ཟླ་3ཚེས་12ཉིན། གསར་འགོད་པས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་གཉིས་པའི་དྲུང་ཡིག་ཁྲུའུ་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ཚོགས་འདུའི་ཀྲུའུ་ཞི་ཚོགས་པས་གྲོས་ཐག་བཅད་པའི་འཐུས་མིས་བཏོན་པའི་གྲོས་གཞི་བསྡུ་མཚམས་འཇོག་པའི་དུས་ཚོད་བར། ཚོགས་འདུའི་དྲུང་ཡིག་ཁྲུའུ་ཡི་གྲོས་གཞི་ཚོགས་པར་ཁྱོན་འཐུས་མིའི་གྲོས་གཞི་491འབྱོར་བ་དང་། དེའི་ཁྲོད། འཐུས་མི་ཚོགས་པས་བཏོན་པའི་གྲོས་གཞི་14དང་། འཐུས་མིས་མིང་མཉམ་བཀོད་ཐོག་བཏོན་པའི་གྲོས་གཞི་477ཡོད། དུས་མཚུངས་སུ། གྲོས་གཞི་ཚོགས་པར་ཁྱོན་བསྡོམས་འཐུས་མིས་བཏོན་པའི་བསམ་འཆར་དང་། སྐྱོན་བརྗོད་སོགས་8000ལྷག་ཙམ་འབྱོར་ཡོད་པ་རེད། འདི་ནི་ཟླ་3ཚེས་12ཉིན། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་གཉིས་པའི་དྲུང་ཡིག་ཁྲུའུ་ཡི་ལས་དོན་མི་སྣས་ནན་ཏན་ངང་ལས་དོན་བསྒྲུབ་བཞིན་པ།