ཞི་ཅིན་ཕིང་གིས་འགོ་འཛིན་མཛད་དེ་ཀྲུང་དབྱང་ཁྱོན་ཡོངས་བཅོས་སྒྱུར་ཟབ་སྤེལ་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བདུན་པ་བསྡུས་པར་མ་ཟད་གསུང་བཤད་གལ་ཆེན་གནང་།
རྩོམ་སྒྲིག་པ།ཡོང་ཁུངས།མཚོ་སྔོན་བོད་སྐད་རླུང་འཕྲིན། སྤེལ་དུས། 03-25
ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་གསུམ་པའི་ཚེས་བཅུ་དགུ་ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི། ཀྲུང་དབྱང་ཁྱོན་ཡོངས་བཅོས་སྒྱུར་ཟབ་སྤེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཞི་ཅིན་ཕིང་གིས་འགོ་འཛིན་མཛད་དེ་ཀྲུང་དབྱང་ཁྱོན་ཡོངས་བཅོས་སྒྱུར་ཟབ་སྤེལ་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བདུན་པ་བསྡུས་པར་མ་ཟད་གསུང་བཤད་གལ་ཆེན་གནང་།
ཁོང་གིས་བསྟན་དོན། དེང་སྐབས་བཅོས་སྒྱུར་གལ་ཆེན་གང་མང་དངོས་འབེབས་དང་ལག་བསྟར་བྱེད་པའི་གནད་འགག་གི་དུས་སྐབས་སུ་སླེབས་ཡོད་པ་དང་བཅོས་སྒྱུར་ལས་འགན་སྔར་ལས་ལྕི་བས། ཁ་ཕྱོགས་བརྟན་ཞིང་ཕན་འབྲས་འབུར་དུ་ཐོན་པར་བྱེད་པ་དང་། སྟོབས་ཤུགས་ཡོད་རྒུ་བཏོན་ནས་མཁྲེགས་གཏོར་འཐབ་ཇུས་ལག་བསྟར་བྱེད་པར་སྔར་ལས་དོ་སྣང་བྱེད་དགོས། བཅོས་སྒྱུར་ལ་བརྟེན་ཏེ་གཞི་རིམ་དུ་གནས་པའི་ཕྱི་ཚུལ་རིང་ལུགས་ཀྱི་གནད་དོན་ནུས་ལྡན་སྒོས་ཐག་བཅད་དེ་མུ་མཐུད་དུ་མི་དམངས་མང་ཚོགས་ཀྱི་ཐོབ་ཚོར་དང་བདེ་སྐྱིད་ཚོར་སྣང་། བདེ་འཇགས་ཚོར་སྣང་ཇེ་དྲག་ཏུ་གཏང་རྒྱུ་དེ་འབུར་ཐོན་གོ་གནས་སུ་འཇོག་དགོས་པ་དང་། བློ་བརྟན་འགྱུར་མེད་སྒོས་བཅོས་སྒྱུར་གལ་ཆེན་གྱི་བྱེད་ཐབས་སྣ་ཚོགས་དངོས་འབེབས་བྱེད་པར་སྐུལ་འདེད་གཏོང་དགོས་ཟེར།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཁྱོན་ཡོངས་བཅོས་སྒྱུར་ཟབ་སྤེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ལིས་ཁི་ཆང་དང་ཝང་ཧུའུ་ཉིང་། ཧན་ཀྲིན་བཅས་གྲོས་ཚོགས་ལ་ཞུགས།
ཚོགས་ཐོག་ནས་དུས་རབས་གསར་པའི་ནུབ་རྒྱུད་གསར་སྤེལ་ཆེན་མོར་རྣམ་པ་གསར་བ་ཆགས་པར་སྐུལ་འདེད་གཏོང་བའི་སྐོར་གྱི་མཛུབ་སྟོན་བསམ་འཆར་དང་མཐོ་རིམ་སློབ་གྲྭ་དང་ཚན་ཞིབ་གླིང་གི་ཚན་ཞིབ་འབྲེལ་ཡོད་རང་བདག་དབང་ཆ་རྒྱ་སྐྱེད་པའི་སྐོར་གྱི་བསམ་འཆར་འགའ། མིས་བཟོས་རིག་ནུས་དང་དངོས་ཕུང་དཔལ་འབྱོར་མཉམ་འདྲེས་ཟབ་མོ་བྱེད་པར་སྐུལ་འདེད་གཏོང་བའི་སྐོར་གྱི་མཛུབ་སྟོན་བསམ་འཆར། ཞང་སྡེ་བཅོས་སྐྱོང་ལ་ཤུགས་སྣོན་དང་ལེགས་སྒྱུར་བྱེད་པའི་སྐོར་གྱི་མཛུབ་སྟོན་བསམ་འཆར། སྤྱི་ཐུན་ཐོན་ཁུངས་བརྗེ་རེས་སྟེགས་བུ་ལེགས་སྒྲིག་མཉམ་སྤྱོད་ལ་སྐུལ་འདེད་གཏོང་བའི་སྐོར་གྱི་མཛུབ་སྟོན་བསམ་འཆར། སྤྱི་མཐུན་བཅའ་ཁྲིམས་ཞབས་ཕྱིའི་མ་ལག་མྱུར་དུ་འཛུགས་སྐྲུན་བྱེད་པའི་སྐོར་གྱི་བསམ་འཆར་གཞི། མེ་གསོད་ཁྲིམས་འཛིན་བཅོས་སྒྱུར་ཟབ་སྤེལ་བྱེད་པའི་སྐོར་གྱི་བསམ་འཆར་སོགས་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་།
ཚོགས་ཐོག་ནས་བསྟན་དོན། ད་ལོ་ནི་ཀྲུང་གོ་གསར་བ་དབུ་བརྙེས་ནས་ལོ་བདུན་ཅུ་ལོན་པའི་ལོ་ཡིན་པས། ཁྱོན་ཡོངས་ནས་བཅོས་སྒྱུར་ཟབ་སྤེལ་བྱེད་སྐབས་བབ་བསྟུན་མདུན་སྐྱོད་བྱེད་པ་དང་ནུས་ལྡན་བྱེད་ཐབས་ཁ་ཤས་གཏན་འཁེལ་བྱེད་དགོས་ལ། བློ་བརྟན་འགྱུར་མེད་སྒོས་བཅོས་སྒྱུར་གལ་ཆེན་ལ་སྐུལ་འདེད་གཏོང་བ་དང་། དངུལ་རྩ་དང་ཁྲལ་འཕྲི་ཡོན་གཅོག ཚོར་གཉེར་ཁོར་ཡུག ཚན་རྩལ། ཁྲིམས་སྐྱོང་། སྲིད་གཞུང་དོ་དམ། སློབ་གསོ། སྨན་བཅོས། ལས་ཞུགས། ཁོར་ཡུག་སྲུང་སྐྱོབ་སོགས་མང་ཚོགས་ཀྱིས་ཡིད་འཇོག་བྱེད་པའི་བཅོས་སྒྱུར་བྱེད་ཐབས་མྱུར་དུ་ལག་བསྟར་བྱེད་དགོས་ལ། བཅོས་སྒྱུར་བྱས་པ་བརྒྱུད་དེ་མང་ཚོགས་ལ་འབྲེལ་བ་ཡོད་པའི་གནད་དོན་ཐག་གཅོད་དགོས་ཟེར།
ཀྲུང་དབྱང་ཁྱོན་ཡོངས་བཅོས་སྒྱུར་ཟབ་སྤེལ་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་རྣམས་གྲོས་ཚོགས་ལ་ཞུགས་པ་དང་ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་བ་གྲོས་ཚོགས་ལ་ཟུར་ཞུགས་བྱས།