ཁ་རོག་གེར་སྡོད་དུས།
རང་གིས་དྲན་སྲིད་པའི་རྒྱང་རིང་དང་རྒྱང་རིང་གི་གཏམ་རྒྱུད།
གཏམ་རྒྱུད་དང་འབྲེལ་བའི་དགའ་སྐྱོ་ཆགས་སྡང་གི་གྲུབ་གཟུགས།
ཡོད་ཚད་བརྗེད་ན་འདོད་ཨང་།
གནས་འདིར་ཡང་བསྐྱར་འཛོམས་མི་སྲིད་ནའང་།
སེམས་སུ་ཡོད་པའི་གཏམ་རྒྱུད་དག་ནམ་ཡང་གཏམ་རྒྱུད་ཡིན་པས།
ང་ལ་སྐྱེལ་མ་བྱེད་པའི་སྐད་ཆ་མི་འདུག།
རྒྱང་དུ་རྨི་ལམ་གྱི་དྲན་གདུང་ཡོད།
ནམ་ཡང་སད་པར་མི་འདོད་པའི་རེ་སྒུག་ཅིག་ཡོད།
འདི་དག་གི་ཟབ་སར་ན་ཟུག་ཅིག་དང་སྡུག་བསལ་གྱི་ལོ་མ་སྤུངས་ཡོད།
ཐག་ཉེ་ནས་རྒྱང་དུ་བཞུད་སོང་བ་དེ།
སེམས་སུ་བཞག་པའི་རྨ་ཁ་རིགས་ཤིག་ཏེ།
ནམ་ཡང་སྨུག་པ་བཞིན་དྭངས་ཀྱང་སྔར་བཞིན་འཐིབ་ངེས་སོ།
ད་ནི་སྙིང་གཏམ་མི་འདུག།
ད་ནི་སྐྱེལ་མའང་བྱ་དགོས་མི་འདུག།
ད་ནི་ལས་ཀྱི་སྐྱེམས་ཆང་ཀྱང་མི་འདུག།
མཚན་མོ་ཁོ་ན་སེམས་ཀྱིས་ཞབས་བཏགས་གནང་ཆོག།
རྒྱང་དུ་བཞུད་ཟིན་པའི་ཁྱེད།
ནམ་ཡང་ཐག་ཉེ་པོ་ན་ཡོད།