ཕྱག་ཕྲེང་རྫོང་གིས་བྱེད་ཐབས་གསུམ་སྤྱད་ནས་དབུལ་ཐར་གྲུབ་འབྲས་སྲ་བརྟན་བཏང་།
རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 03-28
ཉེ་བའི་ལོ་ཤས་རིང་། སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ཕྱག་ཕྲེང་རྫོང་གིས་བྱེད་ཐབས་གསུམ་སྤྱོད་ནས་དབུལ་ཐར་འགག་སྒྲོལ་ཐད་ཐོབ་པའི་གྲུབ་འབྲས་སྲ་བརྟན་བཏང་ནས། དུས་བཀག་ལྟར་དབུལ་པོའི་ཞྭ་མོ་ཕུད་པའི་ཞིབ་བཤེར་རྩིས་ལེན་བྱས་རྗེས་སྤུས་ཚད་མཐོ་བ་དང་ཁྱོན་ཡོངས་ནས་འབྱོར་འབྲིང་བསྐྲུན་པར་འགན་ལེན་བྱས་པ་རེད།
གྲོང་སྡེ་དར་རྒྱས་གཏོང་བའི་འཐབ་ཇུས་དམ་འཛིན་བྱེད་པར་བརྟེན་ནས་གྲོང་སྡེ་དར་རྒྱས་གཏོང་བའི་འཐབ་ཇུས་ཀྱི་བླང་བྱ་ཁོང་དུ་ཆུད་པ་དང་། ཞིང་ཆེན་དང་ཁུལ་ཨུའི་ལས་ཀའི་ཇུས་གཞི་དང་འབྲེལ་མཐུད་བྱེད་པ་དང་རྫོང་དེའི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ། ཕྱག་ཕྲེང་རྫོང་གི་ཁྱད་ཆོས་མངོན་གསལ་བྱས་ནས་དངོས་སྒྲུབ་དང་ཕན་ཡོད་བྱ་རྒྱུར་དོ་སྣང་བྱས་པ་རེད། གྲོང་སྡེའི་དཔལ་འབྱོར་རྨང་གཞི་གང་ཐུབ་ལེགས་སུ་གཏོང་བ་དང་མི་སྡོད་ཁོར་ཡུག་ལེགས་བཅོས། སྤྱི་པའི་ཞབས་ཞུ་འཐུས་ཚང་། སྒྲིག་བཅོས་ཆུ་ཚད་ཇེ་མཐོ། དཔལ་ཡོན་བྱང་ཚད་ཇེ་དྲག གྲོང་སྡེའི་ཐོན་ལས་དང་ཤེས་ཡོད་མི་སྣ། རིག་གནས། སྐྱེ་ཁམས། རྩ་འཛུགས་དར་རྒྱས་གཏོང་བའི་ལས་དོན་གྱི་ཇུས་གཞི་སོགས་ཆུ་ཚད་མཐོ་བའི་འཆར་འགོད་བཟོས་ནས། དབུལ་ཐར་འགག་སྒྲོལ་དང་གྲོང་སྡེ་དར་རྒྱས་གཏོང་བའི་ལས་ཀ་དང་འབྲེལ་མཐུད་དམ་པོ་བྱས་པ་རེད།
འཕེལ་རྒྱས་ཀྱི་རྨང་གཞི་མཐོ་རུ་གཏང་རྒྱུ་དེ་སྲོག་ཤིང་བྱས་ཏེ། ཐོན་ལས་འཕེལ་རྒྱས་གཏོང་བའི་སྲོག་ཤིང་དང་ལས་ཞུགས་འབབ་འཕར་གྱི་གཙོ་བོར་དམ་འཛིན་བྱས་ནས་ས་ཁོངས་ཡོངས་སུ་ཐོན་ལས་ལ་བརྟེན་ནས་མི་དམངས་ཕྱུག་པོར་ཆགས་པའི་བྱ་སྤྱོད་ལག་བསྟར་ཤུགས་ཆེན་བྱས་ཡོད། ཁེ་ལས་འཕེལ་རྒྱས་ཀྱི་ཞིང་ལས་ཐོན་རྫས་ལས་སྣོན་དང་ཡུལ་སྐོར་ལས་རིགས་ལ་རོགས་སྐྱོར་བྱས་ནས་ཁེ་ཕན་འབྲེལ་མཐུད་དང་ནང་སྲོལ་འཐུས་ཚང་བཏང་ནས། མང་ཚོགས་ལ་ཡོང་འབབ་རྒྱུན་མཐུད་ངང་འཕར་སྣོན་ཡོང་བར་བྱས་ཡོད། གཞུང་ལམ་འགྲིམ་འགྲུལ་ལེགས་བཅོས་རིམ་སྤོར་བྱས་ནས་ཤམ་བྷ་ལ་ཆེན་པོའི་ཡུལ་སྐོར་སྐོར་ལམ་ཤར་གཏོང་ཐུབ་པ་དང་། འགྲིམ་འགྲུལ་དང་ཟོང་སྐྱེལ་ཞན་ཆ་ལེགས་བཅོས་བྱས་ཡོད། ཆུ་གློག་ཐད་ཀྱི་མ་དངུལ་འཇོག་ཤུགས་ཆེ་རུ་བཏང་ཡོད། ལོ་གསུམ་གྱི་གྲོང་སྡེའི་མི་སྡོད་ཁོར་ཡུག་བཅོས་སྒྲིག་བྱ་སྤྱོད་ལག་བསྟར་ཡག་པོ་བྱས་ནས་མི་སྡོད་ཁོར་ཡུག་མཐོ་རུ་ཕྱིན་ཡོད། སློབ་གསོ་དང་སྨན་བཅོས། རིག་གནས་སོགས་ཀྱི་སྤྱི་པའི་ཞབས་ཞུའི་ནུས་པ་ཆེ་རུ་བཏང་ནས་སྤྱི་པའི་ཞབས་ཞུའི་སྤུས་ཚད་དང་ཆུ་ཚད་ལེགས་སུ་ཕྱིན་ཡོད། གྲོང་སྡེའི་གཞི་རིམ་རྩ་འཛུགས་འཛུགས་སྐྱོང་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས། གཞི་རིམ་རྩ་འཛུགས་ཀྱིས་མང་ཚོགས་སྣེ་ཁྲིད་དེ་འཕེལ་རྒྱས་ལ་དམ་འཛིན་བྱས་ནས་འབབ་འཕར་ལ་སྐུལ་འདེད་གཏོང་བའི་ནུས་པ་ཆེ་རུ་བཏང་ཡོད་པ་རེད།
རྒྱུན་མཐུད་གཏིང་ཟབ་རོགས་སྐྱོར་བྱེད་པར་བརྟེན་ནས་རོགས་སྐྱོར་བྱ་ཐབས་མུ་མཐུད་ནས་གཏིང་ཟབ་ཏུ་བཏང་སྟེ། ཐོན་ལས་འཕེལ་རྒྱས་དང་ཤེས་ལྡན་མི་སྣ་གསོ་སྐྱོང་སོགས་ཀྱི་ཐད་མ་དངུལ་འཇོག་ཤུགས་ཆེ་རུ་གཏོང་བ་དང་། མང་ཚོགས་ཀྱི་འབབ་འཕར་ཕྱུག་བསྒྱུར་ནུས་པ་རྒྱུན་མི་ཆད་པར་ཆེ་རུ་བཏང་ནས་མང་ཚོགས་འབབ་འཕར་ཕྱུག་འགྱུར་གྱི་ལམ་བུ་ཆེན་པོ་བསྐྲུན་རྒྱུ་རེད། །