《གེ་སར་སྒྲུང་ཡིག་ཆེན་མོ》དཔེ་ཚོགས་འགྲེམས་སྤེལ་དང་ལེགས་སྐྱེས་སུ་འབུལ་བའི་མཛད་སྒོ་པེ་ཅིང་དུ་སྤེལ་བ།

རྩོམ་སྒྲིག་པ།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 04-01


     《གེ་སར་སྒྲུང་ཡིག་ཆེན་མོ》ཞེས་པའི་དཔེ་ཚོགས་འགྲེམས་སྤེལ་དང་ལེགས་སྐྱེས་སུ་འབུལ་བའི་མཛད་སྒོ་པེ་ཅིང་མི་རིགས་རིག་གནས་ཕོ་བྲང་དུ་སྤེལ་ཞིང་། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། རྒྱལ་ཁབ་མི་རིགས་དོན་གཅོད་ཨུ་ལྷན་གྱི་ཀྲུའུ་རེན་པ་ཐེར་མཛད་སྒོར་ཞུགས་པ་དང་གསུང་བཤད་གནང་། 
     པ་ཐེར་གྱི་བསྟན་དོན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཚད་མཐོའི་ངང་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ལ་མཐོང་ཆེན་གནང་ཞིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་《གླིང་སྒྲུང་》སོགས་གྲངས་ཉུང་མི་རིགས་ཀྱི་ལོ་རྒྱུས་སྙན་ངག་ཐད་ལ་གསུང་བཤད་ཐེངས་མང་གནང་སྟེ།      གྲངས་ཉུང་མི་རིགས་ཀྱི་རིག་གནས་ཚུད་པའི་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ལ་གསར་གཏོད་རང་བཞིན་གྱི་སྤོ་སྒྱུར་དང་གསར་གཏོད་རང་བཞིན་གྱི་འཕེལ་རྒྱས་ཡོང་བར་སྐུལ་འདེད་གནང་ཡོད། 

        པ་ཐེར་གྱིས་ནན་བཤད་གནང་དོན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ ། ཀྲུང་ཧྭ་རིག་གནས་ཀྱི་ལངས་ཕྱོགས་བརྟན་པོ་འཛིན་པ་དང་། ཀྲུང་ཧྭ་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དར་སྤེལ་གཏོང་ཞིང་། རིག་གནས་ཀྱི་གདེང་ཚོད་ཆེ་རུ་གཏོང་བ། རིག་གནས་ཀྱི་ངོས་འཛིན་གཅིག་མཐུན་ཆེ་རུ་བཏང་ནས། མི་རིགས་ཁག་གི་ཐུན་མོང་གི་བསམ་པའི་དཔལ་ཡོན་གྱི་ཁྱིམ་གཞིས་འཛུགས་སྐྲུན་བྱེད་པ་དང་། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ཚོགས་པའི་འདུ་ཤེས་བརྟན་པོར་བསྐྲུན་ནས། “ཀྲུང་ཧྭ་མི་རིགས་ཁྱིམ་ཚང་གཅིག ཀྲུང་གོའི་ཕུགས་འདུན་མཉམ་དུ་གཏོད”པ་མངོན་འགྱུར་ཡོང་བར་སྐུལ་འདེད་བྱེད་པ་དང་། ཕུལ་བྱུང་གི་གྲུབ་འབྲས་ཀྱིས་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་70འཁོར་བར་བསུ་དགོས། 

    《གླིང་སྒྲུང་》ནི་འཛམ་གླིང་རིག་གནས་བང་མཛོད་ཀྱི་འོད་མདངས་འཚེར་བའི་ནོར་བུ་ལྟ་བུ་ཞིག་ཡིན་ཞིང་། ཀྲུང་ཧྭ་མི་རིགས་ཀྱིས་མིའི་རིགས་ཀྱི་དཔལ་ཡོན་ལ་ཕུལ་བའི་མཛད་རྗེས་གལ་ཆེན་ཞིག་ཀྱང་ཡིན། ཐེངས་འདིར་འགྲེམས་སྤེལ་བྱས་པའི《གེ་སར་སྒྲུང་ཡིག་ཆེན་མོ》ནི་མི་རིགས་མང་བ་དང་། སྐད་རིགས་མང་བའི་པོ་ཏི་ཆེན་པོ་གསུམ་ཏེ་དེབ་30དང་ཡིག་འབྲུ་ཁྲི་2500ལས་གྲུབ་ཡོད། 
    འདི་ནི་རྒྱལ་ཁབ་མི་རིགས་དོན་གཅོད་ཨུ་ཡོན་ལྷན་ཁང་གི་ཁོངས་གཏོགས་ནུབ་བྱང་མི་རིགས་སློབ་ཆེན་གྱི་མཁས་པ་མང་པོས་ལོ་ངོ་ཉི་ཤུ་ལྷག་གི་རིང་ལ་དཀའ་སྤྱད་འབད་བརྩོན་གནང་བ་དང་། ནུས་ཤུགས་ཡོད་རྒུ་བཏོན་ནས་ལེགས་འགྲུབ་བྱུང་བ་ཞིག་ཡིན་ཞིང་། འཚོལ་སྡུད་ལེགས་སྒྲིག་དང་། ཡིག་སྒྱུར། ཞིབ་འཇུག་བཅས་གཞི་གཅིག་ཏུ་བྱས་ཏེ། ཚན་རིག་དང་མཐུན་པའི་དབྱེ་ཞིབ་བྱེད་པའི་རྨང་གཞིའི་ཐོག མི་རིགས་མང་པོའི《གླིང་སྒྲུང་》ལ་ཁྱོན་ཡོངས་དང་རིམ་པ་མང་པོའི་སྒོ་ནས་ལེགས་སྒྲིག་དང་ཞིབ་འཇུག་བྱས་ཤིང་། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བའི་རིག་གནས་ཀྱི་དོན་སྤྱི་དང་མི་རིགས་ཁག་གི་ཐུན་མོང་གི་བསམ་པའི་དཔལ་ཡོན་གྱི་ཁྱིམ་གཞིས་འཛུགས་སྐྲུན་གྱི་ཆེད་དུ། དེང་རབས་ཀྱི་རིན་ཐང་ལྡན་པའི་རིག་གནས་རྩེ་གྲ་མཁོ་འདོན་བྱས་ཡོད། 

 ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོས་ཀྲུང་གོའི་རྒྱལ་ཁབ་དཔེ་མཛོད་ཁང་དང་། མི་རིགས་རིག་གནས་ཕོ་བྲང་། ཀྲུང་གོའི་སྤྱི་ཚོགས་ཚན་རིག་ཁང་གི་མི་རིགས་ཀྱི་རྩོམ་རིག་ཞིབ་འཇུག་ཁང་། ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས། བོད་ལྗོངས་སྤྱི་ཚོགས་ཚན་རིག་ཁང་། མཚོ་སྔོན་ཞིང་ཆེན་གེ་སར་སྒྲུང་ཞིབ་འཇུག་ཁང་། ནང་སོག་རང་སྐྱོང་ལྗོངས་གེ་སར་ལས་དོན་ཞིབ་འཇུག་ཁང་བཅས་ལ་དེབ་འདི་ལེགས་སྐྱེས་སུ་ཕུལ་ཡོད། 




རྩོམ་ཡིག་སྔོན་མ།
འཕྲིན་པ།
རྩོམ་ཡིག་རྗེས་མ།
སྐྱེལ་མ།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1