སྤྱི་ཟླ་3པའི་ཚེས་3ཉིན་གྱི་ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་འབྱོར་གསལ། འདུ་ཤེས་གཅིག་མཐུན་སྒོས་དུས་རབས་ཀྱི་ངོ་མཚར་ལེའུ་འབྲི་བ་དང་། རྒྱལ་ཇུས་མཉམ་གྲོས་ངང་བསྐྱར་དར་གྱི་བརྗིད་ཆེའི་འཆར་གཞི་བཀོད། ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུའི་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་གཉིས་པ་དེ་ཚེས་3ཉིན་གྱི་ཕྱི་དྲོར་མི་དམངས་ཚོགས་ཁང་ཆེན་མོ་རུ་འཚོགས་འགོ་བཙུགས་པ་རེད།
ཏང་དང་རྒྱལ་ཁབ་ཀྱི་དབུ་ཁྲིད་ཞི་ཅིན་ཕིང་། ལི་ཁེ་ཆང་། ལི་ཀྲན་ཧྲུའུ། ཝང་ཧུའུ་ཉིང་། ཀྲའོ་ལེ་ཅི། ཧན་ཀྲེང་། ཝང་ཆི་ཧྲན་སོགས་ཀྲུའུ་ཞི་སྟེགས་བུ་རུ་བཞུགས་ཤིང་། ཚོགས་ཆེན་ལ་རྟེན་འབྲེལ་ཞུས།
རྒྱལ་ཡོངས་སྲིད་གྲོས་ཀྱི་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གཉིས་པར་ཨུ་ཡོན་2157ཞུགས་དགོས་པ་དང་། དངོས་སུ་མི་2133ཞུགས་ཡོད་པས། གཏན་ཕབ་མི་གྲངས་ཀྱི་ཚད་ལོན་ཡོད་པ་རེད།
ཕྱི་དྲོའི་ཆུ་ཚོད་3ཐོག །ཀྲང་ཆིང་ལི་ཡིས་ཚོགས་ཆེན་འགོ་ཚུགས་པའི་ཁྱབ་བསྒྲགས་གནང་སྟེ། ཚོགས་མི་ཡོངས་ཡར་ལངས་ཏེ་རྒྱལ་གླུ་བླངས།
ཚོགས་ཆེན་གྱིས་ཐོག་མར་སྲིད་གྲོས་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་གཉིས་པའི་གྲོས་ཚོགས་ཀྱི་གོ་རིམ་ལ་གྲོས་ཞིབ་གྲོས་འཆམ་བྱས།
ཝང་དབྱང་གིས་སྲིད་གྲོས་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚབ་མཛད་དེ་ཚོགས་ཆེན་དུ་ལས་ཀའི་སྙན་ཞུ་ཕུལ།
ཀྲུང་གུང་ཀྲུང་དབྱང་དང་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ལྷན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འབྲེལ་ཡོད་སྡེ་ཁག་གི་འགན་ཁུར་བློ་མཐུན་གདན་ཞུས་ལྟར་འགོ་ཚུགས་ཚོགས་འདུར་ཟུར་ཞུགས་བྱས། ཀྲུང་གོར་བཅའ་སྡོད་བྱས་པའི་རྒྱལ་ཁབ་ཁག་གི་གཞུང་ཚབ་པ་དང་།
གསར་འགྱུར་མི་སྣ། ཕྱིར་སྡོད་སྤུན་ཟླ་སོགས་གདན་ཞུས་ལྟར་འགོ་ཚུགས་ཚོགས་འདུར་ཞུགས། །
新华社北京3月3日电 凝聚共识谱写时代华章,共商国事同绘复兴宏图。中国人民政治协商会议第十三届全国委员会第二次会议3日下午在人民大会堂开幕。
党和国家领导人习近平、李克强、栗战书、王沪宁、赵乐际、韩正、王岐山等在主席台就座,祝贺大会召开。
全国政协十三届二次会议应出席委员2157人,实到2133人,符合规定人数。
下午3时,张庆黎宣布大会开幕,全体起立,唱国歌。
大会首先审议通过了政协第十三届全国委员会第二次会议议程。
汪洋代表政协第十三届全国委员会常务委员会,向大会报告工作。
中共中央、全国人大常委会、国务院有关部门负责同志应邀列席开幕会。各国驻华使节、新闻官和海外侨胞等应邀参加开幕会。