སི་ཁྲོན་གྱི་སྔོ་ཚལ་ཞང་ཀང་དང་ཨའོ་མོན་ལ་ཐད་འཚོང་བྱས་པར། སྔོ་ཚལ་སུམ་ཆ་གཉིས་ལ་ཉེ་བ་ཙམ་ལི་ཐང་རྗོང་གི་ཡིན།
བསྟན་འཛིན་ནོར་སྒྲོན་གྱིས་བསྒྱུར་ཞིང་ཡེ་ཆང་ཕིང་གིས་པར་བླངས། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 03-07
近年来,理塘县秉承绿色发展理念,在培育“极地果蔬”征程上迈开强劲步伐,积极打造蔬菜直供港澳基地试点建设县。
2017年3月,甘孜州首个现代生态农业园区——濯桑现代生态农业园区在理塘县宣告成立。作为园区主要组成部分的理塘县康藏阳光现代生态农业双创中心,成为供港澳台及东南亚的备案蔬菜基地,2017年获得由四川省农业厅颁发的四川农业供给侧结构性改革十大案例提名奖。理塘县成为了成都市农业产业转移重要生产基地和川菜直供港澳台试点基地县。
ཉེ་ཆར། གསར་འགོད་པས་ལི་ཐང་རྫོང་ཞིང་འབྲོག་དང་ཚན་རྩལ་ཅུས་ནས་ཤེས་རྟོགས་བྱུང་བ་ལྟར་ན། ལི་ཐང་རྫོང་ཁམས་བོད་ཉི་འོད་ཞིང་འབྲོག་ལས་ཚན་རྩལ་གསར་སྤེལ་འགན་འཁྲི་ཚད་ཡོད་སྤྱི་གཉེར་ཁང་གིས་ཞང་ཀང་དང་ཨའོ་མོན་གྱི་ཚོང་ར་རུ་སྔོ་ཚལ་ཏུན་940བཙོང་ཞིང་། སི་ཁྲོན་གྱི་སྔོ་ཚལ་ཞང་ཀང་དང་ཨའོ་མོན་དུ་ཏུན་1500ཐད་ཚོང་བྱས་པ་ལས་སུམ་ཆ་གཉིས་ཟིན།
ལི་ཐང་རྫོང་ནི་ཁྲོན་ནུབ་མཐོ་སྒང་དུ་གནས་ཤིང་། དག་གཙང་གི་མཁའ་དབུགས་དང་འབག་བཙོག་ཐེབས་མེད་པའི་ས་གཤིས། དྭངས་གཙང་གི་ཆུ་འགོ། ཉི་མའི་འོད་ཟེར་འབེལ་པོ། རང་བྱུང་གི་དུས་ཚིགས་ལས་བརྒལ་བའི་སྐྱེ་ལྡན་གྱི་ཞིང་ལས་ཐོན་རྫས་ཐོན་སྐྱེས་སོགས་བྱེད་པའི་ཐུན་མིན་གྱི་ཁྱད་ཆོས་ལྡན། ཉེ་བའི་ལོ་འགའི་རིང་། ལི་ཐང་རྫོང་གིས་ལྗང་མདོག་འཕེལ་རྒྱས་ཀྱི་འདུ་ཤེས་གཞིར་བཟུང་ནས། མཐོ་སྒང་གི་ཤིང་ཏོག་དང་སྔོ་ཚལ་འདེབས་འཛུགས་ཀྱི་རྒྱུད་ལམ་དུ་བརྟན་ཞིང་བརླིང་བའི་གོམ་པ་སྤོས་ཤིང་། ཧུར་བརྩོན་སྒོས་སྔོ་ཚལ་ཞང་ཀང་དང་ཨའོ་མོན་དུ་ཐད་འཚོང་བྱེད་པའི་རྟེན་གཞིའི་ཚོད་ལྟའི་འཛུགས་སྐྲུན་རྫོང་དུ་བསྐྲུན།
2017ལོའི་ཟླ་3པར། དཀར་མཛེས་ཁུལ་གྱི་དེང་རབས་སྐྱེ་ཁམས་ཞིང་ལས་གླིང་ཁུལ་དང་པོ་སྟེ། མཚོ་འཕགས་སྨི་3600ལྷག་ཡོད་པའི་ཚོ་ཆུང་དེང་རབས་སྐྱེ་ཁམས་ཞིང་ལས་གླིང་ཁུལ་དེ་ལི་ཐང་རྫོང་དུ་དབུ་བརྙེས་པར་ཁྱབ་བསྒྲགས་བྱས། ལི་ཐང་རྫོང་ཁམས་བོད་ཉི་འོད་དེང་རབས་སྐྱེ་ཁམས་ཞིང་ལས་ཆ་སྐྲུན་ལྟེ་གནས་ནི་གླིང་ཁུལ་གྱི་གྲུབ་ཆ་གཙོ་ཤོས་ཡིན་པའི་ཆ་ནས། རྒྱུན་འཁོར་ས་ཞིང་མུའུ་5267ཡོད་པས། ཁེ་ལས་ཆེན་པོ་ཁམས་བོད་ཉི་འོད་ཞིང་འབྲོག་ལས་ཚན་རྩལ་གསར་སྤེལ་འགན་འཁྲི་ཚད་ཡོད་སྤྱི་གཉེར་ཁང་དེ་ཆ་སྐྲུན་ལྟེ་གནས་ཀྱི་འདེབས་འཛུགས་ཕྱུག་ཚང་དང་ཆེད་ལས་མཉམ་ལས་ཁང་། དབུལ་ཕོངས་དུད་ཁྱིམ་དུ་ཞུགས་ནས། ཐོག་མཐའ་བར་གསུམ་དུ་“ཚབ་རྨོད་དང་ཚབ་འདེབས། ཚབ་བསྡུ། ཚབ་ཚོང་”གི་སྤྱི་ཚོགས་ཅན་གྱི་ཞབས་ཞུ་མཁོ་འདོན་བྱས་པ་དང་། དེ་དག་ལས་བདག་ཏུ་བསྒྱུར་ནས། གླིང་ཁུལ་དུ་ལས་སྤེལ་ལེགས་གྲུབ་ཡོང་བར་མ་ཟད། ལས་ཞུགས་གོ་སྐབས་དང་ལས་མིའི་གྲངས་འབོར་ཇེ་ཐོར་བཏང་བ་རེད།
2017ལོའི་ཟླ་9པར། ཁམས་བོད་ཉི་འོད་དེང་རབས་སྐྱེ་ཁམས་ཞིང་ལས་ཆ་སྐྲུན་ལྟེ་གནས་དེ་ཞང་ཀང་དང་ཨའོ་མོན། ཐའེ་ཝན། དེ་བཞིན་ཡ་གླིང་ཤར་ལྷོའི་ཐོ་འགོད་སྔོ་ཚལ་རྟེན་གཞི་དང་སི་ཁྲོན་ཞིང་ཆེན་གྱིས་ཞང་ཀང་དུ་སྔོ་ཚལ་ཐད་འཚོང་བྱེད་པའི་ཚོད་ལྟའི་སྔོ་ཚལ་རྟེན་གཞི་རུ་གྱུར། དེ་ལས་མུའུ་2367ནི་ཕྱིར་འདྲེན་བྱེད་པའི་ཐོ་འགོད་སྔོ་ཚལ་ཐོན་སྐྱེད་ཀྱི་རྟེན་གཞི་ཡིན། དེ་ནི་དཀར་མཛེས་ཁུལ་གྱི་ཞང་ཀང་དང་ཨའོ་མོན་དུ་སྔོ་ཚལ་ཐོན་སྐྱེད་ལས་སྣོན་གྱི་རྟེན་གཞི་ཐོག་མ་ཡིན་པ་མ་ཟད། ཐའེ་ཝན་དང་ཡ་གླིང་ཤར་ལྷོའི་སྔོ་ཚལ་ཐོན་སྐྱེད་ལས་སྣོན་རྟེན་གཞི་ཡང་ཡིན། ལྟེ་གནས་འདེབས་འཛུགས་ཀྱི་ཧྲང་ཧའེ་ཚོད་དཀར་དང་ཀྲོ་མ་ཀྲུ་ཆུང་བ། ལ་ཕུག་སོགས་ལྗང་མདོག་གི་སྔོ་ཚལ་ཞང་ཀང་དང་ཨའོ་མོན། ཐའེ་ཝན། དེ་བཞིན་ཡ་གླིང་ཤར་ལྷོ་ས་ཁུལ་དུ་རྒྱང་འཚོང་བྱས། ལི་ཐང་རྫོང་དེ་ཁྲེན་ཏུའུ་གྲོང་ཁྱེར་གྱི་ཞིང་ལས་ཐོན་ལས་ཁ་ཕྱོགས་བསྒྱུར་བའི་གལ་ཆེའི་ཐོན་ལས་རྟེན་གཞི་དང་སི་ཁྲོན་གྱི་སྔོ་ཚལ་ཞང་ཀང་དང་ཨའོ་མོན། ཐའེ་ཝན་བཅས་ལ་ཐད་ཚོང་བྱེད་པའི་ཚོད་ལྟའི་རྟེན་གཞིའི་རྫོང་དུ་གྱུར། 2017ལོར་སི་ཁྲོན་ཞིང་ཆེན་ཞིང་ལས་ཐིང་གིས་གནང་བའི་སི་ཁྲོན་ཞིང་ལས་འདོན་སྤྲོད་ཀྱི་སྒྲིག་གཞི་རང་བཞིན་གྱི་བཅོས་བསྒྱུར་དཔེ་གཞི་བཅུའི་མིང་འདོན་བྱ་དགའ་ཐོབ།
“ལི་ཐང་དུ་དྲོད་ཚད་དམའ་བས་སྔོ་ཚལ་རིགས་ཀྱི་ནད་འབུ་སོགས་མང་དག་ཞིག་གསོད་ཐུབ། དེ་ནས་ཐོན་པའི་ལ་ཕུག་ཀྱི་སྤུས་ཚད་ཧ་ཅང་ལེགས་པོ་ཡོད་“ཅེས་ཁམས་བོད་ཉི་འོད་དེང་རབས་སྐྱེ་ཁམས་ཞིང་ལས་ཆ་སྐྲུན་ལྟེ་གནས་ཀྱིས་འགན་ཁུར་མི་སྣ་སུའུ་ཡུང་ཀེན་གྱིས་བཤད། 2018ལོར་ཆ་སྐྲུན་ལྟེ་གནས་ཀྱིས་ལ་ཕུག་དཀར་པོ་ཐོན་རྫས་གཙོ་བོར་བདམས་ནས། ཉེ་འཁོར་གྱི་མཉམ་ལས་ཁང་གི་ས་ཞིང་མུའུ་300ལ་བདག་འཛིན་བྱས། མཁོ་སྤྲོད་ཚོང་ར་གཙོ་བོ་ནི་ཀྲུའུ་ཅང་ཟུར་གསུམ་གྱི་ཚོང་ར་དང་ཐའེ་ཝན། ཞང་ཀང་། ཨའོ་མོན་ས་ཁུལ་ཡིན་པ་དང་། དབྱར་གྱི་མཐོ་སྒང་ལ་ཕུག་ཐོན་ཁུལ་བསྐྲུན་ནས། ཐོན་ཁུལ་གྱི་གཞི་ཁྱོན་ཕན་འབྲས་ཐོབ་པར་བྱས།
སྤྱི་ཟླ་9པར། ལི་ཐང་རྫོང་གི་མཐོ་སྒང་གི་ལ་ཕུག་བསྡུ་བའི་འགོ་ཚུགས་པས་སྔོ་ཚལ་བསྡུ་རྗེས་ཚོང་ཟོག་ཅན་དུ་བསྒྱུར་བའི་ལས་ཀའི་ཐད། སྟོང་སངས་སྔུན་གྲང་འཕྲུལ་ཆས་དང་སྔོ་ཚལ་འཁྱག་སྒམ་དྲུག །དེ་བཞིན་སྨི་གྲུ་བཞི་མ་868ཡོད་པའི་ལས་སྣོན་འཁོར་ཁང་བཅས་ཀྱིས་མུའུ་4200ཡོད་པའི་ལ་ཕུག་འདེབས་འཛུགས་ཐད་གཙང་འཁྲུད་དང་རིམ་པ་དབྱེ་བ། ཐུམ་སྒྲིལ་དང་འཁྱག་སྒམ་སོགས་ཀྱི་ཆ་རྐྱེན་བསྐྲུན་ཡོད། སྔོ་ཚལ་དབོར་འདྲེན་བྱེད་སྐབས་ཀྱི་རུལ་གནོད་ཐེབས་ཚད་30%ནས་5%ལ་ཕབ་ཡོད་པ་དང་། རིམ་པ་དབྱེ་བ་དང་ཐུམ་སྒྲིལ་གྱི་ཚོང་རའི་གོང་ཚད་10%ཙམ་མཐོ་རུ་བཏང་ཡོད་པས་ལི་ཐང་རྫོང་གི་སྤུས་ཚད་ལེགས་པའི་མཐོ་སྒང་གི་ཤིང་ཏོག་དང་སྔོ་ཚལ་རྒྱལ་ཡོངས་སུ་དབོར་འདྲེན་བྱེད་པར་འགན་ལེན་སྲ་བརྟན་བྱས།
2018ལོར། ལི་ཐང་རྫོང་གི་ལ་ཕུག་ཐོན་ཚད་ཏུན་ཁྲི་1.5སླེབས་ཤིང་། ཐོན་རྫས་རིན་པ་སྒོར་ཁྲི་1500ལྷག་ཐོབ། ཀྲུའུ་ཅང་ཟུར་གསུམ་ཚོང་ར་རུ་ཏུན་3000བཙོང་པ་དང་། ཞང་ཀང་དང་ཨའོ་མོན་གྱི་ཚོང་ར་རུ་ཏུན་940བཙོང་པ་རེད། ཐོན་ལས་རྟེན་གནས་ཀྱིས་འདེབས་འཛུགས་དུད་ཚང་14གླིང་ཁུལ་དུ་དྲངས་པ་དང་། ལ་ཕུག་འདེབས་འཛུགས་ཀྱི་རྒྱ་ཁྱོན་མུའུ་2050ལ་ཟིན་ཞིང་། སྒོར་ཁྲི་700ལྷག་གི་བྲིན་འཚོང་མངོན་འགྱུར་བྱུང་བ་དང་། ཉེ་འཁོར་གྱི་ཁམས་འགག་དང་ཉི་འོད་གྲོང་པ་སོགས་ཀྱི་དུད་ཚང་400ལྷག་སྣེ་དྲངས་ཤིང་། ཡོང་བབ་སྒོར་ཁྲི་350ལྷག་ལ་ཉེ་བ་ཙམ་ཡོད་པས། དུད་ཁྱིམ་རེ་ལ་ཆ་སྙོམས་སྒོར་8750ཐོབ། ས་གནས་དེ་ནས་རྟེན་གནས་དོ་དམ་དང་ཞིང་ལས་འཕྲུལ་ཆས་ཀྱི་ཁ་ལོ་པ། རྟེན་གནས་ཁྲོད་ཀྱི་ལས་ཀ་མི་སྣ་8ཡོད་པ་རེད། དབུལ་ཕོངས་དུད་ཁྱིམ་ལ་ས་ཞིང་གཡར་བའི་ཡོང་བབ་ཡོད་པར་མ་ཟད། ཞིང་ལས་བྱས་པའི་གླ་ཆ་དང་འདེབས་འཛུགས་སྒྲུབ་འགན་བླངས་པའི་ཡོང་བབ་སོགས་ཁེ་བཟང་མང་པོ་ཐོབ། ད་དུང་ལས་གཏོད་ལས་ཞུགས་ཀྱི་གོ་སྐབས་སྤྲད་པས། རང་གིས་ནུས་པ་འདོན་པར་མངོན་འགྱུར་བྱུང་། །
དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1