སྲིད་གཞུང་གི་ལས་དོན་སྙན་སྒྲོན་གྱི་ནང་དོན་རྡོག་དྲིལ།
རྩོམ་སྒྲིག་པ།ཡོང་ཁུངས།བོད་ལྗོངས་ཉིན་རེའི་ཚགས་པར། སྤེལ་དུས། 03-06
ཟླ3པའི་ཚེས5ཉིན་གྱི་སྔ་དྲོའི་ཆུ་ཚོད་དགུ་པར། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་གཉིས་པ་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་འགོ་ཚུགས་ཤིང་། ཞི་ཅིན་ཕིང་སོགས་ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་པ་ཚོགས་འདུར་ཕེབས་ཡོད།
རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་3000ཙམ་གྱིས་མི་དམངས་ཀྱི་མངགས་བཅོལ་ཟབ་མོ་ཕྲག་ཏུ་ཁུར་ནས་ཚོགས་ཆེན་ལ་ཞུགས་པ་མ་ཟད། རྩ་ཁྲིམས་དང་བཅའ་ཁྲིམས་ཀྱིས་དཀྲིས་པའི་བླ་ན་མེད་པའི་འགན་འཁྲི་ནན་གྱིས་བསྒྲུབས་ཡོད།
དེ་ཉིན་ཙུང་ལི་ལི་ཁེ་ཆང་གིས་གནང་བའི་སྲིད་གཞུང་གི་ལས་དོན་སྙན་སྒྲོན་གྱི་དོ་གནད་གཤམ་གསལ་ཏེ།
གཅིག ན་ནིང་གི་གྲུབ་འབྲས།
རྒྱལ་ནང་གི་ཐོན་སྐྱེད་བསྡོམས་འབོར་6.6%འཕར་ནས་སྒོར་དུང་ཕྱུར་ཁྲི་90ལས་བརྒལ་བ།
གྲོང་ཁྱེར་དང་གྲོང་རྡལ་དུ་མི་ཁྲི་1361ལས་ཞུགས་ཐུབ་པ།
གྲོང་གསེབ་ཀྱི་མི་འབོར་དབུལ་པོ་མི་ཁྲི་1386ཉུང་དུ་ཕྱིན་པ།
ཁེ་ལས་དང་མི་སྒེར་གྱི་ཁྲལ་དངུལ་སྒོར་དུང་ཕྱུར་ཁྲི་1.3རྩ་ཆག་བཏང་བ།
སྒོ་ཁྲལ་གྱི་སྤྱིའི་ཆུ་ཚད་9.8 %ནས་7.5%བར་ཆག་པ།
སྐྲན་འགོག་སྨན་སྣ་ཁ་17གྱི་རིན་གོང་བཅག་པ་མ་ཟད། རྒྱལ་ཁབ་ཀྱི་སྨན་བཅོས་འགན་བཅོལ་དཀར་ཆག་ལ་བཅུག་པ།
ད་དུང་ང་ཚོས་ཕྱིའི་ཉེན་ཁ་ཆེ་རུ་ཕྱིན་པ་དང་། རྒྱལ་ནང་གི་དཔལ་འབྱོར་ཆག་པའི་གནོན་ཤུགས་ཆེ་རུ་ཕྱིན་པ། དངོས་ཚན་དཔལ་འབྱོར་ལ་དཀའ་ངལ་འཕྲད་པ། དངུལ་རྩ་སོགས་ཁྱབ་ཁོངས་སུ་ཉེན་ཁའི་མངོན་མེད་རྐྱེན་ངན་མི་ཉུང་བ་ཞིག་འཕྲད་པ་བཅས་མཐོང་བ་བྱེད་དགོས།
གཉིས། འདི་ལོའི་དམིགས་ཚད།
རྒྱལ་ནང་གི་ཐོན་སྐྱེད་བསྡོམས་འབོར་6%ནས་6.5%བར་འཕར་རྒྱུ།
གྲོང་ཁྱེར་དང་གྲོང་རྡལ་དུ་མི་ཁྲི་1100ཡན་ལས་ཞུགས་ཐུབ་པ་བྱ་རྒྱུ་དང་། ལས་ཤོར་བརྟག་དཔྱད་བྱེད་ཚད་5.5%ཙམ་དང་ལས་ཤོར་ཐོ་འགོད་བྱེད་ཚད་4.5%ཡི་ནང་ཚོད་འཛིན་བྱ་རྒྱུ།
གྲོང་མིའི་འཛད་སྤྱོད་རིན་གོང་3%ཙམ་འཕར་བ་བྱ་རྒྱུ།
གྲོང་གསེབ་ཀྱི་མི་འབོར་དབུལ་པོ་ཁྲི་1000ཡན་ཉུང་དུ་གཏོང་རྒྱུ།
འཇལ་བྱེད་ཚད་གཞིའི་རྒྱལ་ནང་གི་ཐོན་སྐྱེད་བསྡོམས་འབོར་གྱི་ཟད་གྲོན་3 %ཙམ་ཆག་པ་བྱ་རྒྱུ།
གསུམ། འདི་ལོའི་གཙོ་གནད་ལས་དོན།
དཔྱ་ཁྲལ་རྩ་ཆག བཟོ་སྐྲུན་སོགས་ལས་རིགས་སུ་ད་ལྟ་ལག་ལེན་བསྟར་བཞིན་པའི་འཕར་ཁྲལ་གྱི་ཁྲལ་ཚད་16%ནས་13%བར་གཅོག་རྒྱུ། ལོ་ཧྲིལ་པོར་ཁེ་ལས་ཀྱི་ཁྲལ་བསྡུ་དང་སྤྱི་ཚོགས་འགན་བཅོལ་གྲོན་དངུལ་འཇལ་བའི་ཁུར་པོ་སྒོར་དུང་ཕྱུར་ཁྲི་2ཙམ་ཡང་དུ་གཏོང་རྒྱུ།
ལས་ཞུགས། ལས་ཞུགས་སྔོན་ལ་འཇོག་པའི་སྲིད་ཇུས་དེ་སྤྱི་ཁོག་སྲིད་ཇུས་ནང་ཐོག་མར་འཇོག་རྒྱུ།
འཛད་སྤྱོད། ནུས་རྒྱུ་གསར་པའི་རླངས་འཁོར་ཉོ་སྒྲུབ་ཀྱི་གཟིགས་སྐྱོང་སྲིད་ཇུས་མུ་མཐུད་ལག་བསྟར་བྱ་རྒྱུ།
མ་འཇོག ལྕགས་ལམ་འཛུགས་སྐྲུན་ཐད་མ་དངུལ་སྒོར་དུང་ཕྱུར་8000གཏོང་རྒྱུ་དང་གཞུང་ལམ་དང་ཆུ་ཐོག་སྐྱེལ་འདྲེན་ལ་སྒོར་དུང་ཕྱུར་ཁྲི་1.8གཏོང་རྒྱུ།
དངུལ་རྩ། ཚན་རྩལ་གསར་གཏོད་ཀྱི་སྟེགས་བུ་འཛུགས་པ་དང་ཐོ་འགོད་ལམ་ལུགས་ཚོད་ལྟ་བྱ་རྒྱུ།
རིམ་པ་མང་བའི་མ་རྩའི་ཁྲོམ་ར་སྐྱོན་བྲལ་དང་བརྟན་པོའི་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་རྒྱུ།
གནད་སྨིན་དབུལ་སྒྲོལ། “ལྗོངས་གསུམ་དང་ཀྲོའུ་གསུམ”སོགས་ཤིན་ཏུ་དབུལ་བའི་ས་ཁུལ་དུ་དབུལ་སྒྲོལ་གྱི་ལས་དོན་སྤེལ་ཤུགས་ཆེ་རུ་གཏོང་རྒྱུ།
སྦགས་བཙོག་འགོག་བཅོས། དབྱང་གཉིས་མུ་ཟི་འགྱུར་རྫས་དང་ཏན་དབྱང་དངོས་འགྱུར་འབུད་ཚད་3%ཆག་པ་བྱ་རྒྱུ། རྫས་འགྱུར་ལ་གསོ་རླུང་མཁོ་ཚད་དང་ཨན་རྒྱུ་ཏན་རྒྱུ་འབུད་ཚད་2%ཆག་པ་བྱ་རྒྱུ།
སློབ་གསོ། ཀྲུང་དབྱང་ནོར་སྲིད་ཀྱིས་སློབ་གསོར་སྒོར་དུང་ཕྱུར་ཁྲི་1ལྷག་ཙམ་གཏོང་རྒྱུ།
སྨན་བཅོས། ནད་ཆེན་འགན་བཅོལ་གྱི་དངུལ་སྤྲོད་པའི་ཚད་གཞི་དམའ་རུ་གཏོང་བ་དང་འབྲེལ་གཅིག་གྱུར་བཟོས་ནས་སྨན་རིན་རྩིས་ཞུའི་བསྡུར་ཚད་50%ནས་60%བར་མཐོ་རུ་གཏོང་རྒྱུ།
དྲ་རྒྱ་མགྱོགས་སུ་དང་རིན་གོང་གཅོག་རྒྱུ། སྒུལ་བདེའི་དྲ་བའི་རྒྱུག་འབོར་གྱི་ཆ་སྙོམས་གྲོན་དངུལ་སླར་ཡང་20%ཡན་གཅོག་རྒྱུ་དང་། རྒྱལ་ཡོངས་སུ“ཨང་གྲངས་མ་བསྒྱུར་བར་དྲ་བར་ཞུགས་པ”ལག་བསྟར་བྱ་རྒྱུ།
སྒོ་དབྱེ། ཕྱི་དངུལ་མ་འཇོག་འཇུག་འཐུས་ཀྱི་བཀག་རྒྱའི་གསལ་ཐོ་ཁུ་བསྡུ་བྱ་རྒྱུ། ཧྲང་ཧའེ་རང་མོས་ཚོང་དོན་ཚོད་ལྟའི་ཁུལ་དུ་ཁུལ་གསར་པ་བསྣན་རྒྱུ་དང་། ཀྲུང་ཨའི་དཔལ་འབྱོར་ཚོང་དོན་གྲོས་མོལ་ལ་མུ་མཐུད་སྐུལ་འདེད་གཏོང་རྒྱུ།
མཐུན་སྦྱོར་འཕེལ་རྒྱས། འབྲི་ཆུའི་ཟུར་གསུམ་ཁུལ་གྱི་གཞི་གཅིག་ཅན་འཕེལ་རྒྱས་རྒྱལ་ཁབ་ཀྱི་འཐབ་ཇུས་སུ་མཐོར་འདེགས་བྱ་རྒྱུ།