དངོས་ལྗོངས་ཟློས་གར་ཆེ་གྲས་《འུན་ཤིང་ཀོང་ཇོ》འཁྲབ་ཐེངས་སྟོང་ལས་བརྒལ་བ།

རྩོམ་སྒྲིག་པ།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 04-23


      ཟླ་4ཚེས་20ཉིན་གྱི་དགོང་མོ། དངོས་ལྗོངས་ཟློས་གར་ཆེ་གྲས་《འུན་ཤིང་ཀོང་ཇོ》ལྷ་ས་གྲོང་ཁྱེར་ཚེ་མཆོག་གླིང་དུ་དུས་ཚིགས་ཨང་བདུན་པའི་འཁྲབ་སྟོན་བྱས་པ་དང་། 2013ལོར་ཐེངས་དང་པོ་འཁྲབ་སྟོན་བྱས་པ་ནས་བཟུང་། འཁྲབ་གཞུང་འདི་འཁྲབ་ཐེངས་1000ལས་བརྒལ་ཡོད་པ་དང་།  ལྟད་མོ་བ་མི་ཐེངས་ཁྲི་210ལྷག་ལ་སྣེ་ལེན་ཞུས་ནས་། ཁྱོན་ཡོང་འབབ་སྒོར་དུང་ཕྱུར་7.7བྱུང་ཡོད།

     《འུན་ཤིང་ཀོང་ཇོ》ནི་ཡུས་ཧྲང་ཧོ་མའེ་ཚོགས་པས་བཏོན་པ་དང་། དེའི་ནང་ལོ་ངོ་1300སྔོན་གྱི་སྲོང་བཙན་སྒམ་པོ་དང་འུན་ཤིང་ཀོང་ཇོའི་མཉེན་སྒྲིག་གི་གཏམ་རྒྱུད་བརྗོད་ཡོད་པ་རེད། འཁྲབ་གཞུང་ཡོངས་ལ་ལེའུ་ལྔ་ཡོད་ཅིང་། དུས་ཡུན་སྐར་མ་90ཙམ་ཡོད། འཁྲབ་ལྗོངས་ནི་རྩ་གསུམ་འདྲ་བཟོ་བེད་སྤྱད་ཡོད་ཅིང་། འཁྲབ་རར་ལྟད་མོ་བ་4000ལྷག་སྡོད་ས་ཡོད། 2018ལོར། 《འུན་ཤིང་ཀོང་ཇོ》འཁྲབ་ཐེངས་187བར་ཡུལ་སྐོར་བ་མི་ཐེངས་ཁྲི་50ལ་སྣེ་ལེན་ཞུས་ཡོད་ཅིང་། སྤ་སེ་བཙོང་པའི་ཡོང་འབབ་སྒོར་དུང་ཕྱུར་1.5ལས་བརྒལ་ཡོད་པས་ས་གནས་དེའི་ཞིང་འབྲོག་མང་ཚོགས་མང་པོའི་ལས་ཞུགས་ལ་སྐུལ་ཁྲིད་ཐུབ་ཡོད།








དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1