད་སྔར་བས་མཐོ། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1