རང་རྒྱལ་གྱི་རྨང་གཞིའི་སྒྲིག་ཆས་འཕེལ་རྒྱས་གསར་པ་སྟེ་སྣུམ་ཁྲོན་།

རིག་འཛིན་རང་གྲོལ་གྱིས་བསྒྲིགས་བསྒྱུར་བྱས། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 04-29


   

དེ་སྔོན་ཙམ་ལ། ཀྲུང་གོའི་རྡོ་སྣུམ་ལས་ཁུངས་ཀྱིས་ཕྱི་ལ་བསྒྲགས་པའི་ཆ་འཕྲིན་ལྟར་ན། རང་རྒྱལ་ནུབ་བྱང་དུ་གནས་པའི་ཤིན་ཅང་ཐ་ལིས་མུའུ་གཤོང་སའི་ནུབ་བྱང་སྣུམ་ཞིང་གི་སྣུམ་ཁྲོན་བྱང་བསྟུན་གླག་1དེ་བརྐོས་ཚར་འདུག སྣུམ་ཁྲོན་དེའི་ཟབ་ཚད་ལ་རྨིད་8588ཡོད་ཅིང་། ཡ་གླིང་གི་སྐམ་སའི་སྟེང་ནས་བརྐོས་པའི་ཟབ་ཚད་ཆེས་རིང་བའི་སྣུམ་ཁྲོན་ཡིན་ལ། ཡ་གླིང་སྐམ་སའི་སྣུམ་ཁྲོན་རིང་ཤོས་ཀྱི་ཟིན་ཐོ་བཞག མི་ལ་ལ་ཞིག་གི་གྲངས་ཀ་འདིར་ཚོར་ཤེས་ཆེན་པོ་མེད་ཀྱང་སྲིད་མོད། འདི་ནི་འཛམ་གླིང་སྟེང་གི་ཆེས་མཐོ་བའི་རི་བོ་ཧི་མ་ལ་ཡང་རི་བོའི་རྩེ་ནས་གཏིང་ལ་འཕགས་པ་དང་ཕལ་ཆེར་འདྲ་འདུག འདི་ནི་རང་རྒྱལ་གྱིས་ལག་རྩལ་བརྟེན་ནས་བསྐྲུན་པའི་ཡ་གླིང་སྣུམ་ཁྲོན་ཆེས་ཟབ་ཤོས་ཡིན།

ནུབ་བྱང་སྣུམ་ཞིང་གི་སྣུམ་ལེན་བཟོ་གྲྭ་དང་པོའི་སྣུམ་ཁྲོད་གསར་པའི་བཟོ་སྐྲུན་ཡུལ་དངོས།
西北油田采油一厂新井钻探施工现场

   སྐབས་འདིར་མི་མང་པོ་ཞིག་གིས་སྣུམ་ཁྲོན་ཟེར་ན་ཅི་རེད་ཅེས་འདྲི་མཁན་ཡོད་ན། སྣུམ་ཁྲོན་ནི་དོང་ཆུ་སྟེ་ནམ་རྒྱུན་ང་ཚོའི་འཚོ་བའི་ཁྲོད་ཀྱི་ཁྲོན་པ་དང་འདྲ་སྟེ། ང་ཚོས་ཆུ་འཐུང་རྒྱུའི་ཆེད་དུ་ཁྲོན་པ་བརྐོ་བཞིན་ཡོད་ལ། སྣུམ་ཁྲོན་ནི་སྣུམ་འཐེན་པའི་ཆེད་དུ་བརྐོས་པ་རེད། སྣུམ་ཁྲོན་ནི་ཁྲོན་པ་བརྐོས་ཏེ་སྣུམ་ཡོད་སའི་གནས་ལ་སླེབས་རྗེས། སྦུ་གུ་འདྲེན་པ་དང་ཁྲོན་པའི་ལྡེབས་ངོས་སུ་ཨར་འདམ་གྱིས་གཡོགས་ནས་ལྡེབས་ངོས་སྲུང་སྐྱོབ་བྱས་ཚར་རྗེས་སྣུམ་འདྲེན་སྦུ་གུ་དྲངས་ནས་འདྲེན་ཐབས་སྣ་ཚོགས་སྤྱད་ནས་རྡོ་སྣུམ་སྣུམ་ཁྲོན་བརྒྱུད་དེ་ཁྲོན་པའི་ཁ་རུ་འཐེན་བཞིན་ཡོད།

ཀྲུང་གོའི་རྡོ་སྣུམ་རྫས་འགྱུར་བཟོ་གྲྭའི་ནུབ་བྱང་སྣུམ་ཞིང་གི་ཧྲུན་པེ་ཡིན་སྣུམ་ཁྲོན་དང་པོས་སྨི་8588ཀྱི་མཐོ་ཚད་ཀྱིས་ཡ་གླིང་སྐམ་སའི་སྣུམ་ཁྲོན་ལས་ཆེས་གཏིང་ཟབ་པའི་ཟིན་ཐོ་གསར་པ་སྐྲུན།
中石化西北油田顺北鹰1井以8588米再次刷新亚洲陆上第一深井记录。

   ཤིན་ཅང་གི་ཐ་ལིས་མུའུ་གཤོང་ས་ལ་མཚོན་ན། ས་གཤིས་ཆགས་ཚུལ་རྙོག་འཛིང་ཡིན་ལ། སྣུམ་ཁྲོན་གྱི་ཟབ་ཚད་ཤིན་ཏུ་མཐོ། ལྷག་པར་དུ་བྱང་བསྟུན་སྣུམ་ཁྲོན་གྱི་ཁྲོན་པའི་གཏིང་ཚད་སྨི་སྟོང་བརྒྱད་ལས་བརྒལ་ཅིང་། དེ་ཡང་ཡ་གླིང་སྐམ་སའི་སྟེང་གི་ས་འོག་ཏུ་སྦས་པའི་སྣུམ་ཞིང་ཡང་ཡིན། དེ་ལ་ཆད་རིམ་སྤོ་འགུལ་གྱི་ཤུགས་རྐྱེན་ཐེབས་པས། ས་འོག་ཀྱི་གནས་ཚུལ་གང་མང་ཞིག་གསང་བ་ལྐོག་གྱུར་ཡིན་ལ། ཟབ་ཚད་རྨིད་8000ཡན་ལ་ཟིན་སྣུམ་ཁྲོན་ཁྲོད། གསོར་འབིག་གི་སྲ་མཁྲེགས་རང་བཞིན་དང་ཤེད་ཤུགས་སོགས་ལྟོས་བཅོས་ཀྱིས་ཤིན་ཏུ་ཆུང་ལ། གནས་ཚུལ་འདི་འདྲའི་འོག སྔོན་གྱི་གསོར་འབིག་དང་ཁྲོན་པ་བརྐོ་བའི་ལག་རྩག་དག་བཀོལ་ཐུབ་བཞིན་མི་འདུག
   ཐེངས་མང་པོའི་ཞིབ་འཇུག་དང་ཚོད་ལྟ་བརྒྱུད་ནུབ་བྱང་སྣུམ་ཞིང་གི་རྡོ་སྣུམ་བཟོ་སྐྲུན་གླིང་གིས་སྒྲིག་ཆོས་གསར་སྒྱུར་བྱས་ཤིང་། གསོར་འབིག་གིས་ཁྲོན་པ་བརྐོ་དུས་ས་འོག་ནས་གནད་འཁེལ་སྒོས་བརྐོ་ཐུབ་པ་བྱས། ལག་རྩལ་འདི་འགྲེལ་བ་བྱས་ན་རྙོག་འཛིང་ཤིན་ཏུ་ཆེ་བས་སྟབས་བདེ་སྒོས་བཤད་ན། གསོར་འབིག་ལ་GPSལམ་སྟོན་ཆ་ལག་བསྣན་པ་དང་འདྲ་བར་ས་སྟེང་གི་ལག་རྩལ་མི་སྣས་ས་འོག་གི་གནས་ཚུལ་གསལ་པོར་ཤེས་ཐུབ། དེ་ལས་གནད་ལ་འཁེལ་བའི་སྒོ་ནས་ཚོད་འཛིན་བྱེད་བཞིན་ཡོད་པས། ས་འོག་གི་གནས་ཚུལ་ཅི་འདྲའི་རྙོག་འཛིང་ཆེ་ཡང་སྒྲིག་ཆས་ཀྱིས་སྔར་བཞིན་ཁྲོན་པ་དྲང་མོ་བརྐོ་ཐུབ།
   ཐེངས་འདིའི་སྣུམ་ཁྲོན་བྱང་བསྟུན་གླག་1བདེ་ལེགས་ངང་འགྲུབ་པ་ལས། རང་རྒྱལ་གྱིས་འཛམ་གླིང་སྔོན་ཐོན་རང་བཞིན་གྱི་ཁྲོན་པ་བརྐོ་བའི་ལག་རྩལ་ཁོང་དུ་ཆུད་ཡོད་ལ། ཀྲུང་གོའི་རྨང་གཞིའི་འཛུགས་སྐྲུན་གྱི་བྱ་གཞག་གོམ་གང་མདུན་དུ་སྤོས་ཡོད། འཛམ་གླིང་སྟེང་གི་རྨིད་ཁྲི་ལས་བརྒལ་བའི་སྣུམ་ཁྲོན་དང་བར་ཁྱད་ཡོད་ན་ཡང་། རྗེས་ཕྱོགས་ལག་རྩལ་གསར་བརྗེ་ཁྲོད་ནས་འདི་ལྟ་བུའི་བར་ཁྱད་ཇེ་ཆུང་དུ་གཏོང་ཐུབ་ལ། མ་འོངས་པ་དེ་ལས་ངོ་མཚར་ལྡན་པ་ལྟ་ཅི་དགོས།
    སྤྱི་ཟླ་2པའི་ཚེས་25ཉིན་ལ་གསར་འགོད་པས་ཀྲུང་གོ་རྒྱ་མཚོ་རྡོ་སྣུམ་ཚོགས་པ་ཚད་ཡོད་ཀུང་སི་ནས་རྒྱུས་ལོན་བྱས་པ་ལྟར་ན། རང་བྱུང་ཐོན་ཁུངས་པུའུ་སྣུམ་རླངས་གསོག་ཉར་བརྟག་དཔྱད་གཞུང་སྒྲུབ་ཁང་གིས་བརྟག་དཔྱད་བྱས་པའི་པའོ་ཧེ་རྒྱ་མཚོའི་སྣུམ་ཞིང་པའོ་ཀྲུང་19-6ལས་དབྱེ་ཞིབ་བྱས་པའི་རང་བྱུང་སྣུམ་རླངས་ས་རྒྱུས་གསོག་ཉར་ཚད་དུང་ཕྱུར་སྟོང་ལས་བརྒལ་བར་ཐག་བཅད་འདུག་ལ། འདི་ལས་ཀྲུང་གོའི་ཤར་ཕྱོགས་ས་ཁུལ་སུ་གཞི་རྒྱ་ཆེ་བའི་སྣུམ་ཞིང་ཡོད་པ་ཐག་གིས་བཅད།
   པའོ་ཧེ་རྒྱ་མཚོའི་སྣུམ་ཞིང་དེ་པེ་ཅིན་དང་ཐེན་ཅིང་། ཧའོ་པེ་གསུམ་གྱི་གཤིན་སར་ཆགས་ཡོད་ལ། རང་རྒྱལ་གྱི་ཨང་གཉིས་པའི་མ་བཅོས་རྡོ་སྣུམ་ཐོན་སྐྱེད་གནས་གཞི་ཡིན། ལས་རིགས་ཁྲོད་ཀྱི་ཆེད་མཁས་པ་མང་པོས་པའོ་ཧེ་མཚོ་ཁུག་ནི་དཔེ་མཚོན་རང་བཞིན་གྱི་སྣུམ་ལྡན་གཤོང་ས་ཞིག་ཡིན་ལ། ཉེ་བའི་ལོ་50ལྷག་གི་རིང་ལ་བརྟག་དཔྱད་ཞིབ་འཇུག་བྱས་པ་རྡོ་སྣུམ་གྱིས་གཙོ་བྱས་ཡོད་ལ། རང་བྱུང་རླངས་སྣུམ་རྙེད་པ་ནི་སྟེས་དབང་གི་གསར་རྙེད་ཅིག་ཡིན་ལ། དེ་དག་ཀྱང་རང་བྱུང་རླངས་སྣུམ་ཐོན་ཁུངས་ཆུང་འབྲིང་གཙོ་བྱས་ཡོད། ཡང་དང་བསྐྱར་དུ་སྔོག་འདོན་དང་གཏོར་བཤིག་ཐེབས་པས་རང་བྱུང་རླངས་སྣུམ་རྙེད་རྒྱུ་དེ་ལས་དཀའ་བར་བཟོས་ཡོད་ལ། རླངས་སྣུམ་གཤིན་ས་ཆེན་པོ་རྙེད་རྒྱུ་གོ་སྐབས་དེ་བས་ཀྱང་ཉག་ཕྲ་བར་གྱུར་ཡོད།
   རང་བྱུང་རླངས་སྣུམ་ནི་སྤུས་དག་ཀྱི་ཐོན་ཁུངས་ཤིག་ཡིན་ལ། རང་རྒྱལ་གྱི་རང་བྱུང་རླངས་སྣུམ་གྱི་ཐོན་སྐྱེད་གནས་གཞི་གཙོ་བོ་དེ་ནུབ་ཁུལ་དུ་ཡོད་ལ། 2010ལོར། རང་རྒྱལ་གྱི་ནུབ་ཁུལ་རང་བྱུང་རླངས་སྣུམ་གྱི་ཐོན་སྐྱེད་བྱེད་ཚད་རྨིད་ལྷམ་པ་དུང་ཕྱུར་763.85ལ་སླེབས་ཡོད་ཅིང་། རྒྱལ་ཡོངས་ཀྱི་རང་བྱུང་རླངས་སྣུམ་གྱི་སྤྱིའི་ཐོན་སྐྱེད་ཚད་ཀྱི་80.86%ཟིན་གྱི་ཡོད། ཡིན་ཡང་རང་བྱུང་རླངས་སྣུམ་བཀོལ་སྤྱོད་བྱེད་ས་དེ་གཙོ་བོ་དབུས་ཤར་ཁུལ་དུ་ཁྱབ་ཡོད་ལ། དབུས་ཤར་ཁུལ་གྱི་རང་བྱུང་རླངས་སྣུམ་སྤྱད་པ་དེས་རྒྱལ་ཡོངས་ཀྱི་བཀོལ་སྤྱོད་ཚད་ཀྱི་70%ཟིན་ཡོད་ལ། དཔལ་འབྱོར་འཕེལ་རྒྱས་དང་བསྟུན་ནས་རང་རྒྱལ་ཤར་ཁུལ་དང་ལྷག་པར་དུ་ཧྭ་པེ་ས་ཁུལ་གྱི་ཁོར་ཡུག་གནད་དོན་གྱིས་དབང་གིས་རང་བྱུང་རླངས་སྣུམ་གྱི་དགོས་མཁོ་ཉིན་རེ་ནས་ཉིན་རེ་ཇེ་ཆེར་སོང་།
   ཉེ་བའི་ལོ་འགའི་རིང་ཀྲུང་གོའི་རྒྱ་མཚོའི་སྣུམ་ལས་ཁུངས་ཀྱིས་འབད་པ་ཧུར་ཐག་གིས་རྒྱལ་ཁབ་ཀྱི་རང་བྱུང་རླངས་སྣུམ་འཐབ་ཕྱོགས་འཕེལ་རྒྱས་འཆར་གཞི་དང་ལེན་བྱས་ཤིང་། པའོ་ཧེ་རྒྱ་མཚོའི་སྣུམ་ཞིང་ནས་རང་བྱུང་རླངས་སྣུམ་གྱི་མཉམ་རུབ་དམག་འཐབ་ཆེན་པོ་སྤེལ་ཏེ། ཐོན་སྐྱེད་དང་སློབ་སྦྱོང་། ཞིབ་འཇུག་གཞི་གཅིག་ཏུ་མཉམ་འབྲེལ་འགག་གཏོར་གྱི་ཐབས་ཤེས་སྤྱད་ནས། ཞིབ་འཇུག་ལྟར་སྣུམ་ལྡན་གཤོང་སའི་ས་ཁུལ་ཁྱད་པར་བ་འགའ་རེར་རང་བྱུང་རླངས་སྣུམ་གྱི་གཤིན་ས་ཆེན་པོར་འགྱུར་བའི་ཆ་རྐྱེན་ཡོད་པ་ཐག་གཅོད་བྱས། པའོ་ཧེ་མཚོ་ངོགས་ཀྱི་ནང་དུ་གཤོང་བའི་ས་ཁུལ་དེ་ལ་དེ་འདྲའི་ཁྱད་ཆོས་ལྡན་ཞིང་། དེ་ནི་པའོ་ཧེ་རྒྱ་མཚོའི་སྣུམ་ཞིང་ཁྲོད་བཙལ་བའི་འཐབ་ར་གཙོ་བོ་ཡིན་ལ། ཚན་རིག་ཞིབ་འཇུག་མི་སྣས་ཐེངས་མང་པོར་ར་སྤྲོད་བྱས་རྗེས། པའོ་ཀྲུང་19-6མཐའ་འཁོར་གྱི་རྣམ་པ་ནི་རང་བྱུང་རླངས་སྣུམ་གཞི་རྒྱ་ཆེ་བར་མཁོ་བའི་གནས་མལ་ཡིན་པ་ཐག་གིས་བཅད།
  2016ལོ་ནས་བཟུང་། ཀུན་གྱིས་དོ་སྣང་བྱས་པའི་ BZ19-6-1སྣུམ་ཁྲོན་བརྐོ་འགོ་བརྩམས་ཤིང་།
   བརྐོས་ཚར་རྗེས་རྨིད་4180ལ་སླེབས་ཤིང་། རང་བྱུང་རླངས་སྣུམ་གྱི་བང་རིམ་རྨིད324.1ལ་སླེབས་ཤིང་། དེ་ཡིས་པའོ་ཧེ་རྒྱ་མཚོའི་སྣུམ་ཞིང་གི་རང་བྱུང་རླངས་སྣུམ་གྱི་སྟུག་ཚད་ཟིན་ཐོ་གཏོར། དེའི་རྗེས་ནས་པའོ་ཀྲུང་19-6སྒྲིག་གཞི་བཀོད་སྒྲིག་བྱས་ཤིང་།
   ལྷག་པར་2018ལོ་ནས་དེའི་སྟེང་དུ་ཤུགས་བསྣན་ནས་མིག་སྔར་གནས་གཞི་དེའི་རང་བྱུང་རླངས་སྣུམ་གྱི་གསོག་ཉར་འབོར་ཚད་དུང་ཕྱུར་སྟོང་གི་རིམ་པར་སླེབས། ། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1