ལང་ལོང་དྲག་ཏུ་བཞུར་པའི་གཙང་ཆུའི་རླབས་ཕྲེང་དགུང་ལ་འཕྱོ་བཞིན་གཙང་འགྲམ་བྲག་རིའི་ངོགས་སུ་རྡེབ་པས། སི་ཁྲོན་ཞིང་ཆེན་མངའ་ཁོངས་སུ་རྒྱལ་རོང་རྒྱལ་མོ་རྔུལ་ཆུ་ཞེས་ཡིད་དབང་འཕྲོག་པའི་གྲོག་རོང་གི་མཛེས་ལྗོངས་ཤིག་ངང་གིས་ཆགས་ཡོད། དེ་ཡང་སྐབས་ཤིག་ལ་ཆུ་བོའི་གཞོགས་གཉིས་ནས་མི་རྣམས་ཕར་འགྲོ་ཚུར་འོང་དང་དངོས་ཟོག་ཕར་སྐྱེལ་ཚུར་འདྲེན་གྱི་ལས་ཀ་ཐམས་ཅད་བགྱི་བའི་གེགས་སུ་གྱུར།
1706ལོར་རྒྱལ་རོང་རྒྱལ་མོ་རྔུལ་ཆུར་བརྒལ་བའི་ལྕགས་ཐག་ཟམ་པ་ཐོག་མ་ལོའུ་ཏེན་ཟམ་པ་བཟོ་བསྐྲུན་གནང་བས། གཙང་བོའི་གཞོགས་གཉིས་སུ་ཕར་འགྲོ་ཚུར་འོངས་བྱེད་པར་གྲུ་དང་ཐག་པར་ཤུད་པའི་གནས་ཚུལ་གཞི་ནས་མཇུག་སྒྲིལ་སྟེ། རྒྱ་བོད་བར་གྱི་འགྲིམ་འགྲུལ་གཟུང་ཐག་གལ་ཆེན་ཞིག་ཏུ་གྱུར་ཅིང་། གནའ་ལམ་ཡང་དེ་དང་བསྟུན་ནས་ལམ་ཁ་ཡངས་པོར་གྱུར།
1935ལོའི་ཟླ་5པའི་ཚེས་29ཉིན་གྱི་དུས་ཚོད་6ཙམ་དུ། དམར་དམག་འཐབ་འཛིང་པས་མདེའུ་ཆར་བ་བཞིན་དུ་འབབ་ཅིང་མེ་རགས་སྣ་ཚོགས་བྱས་པའི་ལྕགས་ཟམ་བརྒྱུད་དེ་ཟམ་སྣེ་འཛིན་པ་བྱུང་། ཤར་འགྲམ་གྱི་དཔུང་སྡེ་དང་སྡོངས་ནས་ལོའུ་ཏེན་ཟམ་པའི་མཐའ་སྐོར་ཞིང་ཚུར་བླངས། དེའི་ཕྱིར་ལོའུ་ཏེན་ཟམ་པ་དེ་ཀྲུང་གོ་གུང་ཁྲན་ཏང་གི་དམར་དམག་རྒྱང་སྐྱོད་དུས་སྐབས་ཀྱི་ལམ་ཚད་རྡོ་རིང་བཞིན་གལ་ཆེན་ཤིག་ཏུ་གྱུར། དེ་ཡང་ལོ་རྒྱུས་ཀྱི་དོན་སྙིང་གལ་ཆེན་ལྡན་པའི་དམར་དམག་དཔུང་ཁག་དང་པོ་དང་གཉིས་པ། བཞི་བ་བཅས་དཔུང་འཛོམས་བྱུང་ནས། མཐའ་མར་བྱང་ཕྱོགས་ཧྲན་ཞི་བྱང་རྒྱུད་དུ་སྐྱོད་དེ་དམར་དམག་རྒྱང་སྐྱོད་མཇུག་སྒྲིལ་ཡོང་བར་རྨང་གཞི་བརྟན་པོ་བཏིངས་ཤིང་། དེས་ཀྲུང་གོའི་གསར་བརྗེའི་ལོ་རྒྱུས་ཐོག་ཏུ་ཉམས་པ་མེད་པའི་ལེ་ཚན་ཞིག་བྲིས་ཡོད་པ་རེད།
པར་ནི་ལོའུ་ཏེན་ཟམ་པ་ཡིན།
པར་ནི་ལོའུ་ཏེན་ཟམ་པ་ཡིན།
པར་ནི་ལྕགས་ཟམ་ཞིག་གསོ་བྱེད་སྐབས་ལྕགས་ཐག་སྟེང་གི་པང་ལེབ་བཀག་རྗེས་ཀྱི་རྣམ་པ་ཡིན།
ལོའུ་ཏེན་ཟམ་པའི་སྟོད་རྒྱུད་ཀྱི་ཧ་ལམ་སྨི་500ཡི་མཚམས་ནས། དེ་སྔོན་1950ལོར་བོད་ལྗོངས་སུ་བསྐྱོད་པའི་དམག་སྡེ་བཅོ་བརྒྱད་པས་“ཕྱོགས་གཅིག་ནས་དཔུང་སྐྱོད་དང་ཕྱོགས་གཞན་ཞིག་ནས་འཛུགས་སྐྲུན་”བྱེད་པའི་”འབོད་སྐུལ་ལྟར། རྒྱལ་རོང་རྒྱལ་མོ་རྔུལ་ཆུ་འཕྲེད་ཀྱིས་བརྒལ་བ་དང་གནའ་ནས་ཡོད་པའི་གེགས་ཆེན་འདི་སེལ་ཆེད་དྲག་ཏུ་རྒྱུག་པའི་ཆུ་བོ་རྒྱལ་རོང་རྒྱལ་མོ་རྔུལ་ཆུར་གཞུང་ལམ་ཟམ་ཆེན་ཐོག་མ་སྟེ་རྒྱལ་རོང་རྒྱལ་མོ་རྔུལ་ཆུའི་ཟམ་པ་བཟོ་སྐྲུན་གནང་བ་རེད།
རྒྱལ་རོང་རྒྱལ་མོ་རྔུལ་ཆུའི་ལྕགས་ཟམ་གྱི་ཤར་ནུབ་ཟམ་མདུང་གི་མཐོ་ཚད་ལ་སོ་སོར་སྨི་16དང་། ཁུང་བུའི་ཚངས་ཐིག་ལ་སྨི་132། ཟམ་ངོས་ལ་སྨི་4.5བཅས་ཡོད། དེ་ཡང་ཚངས་ཐིག་ལ་ལི་སྨི་3ཙམ་གྱི་རྣོ་ཐག་27ཟམ་པའི་གཡས་གཡོན་གཞོགས་གཉིས་སུ་ཁེབས་ཡོད་ལ། དཀྱིལ་དུའང་ཆེ་ཆུང་མཚུངས་པའི་རྣོ་ལྕགས་འཕྲེད་ཐག་45རྒྱལ་རོང་རྒྱལ་མོ་རྔུལ་ཆུའི་ཡང་སྟེང་ནས་དཔྱང་ཡོད་པ་རེད། ཟམ་ཆེན་འདིར་གྲངས་ལས་འདས་པའི་ངར་ལྕགས་ཚ་ལ་བྱས་ཏེ་གྲུབ་ལ། ངར་ལྕགས་སྒྲོམ་གཞིའི་སྟེང་ཧ་ལམ་སྨི་0.5ཡོད་པའི་ལི་སེར་པང་གཅལ་བཏིངས་བ་དང་། དེའི་ཐོག་ཏུ་རྒྱ་ཡིག་གི་“人”དབྱིབས་ཅན་གྱི་ཤིང་ལེབ་བཏིངས་ཡོད་པས་ཐེག་ཚད་ཏུན་15ཅན་བརྒལ་ཆོག ཟམ་ཆེན་འདིར་1951ལོའི་ཟླ་6པར་རླངས་འཁོར་ཤར་གཏོང་བྱས་ལ། བློ་མཐུན་ལིའུ་པོ་ཁྲེང་གིས་“རྒྱལ་རོང་རྒྱལ་མོ་རྔུལ་ཆུ་ཟམ་པ”ཞེས་པའི་ཡིག་འབྲུ་ཆེན་པོ་འགའ་ཕྱག་བྲིས་གནང་ཞིང་། བློ་མཐུན་ཀྲུའུ་ཏེ་ཡིས་ཟམ་ཆེན་སྟེང་ཚིགས་བཅད་ཀྱིས། ལེ་དབར་ཁྲི་ཡི་རྒྱང་སྐྱོད་ཉིད་ཀྱིས་ལོའུ་ཏེན་ཟམ་པའི་ཉེན་ཁ་དྲན། །དཔུང་ཁག་གསུམ་གྱིས་མཐའ་སྲུང་ནན་མོས་བཙན་རྒྱལ་པ་ལ་རྒོལ་ལན་སྤྲད། །ཅེས་ཕྱག་བྲིས་མཛད།
དུས་རབས་20པའི་ལོ་རབས་བདུན་ཅུ་པའི་སྟོད་ཀྱི་ཆར། མེས་རྒྱལ་གྱི་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་གྱི་བྱ་གཞག་འཕེལ་རྒྱས་ཕྱིན་པ་དང་བསྟུན་ནས། མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་གཞུ་གཉིས་ཟམ་ཆེན་ཞིག་རྒྱལ་རོང་རྒྱལ་མོ་རྔུལ་ཆུའི་ཡང་སྟེང་ནས་གསར་དུ་བཞེངས། དུས་དེ་ནས་བཟུང་རྒྱལ་རོང་རྒྱལ་མོ་རྔུལ་ཆུའི་ཟམ་པ་དེ་དམག་གྲབས་ཟམ་པར་བརྩིས་ནས་སྲུང་སྐྱོབ་བྱས། 1999ལོར་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གྱིས་ཟམ་ཆེན་དེ་ཁག་དང་པོའི་གཙོ་གནད་རིག་དངོས་སྲུང་སྐྱོབ་སྡེ་ཚན་དུ་བདམས་པ་རེད།
པར་ནི་རྒྱལ་རོང་རྒྱལ་མོ་རྔུལ་ཆུ་ཟམ་པའི་ཆ་ཤས་ཤིག་ཡིན།
པར་ནི་རྒྱལ་རོང་རྒྱལ་མོ་རྔུལ་ཆུ་ཟམ་པའི་ཆ་ཤས་ཤིག་ཡིན།
2014ལོའི་ཟླ་9པའི་ཚེས་1ཉིན། ལོའུ་ཏེན་ཟམ་ཆེན་གྱི་སྟོད་རྒྱུད་སྤྱི་ལེ་7ཡས་མས་ཀྱི་མཚམས་སུ། ཟམ་པ་ཧྲིལ་པོའི་རིང་ཚད་ལ་སྨི་1411ཡོད་པ་དང་། བརྒལ་ཚད་ལ་སྨི་1100ཡོད་པ། ཟམ་ངོས་ནས་ཆུ་ངོས་དབར་སྨི་239ཡོད་པའི་དེང་རབས་ཅན་གྱི་ངར་ལྕགས་གདུང་མའི་དཔྱང་ཐག་ཟམ་ཆེན་ཏེ་ཞིན་ཁང་ཟམ་ཆེན་ཞེས་པ་རྒྱལ་རོང་རྒྱལ་མོ་རྔུལ་ཆུའི་ཡང་སྟེང་ན་འཕྲེད་དུ་བཞེངས་ཡོད།
པར་ནི་བྲག་རོང་ཁྲོད་ཀྱི་ཞིན་ཁང་ཟམ་ཆེན་ཡིན།
པར་ནི་ཞིན་ཁང་ཟམ་ཆེན་ཐོག་རླངས་འཁོར་བསྐོར་བཞིན་པ་ཡིན།
པར་ནི་ཞིན་ཁང་ཟམ་ཆེན་རེད།
2018ལོའི་ཟླ་2པའི་ཚེས་6ཉིན། ཞིན་ཁང་ཟམ་ཆེན་གྱི་འདེགས་སྒྲོམ་རྐྱོང་བའི་ལས་ཀ་ལེགས་པར་གྲུབ་པ་དང་། 2018ལོའི་ཟླ་12པའི་ཚེས་31ཉིན་བཟོ་སྐྲུན་ལེགས་གྲུབ་བྱུང་སྟེ་རླངས་འཁོར་ཤར་གཏོང་བྱས། ཡཱ་ཁང་མྱུར་བགྲོད་གཞུང་ལམ་གྱི་ཚོད་འཛིན་རང་བཞིན་གྱི་ལས་གྲྭ་ཡིན་པའི་ཆ་ནས། ཞིན་ཁང་ཟམ་ཆེན་ཐོག་རླངས་འཁོར་ཤར་གཏོང་ཐུབ་པ་མངོན་འགྱུར་བྱུང་བ་ནི། གནའ་བོའི་རྒྱལ་རོང་རྒྱལ་མོ་རྔུལ་ཆུའི་ལོ་རྒྱུས་ཐོག་སྔ་ན་མེད་པའི་སྟོང་སྨི་རིམ་པའི་ཟམ་ཆེན་ཞིག་ཡིན་ལ། མཐོ་ཞིང་བརྗིད་པའི་ཟམ་ཆེན་“གསར་པ”འདི་ས་ཆེན་པོར་ལྷང་ངེར་འགྱིང་བཞིན། དུས་སྐབས་གསར་པའི་“མཁའ་ལམ་”ལེགས་པར་གྲུབ་པ་རེད།