རྩྭ་ཐང་སྟེང་དུ་ང་ཡི་ཁྱིམ་ཚང་གནས།

རྩོམ་སྒྲིག་པ།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 03-25



སྐབས་བརྗེའི་འདེམས་བསྐོའི་ཚོགས་འདུའི་ཐོག ན་སེར་སྡེ་ཁུལ་གྱི་མང་ཚོགས་ཚོས་ཧུར་བརྩོན་ཆེན་པོས་འདེམས་ཤོག་འཕངས་ནས་འདེམས་བསྐོ་བྱེད་ཀྱི་ཡོད་པ་རེད།
     ནག་ཆུ་གྲོང་ཁྱེར་ཨ་མདོ་རྫོང་རྩྭ་རིང་གྲོང་རྡལ་ན་སེར་སྡེ་ཁུལ་གྲོང་ལྷན་ནི་ཆ་སྙོམས་རྒྱ་མཚོའི་ངོས་ལས་ས་བབས་མཐོ་ཚད་སྨི་4700ཡོད་ཅིང་། འདིར་ལོ་ལྟར་ཁ་བ་བུ་ཡུག་འཚུབ་པ་དང་གྲང་ངར་ཆེ་ཞིང་། གནམ་གཤིས་སྡུག་ལ་གསོ་རླུང་ཧ་ཅང་དམའ་པོ་ཡོད། སྡེ་ཁུལ་གྱི་རྒྱ་ཁྱོན་ལ་སྤྱི་ལེ་ངོས་གྲུ་1600ལྷག་ཙམ་ཡོད་པ་དང་།  དུད་ཁྱིམ་ཁྱོན་499དང་མི་གྲངས་1490ཡོད་པས་། ཨ་མདོ་རྫོང་གི་གྲོང་ཚོ་རིམ་པའི་རྩ་འཛུགས་ཆེ་ཤོས་ཤིག་རེད།

ན་སེར་སྡེ་ཁུལ་གྱིས་ཏང་ཡོན་གྱི་ཆེད་དོན་གསོ་སྦྱོང་འཛིན་གྲྭ་གཉེར་ནས།  ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་བརྒྱུད་བསྒྲགས་བྱས་ཏེ།  གཞི་རིམ་ཏང་ཡོན་གྱི་རིགས་པའི་གཞུང་ལུགས་ཀྱི་བྱང་ཚད་དང་ཏང་གཤིས་ཀྱི་འདུ་ཤེས་དང་འཇོན་ཐང་གི་ཆུ་ཚད་མཐོ་རུ་བཏང་བ་རེད།


2018ལོར། ན་སེར་སྡེ་ཁུལ་དུས་བཀག་ལྟར་གྲོང་ཚོ་ཡོངས་དབུལ་སྒྲོལ་བྱུང་བ་དང་། སྡེ་ཁུལ་གྱི་ལས་བྱེད་པ་དང་མང་ཚོགས་ཀྱིས་དབུལ་སྒྲོལ་འགག་སྒྲོལ་ལ་རྒྱལ་ཁ་ཐོབ་པར་རྟེན་འབྲེལ་ཞུས་པ།

ན་སེར་སྡེ་ཁུལ་གྱི་གྲོང་ཚོ་རིམ་པའི་འཕྲོད་བསྟེན་ཁང་གི་སྨན་དོན་མི་སྣས་གྲོང་མི་ཚོར་གཞི་རྩའི་སྨན་བཅོས་འཕྲོད་བསྟེན་ཤེས་བྱ་དྲིལ་བསྒྲགས་བྱེད་པ།

ན་སེར་སྡེ་ཁུལ་དུ་བཅའ་སྡོད་ལས་དོན་རུ་ཁག(བོད་ལྗོངས་ཉིན་རེའི་ཚགས་པར་ལས་ཁུངས་ནས་མངགས་གཏོང་བྱས་)གིས་གྲོང་ཚོ་དང་དུད་ཚང་དུ་བསྐྱོད་དེ། མང་ཚོགས་ཀྱི་བསམ་ཚུལ་ཤེས་རྟོགས་བྱེད་པ་དང་མང་ཚོགས་ཀྱི་བསམ་འཆར་ཉན་ནས། འབད་བརྩོན་ཆེན་པོས་མང་ཚོགས་ཀྱི་སེམས་ཁྲལ་དང་དཀའ་ངལ་སེལ་རོགས་བྱས་པ།   

ན་སེར་སྡེ་ཁུལ་གྱིས་སློབ་གསོར་མཐོང་ཧ་ཅང་ཆེན་པོ་བྱས་པས་སློབ་ན་ལོན་པའི་བྱིས་པ་སློབ་གྲྭར་ཞུགས་ཚད་100%ཟིན་པ།



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1