སྤྱི
་ཟླ་2པའི་ཚེས་28ཉིན། ཞིང་ཨུའི་བོད་ཁུལ་ལས་ཀའི་འགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་ཁྲེང་ཏུའུ་རུ་འཚོགས་ཤིང་། གྲོས་ཚོགས་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བོད་ལྗོངས་ལས་ཀའི་ཞིབ་བརྗོད་གལ་ཆེན་དང་སི་ཁྲོན་བོད་ཁུལ་ལས་ཀའི་མཛུབ་སྟོན་གྱི་དགོངས་པ་གལ་ཆེན་ལ་སློབ་སྦྱོང་ལག་བསྟར་བྱས་ཏེ། ནན་ཏན་གྱིས་ཀྲུང་དབྱང་དང་ཞིང་ཨུའི་བཀོད་སྒྲིག་བླང་བྱ་དོན་འཁྱོལ་དང་མིག་སྔའི་གནས་བབ་ལ་དབྱེ་ཞིབ་དང་བོད་ཁུལ་བརྟག་དཔྱད་ལྟ་སྐུལ་ལ་སྐུལ་འདེད་བཏང་ནས་སྔར་ལས་ནན་ཏན་ནུས་ཡོད་ཀྱིས་བོད་ཁུལ་ལས་ཀ་ལེགས་པོར་བསྒྲུབས་ཏེ་བོད་ཁུལ་གྱི་འབྱོར་ཕྱུག་འཕེལ་རྒྱས་དང་ཡུན་རིང་བདེ་འགོད་ལ་སྐུལ་འདེད་གཏང་དགོས། ཞིང་ཨུའི་ཧྲུའུ་ཅི་གཞོན་པ། ཞིང་ཨུའི་བོད་ཁུལ་ལས་ཀའི་འགོ་ཁྲིད་ཚན་ཆུང་གི་འགན་འཛིན་པ་ཏེང་ཞའོ་ཀང་གིས་གྲོས་ཚོགས་ལ་གཙོ་སྐྱོང་གནང་བར་མ་ཟད་གསུང་བཤད་གནང་།
ཏེང་ཞའོ་ཀང་གིས་བོད་ཁུལ་གྱི་ལས་ཀ་ལེགས་པོར་བསྒྲུབ་པ་དང་། བོད་ཁུལ་གྱི་འཆམ་མཐུན་བརྟན་བརླིང་དང་བདེ་ཐང་འཕེལ་རྒྱས་ཀྱི་རྣམ་པ་བཟང་པོ་སྲ་བརྟན་དུ་གཏོང་བ་ནི་རིམ་པ་སོ་སོའི་འགོ་ཁྲིད་ལས་བྱེད་པས“འདུ་ཤེས་བཞི”ཆགས་པར་བྱེད་པ་དང་“ཡིད་ཆེས་བཞི”སྲ་བརྟན། བློ་བརྟན་འགྱུར་མེད་ཀྱིས“འགན་སྲུང་གཉིས”བསྒྲུབ་པའི་ཆེས་ཐད་ཀའི་ཉམས་ལེན་ཡིན། ང་ཚོས་གཏིང་ཟབ་པའི་སྒོ་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བོད་ལྗོངས་ལས་ཀའི་ཞིབ་བརྗོད་གལ་ཆེན་དང་སི་ཁྲོན་བོད་ཁུལ་ལས་ཀའི་མཛུབ་སྟོན་གྱི་དགོངས་པ་གལ་ཆེན་ལ་སློབ་སྦྱོང་ལག་བསྟར་བྱེད་པ་དང་། ཀྲུང་དབྱང་གི་བོད་སྐྱོང་བྱེད་ཕྱོགས་རྒྱུན་འཁྱོངས། ཀྲུང་དབྱང་དང་ཞིང་ཨུའི་བཀོད་སྒྲིག་བླང་བྱ་ལྟར་བོད་ཁུལ་ལས་ཀ་སྔར་ལས་གཏིང་ཟབ་དང་སྔར་ལས་དོན་དངོས་དང་མཐུན་པ། སྔར་ལས་ཞིབ་ཚགས་ཡིན་པ། སྔར་ལས་ཕན་ནུས་ལྡན་པར་བྱ་དགོས། རྒྱལ་ཁབ་ཀྱི་སྤྱིའི་བདེ་འཇགས་འདུ་ཤེས་ཆགས་པར་བྱེད་པ་དང་ནན་གྱིས་ལག་བསྟར་བྱེད་པ་དང་བརྟན་ཐོག་ཡར་འཕེལ་གྱི་ལས་ཀ་སྤྱིའི་རྟེན་གཞི་རྒྱུན་འཁྱོངས་བྱ་དགོས། མཚམས་ཐིག་གི་བསམ་བློ་རྒྱུན་འཁྱོངས་དང་། སྡུག་འབྱུང་གི་འདུ་ཤེས་དང་ཉེན་ཁའི་འདུ་ཤེས་གོང་འཕེལ། ཡང་དག་པའི་སྒོ་ནས་མིག་སྔའི་གནས་བབ་ལ་ངོས་འཛིན་བྱས་ཏེ་མྱུ་གུ་མ་འབུས་པར་བསམ་གཞིག་དང་མངོན་དུ་མ་འགྱུར་བར་བསམ་བློ་གཏོང་བ། བདེ་དུས་ཉེན་ཁ་དྲན་པར་བྱས་ནས་སྔོན་འགོག་གཙོ་གནད་དུ་འཇོག་དགོས། སྔ་མོ་ནས་འཛིན་པ་དང་ཆུང་ས་ནས་བཟུང་ནས་བོད་ཁུལ་ལས་ཀའི་རང་འགུལ་དབང་ཆ་ཁོང་དུ་ཆུད་དགོས། ལས་ཀ་ཁག་གི་བྱེད་ཕྱོགས་གནད་དོན་ལ་ཁ་གཏོད་པ་དང་ནུས་པ་འབུར་དུ་ཐོན་པར་བྱ་དགོས། དགོན་སྡེ་དོ་དམ་ལ་ཤུགས་སྣོན་དང་གསར་གཏོད་བྱེད་པ་དང་། ཆོས་ལུགས་འཆམ་མཐུན་ལ་སྐུལ་འདེད། ཉེན་ཁ་དང་མངོན་མེད་རྐྱེན་ངན་ལ་འདུམ་འགྲིག་བརྟག་ཞིབ་བྱེད་པ། ནག་སེལ་གཤེད་བཅོམ་གྱི་ཆེད་དོན་འཐབ་རྩོད་གཏིང་ཟབ་ཏུ་སྤེལ་བ། སྤྱི་ཚོགས་ཀྱི་ཁྲིམས་བསྟུན་རྒྱུན་ནམ་ཅན་གྱི་བཅོས་སྐྱོང་སོགས་ཀྱི་ཐད་ལ་ད་དུང་གཟབ་ནན་དང་ཤུགས་སྣོན་བྱེད་པ་དང་རང་འགུལ་དམག་འཐབ་ལེགས་པོར་བརྒྱབ་ནས་གོམ་གང་མདུན་སྤོས་ཀྱིས་ལས་ཀའི་འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས་མཐོར་འདེགས་སུ་གཏང་དགོས་ཞེས་བསྟན།
འགན་ཁུར་གསལ་པོར་བྱས་ཏེ་བརྟག་དཔྱད་ལྟ་སྐུལ་ལ་དམ་འཛིན་བྱ་དགོས། མངོན་བཤེར་དང་ལྐོག་འདྲི་ཟུང་དུ་འབྲེལ་བ་རྒྱུན་འཁྱོངས་བྱས་ཏེ་གཞི་རིམ་དང་གཙོ་གནད་ས་ཁུལ་དུ་གཏིང་ཟབ་པའི་སྒོ་ནས་ལས་ཀ་སྤེལ་ནས་དུས་ཐོག་ཏུ་གནས་ཚུལ་ལ་རྒྱུས་ལོན་དང་། དུས་ཐོག་ཏུ་གནད་དོན་ཤེས་པ་དང་གནད་དོན་ལ་ཞིབ་འཇུག གནད་དོན་ཐག་གཅོད་བྱེད་པར་སྐུལ་འདེད་གཏོང་བ་དང་། གོམ་གང་མདུན་སྤོས་ཀྱིས་ཀྲུང་དབྱང་དང་ཞིང་ཨུའི་བཀོད་སྒྲིག་བླང་བྱ་ཁག་ཆད་ལྷག་མེད་པར་དོན་དངོས་ཐོག་ལག་བསྟར་དང་གྲུབ་འབྲས་ལོན་པར་བྱ་དགོས་པར་མ་ཟད། ཤུགས་ཆེན་པོས་རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་སྐབས་ཀྱི་སི་ཁྲོན་བོད་ཁུལ་གྱི་འཆམ་མཐུན་བརྟན་བརླིང་དང་མི་དམངས་ཀྱི་བདེ་སྐྱིད་ལས་བརྩོན་ལ་ཁག་ཐེག་བྱ་དགོས། གཞི་རིམ་གྱི་རྨང་གཞི་ལ་དམ་འཛིན་བྱས་ཏེ་བསམ་བློ་ཆབ་སྲིད་ཀྱི་སྣེ་ཁྲིད་ཤུགས་སྣོན། གོམ་གང་མདུན་སྤོས་ཀྱིས་བོད་ཁུལ་གྱི་གཞི་རིམ་ཏང་རྩ་འཛུགས་ཀྱི་འཛུགས་སྐྲུན་ལ་ཤུགས་སྣོན་དང་། དོན་དངོས་དང་མཐུན་པར་གཞི་རིམ་ཏང་རྩ་འཛུགས་ཀྱི་འཐབ་འཛིང་གི་བཙན་རྫོང་དང་ཏང་ཡོན་གྱི་གདོང་ལེན་དཔེ་སྟོན་གྱི་ནུས་པ་འདོན་སྤེལ་བྱས་ཏེ། རྒྱུན་ཆད་མེད་པར་བོད་ཁུལ་གྱི་འབྱོར་ཕྱུག་འཕེལ་རྒྱས་དང་ཡུན་རིང་བདེ་འགོད་ཀྱི་རྨང་རྟེན་སྲ་བརྟན་དུ་གཏོང་བ་དང་། སི་ཁྲོན་བཅོས་སྐྱོང་དང་དར་སྤེལ་སླར་ཡང་སྐས་རིམ་གསར་པ་ཞིག་ཏུ་འཕེལ་བར་མཛད་རྗེས་གསར་པ་བཞག་ནས་ཏང་ཀྲུང་དབྱང་བློ་བདེ་བ་དང་མི་རིགས་སོ་སོའི་མང་ཚོགས་ཡིད་ཚིམ་དུ་འཇུག་དགོས། ། 2月28日,省委藏区工作领导小组会议在成都召开,会议深入学习贯彻习近平总书记关于西藏工作的重要论述和对四川藏区工作重要指示精神,认真落实中央和省委部署要求,分析研判当前形势,部署开展藏区调研督导,推动更加扎实有效地做好藏区工作,促进藏区繁荣发展和长治久安。省委副书记、省委藏区工作领导小组组长邓小刚主持会议并讲话。
邓小刚指出,做好藏区工作,巩固提升藏区和谐稳定、健康发展的良好局面,是对各级领导干部是否树牢“四个意识”、坚定“四个自信”、坚决做到“两个维护”的最直接检验。我们要深入学习贯彻习近平总书记关于西藏工作的重要论述和对四川藏区工作重要指示精神,坚持中央治藏方略,按照中央和省委部署要求把藏区工作抓得更深更实更细更有成效。要牢固树立和认真贯彻总体国家安全观,坚持稳中求进工作总基调,坚持底线思维,增强忧患意识风险意识,准确把握当前形势,图之于未萌、虑之于未有,居安思危、未雨绸缪,防范在先、抓早抓小,牢牢把握藏区工作主动权。各项工作措施要针对问题、突出实效,在加强和创新寺庙管理、促进宗教和睦、风险隐患排查化解、纵深推进扫黑除恶专项斗争、社会依法常态化治理等方面再下深功夫、打好主动战,进一步增强工作的责任心和使命感。要严明责任抓好调研督导,坚持明查与暗访相结合,深入基层一线和重点区域深入开展工作,及时了解情况,及时发现问题、研究问题、推动解决问题,进一步把中央和省委的各项部署要求不折不扣落实到位、开花结果,全力确保全国两会期间四川藏区和谐稳定、人民安居乐业。要抓好基层基础,加强思想政治引领,进一步加强藏区基层党组织建设,切实发挥基层党组织的战斗堡垒和党员的先锋模范作用,不断筑牢藏区繁荣发展和长治久安的根基,为推动治蜀兴川再上新台阶作出新贡献,让党中央放心,让各族群众满意。