སྤྱི་ཟླ་10པའི་ཚེས་18ཉིན། སྐབས་10པའི་ཡར་ཀྲུང་གཙང་པོ་གྲོག་རོང་ཆེན་མོའི་རིག་གནས་ཡུལ་སྐོར་དུས་ཆེན་དངོས་སུ་འགོ་ཚུགས་རྒྱུ་ཡིན་ཞིང་། དུས་ཆེད་འདི་ཉིད་འགོ་འཛུགས་ས་བྱས་ནས་བོད་ལྗོངས་ཀྱི་སྟོན་དགུན་དུས་ཀྱི་ཡུལ་སྐོར་བ་མང་བའི་ཚ་རླབས་ཤིག་ཀྱང་འཆར་རྒྱུ་ཡིན་སྟབས། མིག་སྔར་གྲ་སྒྲིག་ལས་དོན་ཁག་གོ་རིམ་ལྡན་པའི་ངང་སྤེལ་བཞིན་ཡོད།
ཉིང་ཁྲི་ས་ཁུལ་ཡུལ་སྐོར་ཅུས་ཀྱི་ཅུས་ཀྲང་ཝང་ཅུན་གྱིས་ངོ་སྤྲོད་བྱས་པར་གཞིགས་ན། ཡང་ཀླུང་གཙང་པོ་གྲོག་རོང་ཆེན་མོའི་རིག་གནས་ཡུལ་སྐོར་དུས་ཆེན་ནི་བོད་ཀྱི་དུས་ཆེན་ཆེ་གྲས་གསུམ་གྱི་གྲས་ཤིག་ཡིན་པ་དང་མིག་སྔར་སྐབས་9པ་བདེ་བླག་ངང་གཉེར་བ་རེད། ད་ལོའི་ཡར་ཀླུང་གཙང་པོ་གྲོག་རོང་ཆེན་མོའི་རིག་གནས་ཡུལ་སྐོར་དུས་ཆེན་དེ་སྐབས་སྔོན་མ་དག་དང་བསྡུར་ན་བྱེད་སྒོའི་དུས་ཚོད་རིང་ཙམ་ཡོད་དེ། ཟླ་10པ་ནས་ཟླ་11བར་སྤེལ་རྒྱུ་ཡིན་པ་དང་། འཛམ་གླིང་གི་གྲོག་རོང་ཆེ་མོ་ཨང་དང་པོ་དེ་བརྟེན་སར་བྱས་ནས་ཡུལ་སྐོར་བ་ཚོར་ལྟ་ན་སྡུག་པའི་རང་བྱུང་སྐྱེ་དངོས་དང་ཐུན་མོང་མ་ཡིན་པའི་སྤྱི་ཚོགས་དང་རིག་གནས་ཀྱི་གོམས་སྲོལ་མངོན་པར་བྱ་རྒྱུ་ཡིན།།