ཀྲུང་གོ་ཁྲིམས་རིག་ཚོགས་པའི་རྒྱལ་ཡོངས་ཨུ་ཡོན་འཐུས་མིའི་ཚོགས་ཆེན་ཐེངས་བརྒྱད་པ་པེ་ཅིན་ནས་ཚོགས་འགོ་བརྩམས།

རྩོམ་སྒྲིག་པ།ཡོང་ཁུངས།ཀྲུང་གོ་བོད་ཀྱི་དྲ་བ། སྤེལ་དུས། 03-21


        ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ3པའི་ཚེས19ཉིན་གྱི་སྔ་དྲོར། ཀྲུང་གོ་ཁྲིམས་རིག་ཚོགས་པའི་རྒྱལ་ཡོངས་ཨུ་ཡོན་འཐུས་མིའི་ཚོགས་ཆེན་ཐེངས་བརྒྱད་པ་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཚོགས་འགོ་བརྩམས་པ་དང་། ཞི་ཅིན་ཕིང་དང་ལིས་ཁི་ཆང་། ལིས་ཀྲན་ཧྲུའུ། ཝང་ཧུའུ་ཉིང་སོགས་ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་པ་ཚོགས་འདུར་ཞུགས་ནས་རྟེན་འབྲེལ་ཞུས།

        ཚོགས་ཐོག་ཏུ་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཀྲུང་དབྱང་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་གོ་ཧྲིན་ཁུན་གྱིས་ཏང་ཀྲུང་དབྱང་གི་མངག་བཅོལ་ལྟར། ཁ་ཡིག་ལ་ཁྱོན་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་བཅོས་སྐྱོང་བྱེད་པའི་བརྒྱུད་རིམ་གསར་བའི་ཁྲོད་དུ་ཁག་ཁུར་གསར་བ་དང་སྤྱོད་ཚུལ་གསར་བ་མངོན་འགྱུར་བྱེད་དགོས་ཞེས་པའི་ཤིས་ཚུལ་ཕུལ། གོ་ཧྲིན་ཁུན་གྱིས་ཐོག་མར་ཚོགས་ཆེན་བདེ་བླག་ངང་ཚོགས་པར་སྤྲོ་སེམས་འཁོལ་བའི་ངང་རྟེན་འབྲེལ་ཞུས་པར་མ་ཟད་རྒྱལ་ཡོངས་ཀྱི་ཁྲིམས་རིག་པ་དང་བཅའ་ཁྲིམས་བྱ་བ་སྒྲུབ་མཁན་རྣམས་ལ་ལྷག་བསམ་རྣམ་དག་སྒོས་འཚམས་འདྲི་ཞུས།
        གོ་ཧྲིན་ཁུན་གྱིས་ཤིས་ཚིག་ནང་བཤད་རྒྱུར། རྒྱ་ཆེའི་ཁྲིམས་རིག་པ་དང་བཅའ་ཁྲིམས་བྱ་བ་སྒྲུབ་མཁན་གྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་འཛིན་པ་རྒྱུན་འཁྱོངས་བྱས་ཏེ། འདུ་ཤེས་བཞི་ཇེ་དྲག་ཏུ་གཏོང་བ་དང་ཡིད་ཆེས་བཞི་སྔར་ལས་ཇེ་བརྟན་དུ་གཏོང་དགོས་ལ། སྲུང་སྐྱོབ་གཉིས་ལེགས་པར་བསྒྲུབ་དགོས་པར་མ་ཟད། རང་རྟོགས་སྒོས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཁྲིམས་སྐྱོང་བགྲོད་ལམ་གྱི་ལག་ལེན་མཁན་དང་སྤྱི་ཚོགས་རིང་ལུགས་ཁྲིམས་སྐྱོང་རྒྱལ་ཁབ་ཀྱི་འཛུགས་སྐྲུན་མཁན། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཁྲིམས་སྐྱོང་རིགས་གཞུང་གྱི་འཕེལ་རྒྱས་མཁན། སྤྱོད་ཡོན་གཉིས་ལྡན་གྱི་སྤྱི་ཚོགས་རིང་ལུགས་ཁྲིམས་སྐྱོང་ཤེས་ལྡན་མི་སྣའི་སྐྱེད་སྲིང་མཁན་བཅས་བྱས་ནས་དུས་རབས་གསར་བའི་འཕེལ་རིམ་དུ་བྱས་རྗེས་གསར་བ་འཇོག་དགོས་ཟེར།
        ཏེན་ཞའོ་ཞང་དང་ཝང་ཁྲིན། ཁྲིན་ཞི། ཀྲའོ་ཁི་ཀྲི། ཀྲིག་ཆང་། ཀྲང་ཅུན། ཝང་ཡུང་ཆིན་བཅས་ཚོགས་ཆེན་ལ་ཞུགས།
        སྐབས་བདུན་པའི་ཀྲུང་གོ་ཁྲིམས་རིག་ཚོགས་པའི་ཚོགས་གཙོ་ཝང་ལི་ཆོན་གྱིས་གྲོས་ཚོགས་ལ་འགོ་འཛིན་བྱས་པར་མ་ཟད་སྐབས་བདུན་པའི་ལས་འཛིན་ལྷན་ཚོགས་ཀྱི་ཚབ་བྱས་ཏེ་བྱ་བའི་སྙན་ཞུ་ཕུལ། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1