ལངས་ཕྱོགས་བརྟན་པོས་ཆབ་སྲིད་ལ་དང་དོད་བྱེད་པ་ནི་རང་རེའི་ཏང་མར་ཁེ་སི་རིང་ལུགས་ཀྱི་སྲིད་ཏང་ཡིན་པའི་རྩ་བའི་བླང་བྱ་ཡིན། ཞིང་ཨུའི་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ཐོག །མིག་སྔར་ཆབ་སྲིད་ལ་དང་དོད་བྱེད་པའི་ལས་འགན་གཙོ་བོ་ནི་མཐའ་གཅིག་ཏུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྲོག་ཤིང་གི་གོ་གནས་དང་། ཏང་ཀྲུང་དབྱང་གི་ཁེ་དབང་དང་གཅིག་བསྡུས་གཅིག་གྱུར་གྱི་འགོ་ཁྲིད་ལ་འགན་སྲུང་བྱ་དགོས་པ་གསལ་པོ་བཏོན།
“འགན་སྲུང་གཉིས་”ནི་རང་རེའི་ཏང་གི་ཆབ་སྲིད་ཀྱི་ཉམས་མྱོང་རྩ་ཆེན་དང་ཆབ་སྲིད་ཀྱི་སྒྲིག་ལམ་ནན་མོ་ཡིན་ལ། ཏང་གི་ཆབ་སྲིད་འཛུགས་སྐྲུན་གྱི་“རྩ་བ་”དང་“བླ་སྲོག་”ཀྱང་ཡིན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན། ཏང་དང་རྒྱལ་ཁབ་ཀྱི་ལས་དོན་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་བྱུང་ཡོད་པས། དེ་ནི་གཙོ་བོ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཡང་དག་པའི་འགོ་ཁྲིད་དང་ཏང་ཀྲུང་དབྱང་གི་ཞུམ་མེད་ཀྱི་འགོ་ཁྲིད་ལ་རག་ལས་ཡོད། ཏང་ཡོངས་དང་རྒྱལ་ཡོངས་ཀྱིས་མཉམ་དུ་སྲོག་ཤིང་ལ་སྲུང་སྐྱོང་བྱས་ཚེ། ད་གཟོད་“ལྟེ་མཐུན་སྒོར་མོ་”གྲུབ་ཐུབ། མཉམ་དུ་ཏང་ཀྲུང་དབྱང་གི་ཁེ་དབང་ལ་སྲུང་སྐྱོང་བྱས་ཚེ། ད་གཟོད་ཏང་ཡོངས་ཀྱི་མཐུན་སྒྲིལ་གོང་བུ་གཅིག་གྱུར་དང་སྟོབས་རྩལ་ནུས་ཤུགས་རྒྱུན་འཁྱོངས་བྱ་ཐུབ། “འདུ་ཤེས་བཞི་”སྲ་བརྟན་དང་“ཡིད་ཆེས་བཞི་”བརྟན་སྲུང་བྱས་ཚེ། ད་གཟོད་རང་འགུལ་གྱིས་“འགན་སྲུང་གཉིས་”ལག་ལེན་བྱ་ཐུབ། “འགན་སྲུང་གཉིས་”ལག་བསྟར་ཐུབ་པ་ནི་“འདུ་ཤེས་བཞི་”དང་“ཡིད་ཆེས་བཞི་”བརྟན་པོ་ཡིན་མིན་འབྱེད་པའི་བརྟག་བཤེར་ཆེས་ལེགས་ཤོས་དེ་ཡིན།
ལོ་འདི་གའི་རིང་། སི་ཁྲོན་ལའང་རྒྱལ་ཡོངས་དང་འདྲ་བར་མངོན་གསལ་གྱི་གྲུབ་འབྲས་ཐོབ་སྟེ་འགོ་བཙུགས་ས་གསར་པར་ལངས་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སི་ཁྲོན་ལས་དོན་ལ་མཛུབ་སྟོན་གལ་ཆེན་རབ་དང་རིམ་པ་གནང་ཞིང་། དུས་རབས་གསར་པར་སི་ཁྲོན་ལས་དོན་ལེགས་པོར་བསྒྲུབ་པའི་འགུལ་སྐྱོད་ཀྱི་ཁ་ཕྱོགས་དང་རྩ་བའི་སྲུང་འཛིན་མཁོ་འདོན་གནང་། “འདུ་ཤེས་བཞི་”བརྟན་འཛུགས་དང་“འགན་སྲུང་གཉིས”ནན་གྱིས་ལག་བསྟར་བྱས་ནས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སི་ཁྲོན་གྱི་ལས་དོན་ཐད་མཛུབ་སྟོན་གནང་བའི་དགོངས་དོན་གལ་ཆེན་རབ་དང་རིམ་པ་དེ་དོན་དངོས་དུ་ལས་ཀའི་ཕྱོགས་གང་ཐད་ཀྱི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་བྱས་ཚེ། ད་གཟོད་དེ་ལས་ལེགས་པའི་སྒོ་ནས་“གནས་ལྔ་གཞི་གཅིག་”གི་སྤྱིའི་བཀོད་སྒྲིག་ལ་སྤྱི་འདོམས་སྐུལ་འདེད་གཏོང་བ་དང་། “ཁྱོན་ཡོངས་བཞི་”འཐབ་ཇུས་བཀོད་སྒྲིག་ལ་མཐུན་སྦྱོར་སྐུལ་འདེད་གཏོང་ཐུབ་ལ། གཞི་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སི་ཁྲོན་ལས་དོན་ཐད་ལ་གནང་བའི་སྤྱིའི་འཆར་འགོད་དང་། ཞིང་ཨུའི་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ཐོག་བཀོད་པའི་འཕེལ་རྒྱས་ཀྱི་འཆར་གཞི་དེ་རེ་རེ་བཞིན་མངོན་འགྱུར་ཡོང་ཐུབ།
“འགན་སྲུང་གཉིས”ལག་ལེན་བྱེད་པ་ལ་ཆེས་གལ་ཆེ་ཤོས་ནི་ཐོག་མཐའ་བར་གསུམ་དུ་བསམ་བློ་དང་ཆབ་སྲིད། བྱ་སྤྱོད་བཅས་ཀྱི་ཐད་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་དང་ཚད་མཐོན་པོའི་གཅིག་མཐུན་རྒྱུན་འཁྱོངས་བྱ་རྒྱུ་དེ་ཡིན། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་ཏང་རྩ་འཛུགས་དང་རྒྱལ་ཆེ་བའི་ཏང་ཡོན་ལས་བྱེད་པས་རིགས་པའི་གཞུང་ལུགས་དང་ལག་ལེན་ཟུང་འབྲེལ་སྒོས་“འགན་སྲུང་གཉིས་”ཀྱི་ཚན་རིག་གི་དོན་སྙིང་དང་ཁ་གསལ་བའི་བླང་བྱ་ལ་གོ་བ་ཡག་པོ་བླངས་ཏེ་ཁོང་དུ་ཆུད་པར་བྱ་དགོས་ལ། ནན་ཏན་གྱིས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་ཆབ་སྲིད་དང་བསམ་བློ། བརྩེ་སེམས་བཅས་ཀྱི་ངོས་འཛིན་གཅིག་གྱུར་ལ་ཤུགས་སྣོན་དང་། ནན་ཏན་སྒོས་ཆབ་སྲིད་ཀྱི་ཚོར་སྐྱེན་རང་བཞིན་དང་དབྱེ་འབྱེད་ནུས་པ་ཇེ་མཐོ་བཏང་ནས། བློ་ཐག་རྦད་ཆོད་ཀྱིས་སྟབས་བདེ་བཟོ་བ་དང་ཕྱོགས་རིས་བྱེད་པ། བལྟོས་མེད་ཅན་དང་ཁེ་ཕན་ཅན་འགྱུར་བ་ལ་སྔོན་འགོག་བྱ་དགོས། བློ་ཐག་རྦད་ཆོད་ཀྱིས་“རྣམ་འགྱུར་མང་བ་དང་འུད་ཤོབ་ཆེ་བ། ཏང་ཀྲུང་དབྱང་གི་བླང་བྱ་དོན་འཁྱོལ་མི་བྱེད་པ་”ཡི་སྣང་ཚུལ་ལ་ངོ་རྒོལ་བྱས་ནས། ངེས་ཤེས་ཡང་དག་པ་དང་བྱ་སྤྱོད་བརྟན་བརླིང་སྒོས་“འགན་སྲུང་གཉིས་”དངོས་སུ་ལག་བསྟར་བྱ་དགོས།
“འགན་སྲུང་གཉིས་”ལག་བསྟར་བྱེད་དུས་ངེས་པར་དུ་རིག་གཞུང་རྒྱབ་བརྟེན་ལ་ཤུགས་སྣོན་བྱ་དགོས་ཏེ། གཏིང་ཟབ་སྒོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སི་ཁྲོན་ལས་དོན་ཐད་གནང་བའི་མཛུབ་སྟོན་གལ་ཆེན་གྱི་དགོངས་པ་རབ་དང་རིམ་པ་སློབ་སྦྱོབ་བྱ་རྒྱུ་དེ་ཆབ་སྲིད་ཀྱི་འགན་འཁྲི་གལ་ཆེན་དུ་བརྩིས་ཏེ། གོ་བ་གཏིང་ཟབ་ལེན་པའི་ཁྲོད་“སློབ་པ་”དང་ལག་ལེན་དངོས་ཀྱི་མཛུབ་སྟོན་ཁྲོད་“ཁོང་དུ་ཆུད་པ།” ལས་ཀའི་སྐུལ་འདེད་ཁྲོད་“ལེགས་པོར་བསྒྲུབ་”ནས། ཏང་ཀྲུང་དབྱང་གི་མཛད་ཇུས་གལ་ཆེན་དང་ཞིང་ཨུའི་འཐབ་ཇུས་བཀོད་སྒྲིག་དོན་འཁྱོལ་ཡོང་བར་སྐུལ་འདེད་གཏང་དགོས། ཧུར་ཐག་སྒོས་ཏང་ཡོན་ལས་བྱེད་པས་ཏང་གི་གསར་གཏོད་ཀྱི་རིགས་པའི་གཞུང་ལུགས་དང་བསམ་བློའི་དྲག་ཆས་སྤྲས་པར་ཁྲིད་སྟོན་བྱས་ནས། བསམ་བློའི་“གཅུས་ཕུར་ལྟེ་བ”ཡི་གནད་དོན་ལ་ཐག་གཅོད་ལེགས་པོ་བྱ་དགོས་ལ། ནན་ཏན་གྱིས་“འགན་སྲུང་གཉིས་”ཀྱི་བསམ་བློའི་རང་འགུལ་དང་བྱ་སྤྱོད་ཀྱི་རང་འགུལ་ལག་བསྟར་བྱེད་པར་ཤུགས་སྣོན་དང་། རང་འགུལ་གྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་གཡོ་མེད་དད་མོས་དང་ལྷག་བསམ་རྣམ་དག་གི་ལག་བསྟར་བྱེད་མཁན་ཞིག་བྱ་དགོས།
རི་རྒྱུད་སྟོང་ལ་རི་ཡི་རྒྱལ་པོ་གནས། ཆུ་རྒྱུན་སྟོང་ལ་ཆུ་ཡི་འགོ་ཁུངས་ཡོད། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་ཏང་རྩ་འཛུགས་དང་རྒྱ་ཆེ་བའི་ཏང་ཡོན་ལས་བྱེད་པས་ནན་སྒོས་ཆབ་སྲིད་ཀྱི་གནས་ས་ཇེ་མཐོ་དང་།
ཐོག་མཐའ་བར་གསུམ་དུ་ཆབ་སྲིད་ཀྱི་ངེས་ཤུགས་རྒྱུན་འཁྱོངས་བྱེད་པ། ཚད་མཐོ་བའི་ཆབ་སྲིད་ཀྱི་རང་འགུལ་གྱིས་“འགན་སྲུང་གཉིས་”བློ་བརྟན་འགྱུར་མེད་སྒོས་ལག་བསྟར་བྱས་ནས། སི་ཁྲོན་དར་རྒྱས་གཏོང་བར་སྐས་རིམ་གསར་པ་རུ་སླེབས་པར་ཆབ་སྲིད་ཀྱི་འགན་སྲུང་ནུས་ལྡན་མཁོ་འདོན་བྱ་དགོས། །