སྤྱི་ཟླ་10པའི་ཚེས་8ཉིན། ཡུན་ནན་ཞིང་ཆེན་ཅིང་ཀུའུ་རྫོང་ཡུན་ཕིང་གྲོང་རྡལ་དུ་རོགས་སྐྱོར་ལས་ཀ་ཡོངས་སུ་འགྲུབ་ནས། མང་ཚོགས་ཁག་ཅིག་འགུལ་འགོག་རྒུད་སྐྱོབ་ཀྱི་གུར་ནང་དུ་བསྡད་ཡོད།
སྤྱི་ཟླ་10པའི་ཚེས་7ཉིན་གྱི་དགོང་མོའི་ཆུ་ཚོད་9དང་སྐར་མ་49ཡི་ཐོག ཡུན་ནན་ཞིང་ཆེན་ཕུའུ་ཨེར་གྲོང་ཁྱེར་ཅིང་ཀུའུ་ཏའེ་རིགས་དབྱི་རིགས་རང་སྐྱོང་རྫོང་དུ་ ཚད་རིམ་6.6ཅན་གྱི་ས་འགུལ་བྱུང་ཞིང་། འགུལ་ཁུངས་ཀྱི་ཟབ་ཚད་ལ་སྤྱི་ལེ་5.0ཡོད་པས། སྤྱི་ཚེས་8ཉིན་གྱི་སྔ་དྲོའི་བར། མི་སེར་གཅིག་རྐྱེན་ལམ་དུ་ཤོར་བ་དང་མི་སེར་324ལ་རྨས་སྐྱོན་ཕོག་ཡོད་འདུག