འཕྲུལ་རྟ་སྒྲོག་འགྲེལ་ཚོགས་པས་རོང་འབྲོག་དམངས་ལ་དམངས་ཕན་སྲིད་ཇུས་བརྒྱུད་སྒྲོག་བྱས།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 04-18



              ཉེ་ཆར།  མཛོད་དགེ་རྫོང་གི་རྫོང་ཨུའི་དྲིལ་སྒྲོག་པུའུ་ཡིས་སྒྲིག་འཛུགས་བྱས་པའི་“འཕྲུལ་རྟ་སྒྲོག་འགྲེལ་ཚོགས་པ”བན་ཡུལ་ཡུལ་ཚོར་སོང་ནས་སྲིད་ཇུས་སྒྲོག་འགྲེལ་བྱེད་པའི་བྱེད་སྒོ་སྤེལ་ནས་རྒྱ་ཆེའི་མང་ཚོགས་ཀྱིས་ཏང་གི་གནས་ཚུལ་ཤེས་རྟོགས་དང་། ཏང་གི་བཀའ་དྲིན་ཚོར་བ། ཏང་གི་སྐད་ཆ་ཉན་པ་བཅས་ལ་ཁྲིད་སྟོན་བྱས། 
             བན་ཡུལ་ཡུལ་ཚོའི་སྒྲོག་འགྲེལ་པས་བོད་རྒྱ་སྐད་ཡིག་གཉིས་ཀྱི་ཐོག་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སྒྲོག་འགྲེལ་བྱས་པ་དང་།  གོ་བདེ་ཤེས་སླའི་སྐད་ཆའི་ཐོག་ནས་ཏང་གི་དམངས་ཕྱུག་དམངས་ཕན་གྱི་དབུལ་བྲལ་འགག་སྒྲོལ་གྱི་སྲིད་ཇུས་དང་རྒྱལ་ཁབ་ཀྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་སོགས་ཀྱི་ནང་དོན་འགྲེལ་བཤད་བྱས་ཏེ། རོང་འབྲོག་པར་བཅའ་ཁྲིམས་ཤེས་བྱ་ཤེས་རྟོགས་གང་ལེགས་ཐུབ་པ་བྱས། སྒྲོག་འགྲེལ་གྱི་ནང་དོན་གཙོ་བོ་བདེ་འཇགས་དོ་དམ་དང་། མི་རིགས་ཆོས་ལུགས། ནག་སེལ་ངན་སེལ། ཁོར་ཡུག་སྲུང་སྐྱོང་། གཞུང་ལམ་འགྲིམ་འགྲུལ་བདེ་འཇགས་སྐོར་གྱི་ཐོན་སྐྱེད་དང་འཚོ་བར་འབྲེལ་བ་དམ་ཟབ་ཡོད་པའི་བཅའ་ཁྲིམས་དང་ཁྲིམས་སྲོལ་སོགས་ཡིན། 
              བན་ཡུལ་གྲོང་སྡེའི་འབྲོག་པ་རྡོ་རྗེ་ཚེ་བརྟན་གྱིས ། “ད་རེས་སྒྲོག་འགྲེལ་བྱས་པ་བརྒྱུད། ང་ཚོས་རྩྭ་ཕྱུགས་དོ་སྙོམས་ཡོང་རྒྱུར་འགན་ལེན་བྱས་ཏེ། འོས་འཚམ་གྱིས་ཕྱུགས་རིག་འཚོས་ནས་མིག་འདུན་གྱི་ཁེ་སྤོགས་ཆུང་བའི་ཆེད་དུ། ཕྱུགས་རིགས་མང་བོ་འཚོ་མི་རུང་བ་ཤེས་བྱུང་། སྒྲོག་འགྲེལ་རུ་ཁག་གིས་དཀའ་ངལ་ལ་མ་འཛེམས་པར་ང་ཚོའི་ཐག་རིང་ཕྱུགས་ར་ཡོང་ནས་སྲིད་ཇུས་འགྲེལ་བཤད་བརྒྱབ་པར་ང་ཚོས་ཀྱང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་གསར་འགོད་པར་དེ་ལྟར་བཤད། 
             ཉེ་བའི་ལོ་ཤས་རིང་མཛོད་དགེ་རྫོང་གིས་སྔར་ཡོད་ཀྱི“རྟ་ཐོག་སྒྲོག་འགྲེལ་རུ་ཁག”གི་རྨང་གཞིའི་ཐོག་ལས་ཀའི་བྱ་ཐབས་གསར་གཏོད་བྱས་ཏེ།རྫོང་ཡོངས་ཀྱི་ཡུལ་གྲོང་8དང་། གྲོང་སྡེ་58ནས་སྲིད་ཇུས་་རྒྱུས་མངའ་ཡོད་པའི་བོད་རྒྱ་སྐད་གཉིས་ཤེས་པའི་ཏང་ཡོན་ལས་བྱེད་པ་478བདམས་ནས“འཕྲུལ་རྟའི་་སྒྲོག་འགྲེལ་ཚོགས་པ”58བཙུགས་ཏེ་རྒྱ་ཆེའི་མང་ཚོགས་ལ་ཁྱོན་ཡོངས་ནས་གཏིང་ཟབ་པའི་སྒོ་ནས་སྲིད་ཇུས་སྒྲོག་འགྲེལ་བྱས་པ་མ་ཟད། ད་དུང་གཞི་རིམ་དུ་བསྐྱོད་དེ་མང་ཚོགས་དང་ངོ་ཐུག་གདོང་འཕྲད་ངང་སྤེལ་རེས་བྱས་ཏེ་ཚང་མས་དོ་ཁུར་དང་།གླེང་མང་བའི་གནད་དོན་ལ་དམིགས་ཤིང་འགྲེལ་བཤད་བརྒྱབ་ནས་ཏང་གི་དམངས་ཕན་སྲིད་ཇུས་ཞིང་འབྲོག་པའི་ཉེ་འགྲམ་དུ་བརྒྱུད་སྒྲོག་བྱས་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1