གྲོང་གསེབ་ཀྱི་དགེ་རྒན་གནས་ཐུབ་པ་དང་སློབ་ཁྲིད་ཡག་པོ་བྱེད་ཐུབ་པ་བྱ་དགོས།
རྩོམ་སྒྲིག་པ།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 03-13
ཅང་ཤིས་ཞིང་ཆེན་དབྱི་ཁྲུན་གྲོང་ཁྱེར་ཧྥུན་ཤིང་རྫོང་ཙའོ་ཞ་གྲོང་རྡལ་པེ་དབྱང་སློབ་ཁྲིད་ས་ཚིགས་ཀྱི་དགེ་རྒན་འཐུས་མི་ཀྲི་གཡོད་དབྱིན་གྱིས། གྲོང་གསེབ་ཀྱི་དགེ་རྒན་གཤམ་ལ་སྐྱོད་ཐུབ་པ་དང་། གནས་ཐུབ་པ། སློབ་ཁྲིད་ཡག་པོ་བྱེད་ཐུབ་པ་བཅས་བྱ་དགོས་ན། སྲིད་གཞུང་གི་འགན་ལེན་དང་དགེ་རྒན་གྱི་ལེགས་སྐྱེས་ཐབས་གཉིས་མཉམ་སྤྱོད་བྱ་ཐུབ་པ་བྱ་དགོས། ཕྱོགས་གཅིག་ནས། སྲིད་གཞུང་གིས་སློབ་གཉེར་ཆ་རྐྱེན་ཇེ་མཐོར་གཏོང་བའི་རྨང་གཞིའི་ཐོག་ མུ་མཐུད་གྲོང་གསེབ་དགེ་རྒན་གྱི་ཐོབ་ཐང་ཇེ་མཐོར་གཏོང་རྒྱུ་འགན་སྲུང་བྱ་དགོས་ཤིང་། གྲོང་གསེབ་དགེ་རྒན་གྱི་རྒྱབ་སྐྱོར་འཆར་གཞིའི་ནང་གི་སྲིད་ཇུས་བྱ་ཐབས་ཁག་ལག་བསྟར་ཡག་པོ་བྱ་དགོས་ལ། དགེ་རྒན་གྱི་ཐོབ་ཐང་ཆུ་ཚད་མུ་མཐུད་ཇེ་མཐོར་གཏོང་དགོས་པ་དང་། ལས་རིགས་ཀྱི་ཡིད་དབང་འགུགས་ནུས་ཇེ་མཐོར་གཏོང་དགོས། ཕྱོགས་གཞན་ཞིག་ནས། གྲོང་གསེབ་དགེ་རྒན་ལ་སློབ་གསོར་དགའ་ཞེན་བྱེད་པའི་ངེས་ཤུགས་ལྡན་དགོས་ལ། ཁེ་གྲགས་མི་གཉེར་བར་བརྟན་སྲུང་བྱེད་པའི་བསམ་བློ་ལྡན་དགོས། འཐུས་མི་ཀྲི་གཡོད་དབྱིན་གྱིས། གྲོང་གསེབ་དགེ་རྒན་གསོ་སྐྱོང་དང་གསོ་སྦྱོང་བྱ་རྒྱུར་སྐུལ་འདེད་བཏང་སྟེ། མུ་མཐུད་གྲོང་གསེབ་དགེ་རྒན་གྱི་ལས་རིགས་བྱང་ཚད་ཇེ་མཐོར་གཏོང་བ་དང་། མུ་མཐུད་གྲོང་ཁྱེར་དང་གྲོང་གསེབ་དབར་གྱི་དགེ་རྒན་སྤེལ་རེས་དང་ལས་གནས་བརྗེ་རེས་བྱ་རྒྱུར་ཤུགས་སྣོན་རྒྱབ་ནས། གྲོང་ཁྱེར་ནང་གི་ཕུལ་བྱུང་དགེ་རྒན་གྲོང་གསེབ་དུ་ཡོང་སྟེ། གྲོང་གསེབ་དགེ་རྒན་གྱི་ལས་རིགས་བྱང་ཚད་ཇེ་མཐོར་གཏོང་རྒྱུར་སྐུལ་འདེད་བཏང་བ་དང་། གྲོང་གསེབ་དགེ་རྒན་གྲོང་ཁྱེར་ནང་གི་སློབ་གྲྭར་སློབ་འཁྲིད་སློབ་སྦྱོང་བྱེད་པར་བཏང་སྟེ། སློབ་འཁྲིད་ཀྱི་ནུས་པ་རྒྱུན་ཆད་མེད་པར་གོང་མཐོར་གཏོང་དགོས་པའི་གྲོས་གཞི་བཏོན་པ་རེད།