སི་ཁྲོན་ཞིང་ཆེན་གྱི་ཧྲེང་ཀྲང་གཞོན་པ་ཕེང་ཡུས་ཧང་ལ་ཀྲུང་དབྱང་སྒྲིག་ཨུད་དང་རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་གྱིས་སྒྲིག་ཁྲིམས་ཞིབ་བཤེར་དང་ལྟ་ཞིབ་བརྟག་དཔྱད་བྱས་པ།

རྩོམ་སྒྲིག་པ།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 04-29



         ཟླ་4ཚེས་28ཉིན། ཀྲུང་དབྱང་སྒྲིག་ཨུད་དང་རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་གྱི་དྲ་ཚིགས་ཐོག་སྤེལ་བའི་གནས་ཚུལ་ལ་གཞིགས་ན། སི་ཁྲོན་ཞིང་ཆེན་གྱི་ཧྲེང་ཀྲང་གཞོན་པ་ཕེང་ཡུས་ཧང་ལ་སྒྲིག་འགལ་ཁྲིམས་འགལ་དང་འབྲེལ་བའི་གནད་དོན་ཚབས་ཆེན་ཡོད་པས། མིག་སྔར། ཀྲུང་དབྱང་སྒྲིག་ཨུད་དང་རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་གྱི་སྒྲིག་ཁྲིམས་ཞིབ་བཤེར་དང་ལྟ་ཞིབ་བརྟག་དཔྱད་དང་ལེན་བྱེད་བཞིན་ཡོད།

        ཕེང་ཡུས་ཧང། སྐྱེས་པ། རྒྱ་རིགས། 1962ལོའི་ཟླ་11པར་སྐྱེས། སི་ཁྲོན་ཅན་ཝེ་ནས་ཡིན་པ། 1995ལོའི་ཟླ་6པར་ཀྲུང་གོ་གུང་ཁྲན་ཏང་ནང་ཞུགས། 1985ལོའི་ཟླ་7པར་ལས་ཀར་ཞུགས། ཧྥ་རན་སེའི་ཅུས་ལི་སློབ་ཆེན(ཕ་རི་སི་སློབ་ཆེན་ཨང་དྲུག་པ)གྱི་འདུས་རྡུལ་མང་བའི་རྒྱུ་ཆའི་ཆེད་ལས་ནས་ཐོན་པ་དང་། ཞིབ་འཇུག་སློབ་མའི་སློབ་གནས་ལྡན་ལ་གནས་ལུགས་རིག་པའི་འབུམ་རམས་པ་དང་།  ཞིབ་འཇུག་པ་བཅས་ཡིན་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1