ཉིང་ཁྲིའི་ཁམ་བུའི་མེ་ཏོག་དུས་ཆེན་སྐབས་བཅུ་བདུན་པ་ཟླ་3ཚེས་29ཉིན་སྤེལ་རྒྱུ་ཡིན་པ་དང་། ཟླ་3ཚེས་20ཉིན་ནས་བཟུང་། ཉིང་ཁྲིའི་རྫོང(ཆུས)ཁག་གི་སྐད་གྲགས་ཡོད་པའི་ཁམ་བུའི་མེ་ཏོག་ས་ཚིགས་སུ་ཁམ་བུའི་མེ་ཏོག་ཁྲ་ལམ་མེར་བཞད་ཡོད་པ་དང་། ཁམ་བུའི་མེ་ཏོག་དུས་ཆེན་རིང་སྐུ་མགྲོན་མང་པོ་བསུ་བའི་ཆེད་དུ། ཡར་ཀླུང་གཙང་པོའི་གྲོག་རོང་ཆེན་པོའི་མཛེས་ལྗོངས་ཁུལ་གྱིས་རྒྱང་ཤེལ་དང་ཚ་རླངས་ལྒང་བུ་མཉམ་རོལ་གྱི་ཞབས་ཞུ་མཁོ་འདོན་བྱས་ཡོད་པ་རེད།