གཟན་རྩྭ་ལས་སྣོན་དང་བེད་སྤྱོད་ལག་རྩལ་ལས་གཟན་རྩྭ་སྡུད་པའི་ལག་རྩལ་།

རིན་ཆེན་མཁའ་འགྲོ། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 04-29


  སྣེ་མའི་རིགས་ཀྱི་གཟན་རྩྭ་ནི་གང་བུ་བྱུང་བའི་དུས་ནས་སྡུད་དགོས་ལ། ཐོག་མའི་མེ་ཏོག་གི་དུས་ནས་གང་བུ་བྱུང་བའི་བར་དུ་བསྡུ་ཚར་དགོས། སྲན་རིགས་གཟན་རྩྭ་དེ་མེ་ཏོག་བཞད་པའི་དུས་ནས་འགོ་བརྩམས་ཏེ་མེ་ཏོག་མཚར་བའི་སྐབས་བར་དུ་བསྡུ་ཚར་དགོས། གཟན་རྩྭ་འགའ་ཤས་སྔོན་ལ་སྡུད་པ་འམ་རྗེས་སུ་བསྡུས་ཀྱང་ཆོག་ལ་གཙོ་བོ་ས་གནས་རང་གི་ནམ་ཟླའི་ཆ་རྐྱེན་གྱིས་ཐག་གཅོད་བྱེད་བཞིན་ཡོད། ཚོས་དཀའ་བའི་རིགས་ཡིན་ན་སད་མ་བྱུང་གོང་གི་ཟླ་བ་གཅིག་ནས་བསྡུ་དགོས་ཞིང་། དེ་ལྟར་བྱས་ན་གཟན་རྩྭ་སྡེབ་སྦྱོར་དང་དགུན་ཁ་བརྒལ་བའི་ཕན་པ་ཡོད།

  ལོ་གཅིག་ལ་སྐྱེས་པའི་གཟན་རྩྭ་བསྡུ་ལེན་ལག་རྩལ།

    ལོ་གཅིག་ལ་སྐྱེས་པའི་གཟན་རྩྭའི་རིགས་སུ་གཙོ་བོ་ཁྲེ་རྒོད་དང་། སུའུ་ཏན་རྩྭ། རྩྭ་སྤྱང་རྔ། རྩྭ་གྲོ་ནག ལྷང་གོང་སྨུག་པོ། ཞོག་ཁོག་མེ་ཏོག་འོད་སྨུག ཡུག་གོ གཟན་བཀོལ་ཆུ་འབྲས་སོགས་གཞུང་རྟ་མཐོ་བའི་གཟན་ཆས་དག་ཡོད་ལ། དེའི་བརྔ་བསྡུའི་དུས་ཚོད་ཡག་ཤོས་ནི་ཡལ་འདབ་རྒྱས་པའི་རྗེས་ནས་འགོ་བརྩམ་པ་ཡིན་ལ།འབྲས་བུ་ཐོགས་པ་དང་སྨིན་པའི་བར་ནི་བརྔ་བསྡུའི་དུས་ཚོད་ཡག་ཤོས་ཡིན། ཤུལ་ཏུ་གཞུང་རྟ་ལི་སྨི་10~15བསྐྱུར་ན་འོས་འཚམས་ཡིན། སྔོ་གཟན་གྱི་གཟན་རྩྭ་བྱེད་ན་ཡལ་འདབ་རྒྱས་པ་ནས་བསྡུ་འགོ་བརྩམ་དགོས། རྩྭ་སྐམ་སམ་སྔོ་གཟན་གསོག་ཉར་བྱས་པའི་གཟན་རྩྭ་དེ་འབྲས་བུ་ཐོགས་པ་དང་སྨིན་པའི་བར་གྱི་དུས་སུ་བརྔ་བསྡུ་བྱ་དགོས་ལ། འབྲས་བུ་ཐོགས་པའི་གཟན་རྩྭ་མགྱོགས་མྱུར་འབྲེག་དགོས་ལ། ཤུལ་དུ་གཞུང་རྟའི་མཐོ་ཚད་ལི་སྨི་5~10སྐྱུར་ན་འོས་འཚམས་ཡིན། སྨིན་དཀའ་བའི་རིགས་ཡིན་ན་སད་དང་པོ་མ་སླེབས་པའི་སྔོན་གྱི་ཉིན་20སྔོན་ལ་འབྲེག་དགོས་ཤིང་། གཟུགས་ཐུང་ལོ་གཅིག་སྐྱེས་པའི་གཟན་རྩྭའི་ཁྲོད་དུ་རྩྭ་གྲོ་ནག་དང་ལྷང་གོང་སྨུག་པོ། ཞོག་ཁོག་མེ་ཏོག་འོད་སྨུག ཡུག་གོ གཟན་བཀོལ་ཆུ་འབྲས་སོགས་ཡོད་ལ། སྙེ་མ་ཅན་གྱི་གཟུགས་ཐུང་གཟན་རྩྭ་བསྡུ་བའི་དུས་ཡག་ཤོས་དེ་སྙེ་མ་ཐོགས་པ་ནས་མེ་ཏོག་བཞད་པའི་དུས་ཡིན་ལ། སྲན་རིགས་གཟུགས་ཐུང་གཟན་རྩྭ་བསྡུ་བའི་དུས་ཚོད་ཡག་ཤོས་དེ་གང་བུ་བྱུང་བ་དང་མེ་ཏོག་བཞད་པའི་དུས་ཡིན། གཞུང་རྟ་བསྐྱུར་བའི་མཐོ་ཚད་ལི་སྨི་3~8ཡིན་དགོས། ད་ལྟ་ཁྲེ་རྒོད་དང་རྩྭ་སུའུ་ཏན། ལོ་གཅིག་སྐྱེས་པའི་རྩྭ་གྲོ་ནག ཞོག་ཁོག་མེ་ཏོག་འོད་ལྡན། སྔོ་གཟན་མ་རྨོས་ལོ་ཏོག་གིས་དཔེ་བརྗོད་བཞག་ནས་གསལ་བཤད་བྱེད།

  གཅིག ཁྲེ་རྒོད་དུས་ལྟར་བསྡུ་བའི་ལག་རྩལ།

  1.ལག་རྩལ་གསལ་བཤད། ཁྲེ་རྒོད་ཀྱི་འཚོ་བཅུད་ལ་འཚར་ལོངས་དུས་ཀྱི་ཤན་ཤུགས་ཆེན་པོ་ཐེབས་ཀྱི་ཡོད་ལ། འཚར་ལོངས་དུས་རིམ་མི་འདྲ་བའི་ཁྲེ་རྒོད་ཀྱི་འཚོ་བཅུད་ཀྱི་ཁྱད་ཆོས་མི་འདྲ་ལ། སྔོ་གཟན་གྱི་རང་བཞིན་ལ་ཡང་ཁྱད་པར་ཆེན་པོ་ཡོད། ཁྲེ་རྒོད་རིགས་སོ་སོའི་མི་འདྲ་བར་གཞིགས་ནས་བརྔ་བསྡུ་བྱེད་པའི་དུས་ལ་ཡང་ཁྱད་པར་ཡོད་ལ། སྤྱིར་བཏང་གི་གནས་ཚུལ་འོག་སྙེ་མ་ལྡན་པའི་དུས་ཚིགས(ཟླ་9པའི་ཟླ་དཀྱིལ་དང་ཟླ་སྨད)དུ་འབྲེག་དགོས་ལ། འབྲས་བུ་སྨིན་ཚར་དུས་(ཟླ་10བའི་ཟླ་སྟོད)བརྔ་བསྡུ་བྱེད་ཚར་དགོས།

  2.བཟང་ཆ། ཁྲེ་རྒོད་ཀྱི་འབྲས་བུ་དང་གཞུང་རྟ་མཉམ་དུ་བསྡུ་དགོས་ལ། འབྲས་བུར་གཟན་ཆས་ཀྱི་རིན་ཐང་ཁྲེ་རྒོད་གཞན་དང་འདྲ་ལ། གཞུང་རྟའི་འཚོ་བཅུད་འདུས་ཚད་སྤྱིར་བཏང་གི་མ་རྨོས་ལོ་ཏོག་སྔོ་གཟན་ལས་མཐོ། མངར་རྒྱུ་འདུས་ཚད་སྔོ་གཟན་མ་རྨོས་ལོ་ཏོག་གི་ལྡབ་2ཡིན་ལ། ཏན་མེད་ཁུ་བ་སྤྱིར་བཏང་གི་མ་རྨོས་ལོ་ཏོག་ལས་64.2%ཡི་མཐོ་བ་ཡོད།

  3.ཞན་ཆ། བསྡུ་ཚད་འགོར་ཞིང་། སྔོ་གཟན་བཟོ་དུས་སྐྱེས་དངོས་ཁྲོད་ཀྱི་ཅཱན་ཉུང་དུ་གཏོང་མི་ཐུབ། དེ་བས་སྟེར་གསོའི་རིན་ཐང་ཇེ་དམའ་རུ་སོང་ཡོད་ལ། སྒོ་ཕྱུགས་ཀྱི་ལྟོ་བ་སྦས་བ་ཕོ་བ་བཤལ་བའི་ཉེན་ཁ་ཡོད། སྨིན་ཚད་འགོར་བའི་འབྲས་བུ་ཐོན་ཚད་མཐོ་ན་ཡང་། ཚི་སྣ་རྫས་ཇེ་མང་དུ་སོང་བ་དང་བསྟུན་ནས་ཁ་ལ་རན་ཚད་ཇེ་དམའ་དང་འཇུ་ཚད་མར་ཆག་གི་ཡོད།

  4.ཉམས་འཇོག་བྱེད་དགོས་པ། ཤུལ་དུ་འཇོག་པའི་གཞུང་རྟའི་མཐོ་ཚད་ལི་སྨི10~15ཡིན་དགོས་ལ། འོས་འཚམས་ཀྱི་བསིལ་སྐམ་དུས་ཚོད་རིང་དུ་གཏང་དགོས།

  གཉིས། རྩྭ་སུའུ་ཏན་དུས་ལྟར་བསྡུ་བའི་ལག་རྩལ།

  1.ལག་རྩལ་གསལ་བཤད། རྩྭ་སུའུ་ཏན་ནི་ཐན་པ་ཐེག་ཅིང་ཐོན་ཚད་མཐོ་བ། རྒྱུ་སྤུས་དག་ཅིང་ནམ་ཟླ་དྲོད་ཅན་དང་བརླན་བཤེར་ས་ཁུལ་གང་དུ་ཡིན་ལོ་གཅིག་སྐྱེས་པའི་གཟན་རྩྭ་བཟང་པོ་ཞིག་ཡིན། རང་རྒྱལ་གྱི་ལྷོ་ནུབ་ས་ཁུལ་དུ་འདེབས་འཛུགས་བྱས་ཡོད། རྩྭ་སུའུ་ཏན་དེ་ཟླ་6པར་འདེབས་འཛུགས་བྱེད་པ་དང་། ཟླ་8པ་ནས་བཟུང་བརྔ་བསྡུ་ཐེངས་2~4བྱ་ཆོག་ལ། ཤུལ་དུ་ལུས་པའི་གཞུང་རྟའི་མཐོ་ཚད་ལི་སྨི་15~25ཡིན་ལ། བརྔ་བསྡུ་འགོར་འགྱང་བྱས་ཚེ་ཤུལ་ཏུ་ལུས་པའི་གཞུང་རྟའི་མཐོ་ཚད་ཇེ་མཐོ་ཡིན།

  2.བཟང་ཆ། སྤྲི་དཀར་རྫས་དང་ལ་སེར་དམར་པོའི་རྒྱུའི་ཐོན་ཚད་མཐོ་ལ། ཚི་སྣ་རྒྱུའི་མར་འབབ་ཚད་ཡང་མཐོ་བས་སྒོ་ཕྱུགས་ཀྱི་གཟན་ཆས་ལ་ཤིན་ཏུ་འཚམས།

  3.ཞན་ཆ། རྩྭ་སུའུ་ཏན་ལ་བ་ཚྭའི་ཏན་འདུས་ཚད་ཅུང་མཐོ་བས་སྒོ་ཕྱུགས་ལ་བ་ཚྭ་སྐྱུར་ཚྭའི་དུག་ཕོག་པ་སླ་མོ་ཡིན།

  4.ཉམས་འཇོག་བྱེད་དགོས་པ། སད་ཐེངས་དང་པོ་མ་བྱུང་སྔོན་ལ་བསྡུ་དགོས་ཤིང་། བྲེགས་ཚར་རྗེས་ཏན་ལུད་(མུའུ་རེ་ལ་སྤྱི་རྒྱ་7)བླུགས་ནས་སྔོན་ཆུ་དང་འཚོ་བཅུད་ཡལ་ག་ཇེ་བཟང་དུ་གཏང་དགོས།

གསུམ་པ། ལོ་གཅིག་སྐྱེས་པའི་རྩྭ་གྲོ་ནག་དུས་ལྟར་བསྡུ་བའི་ལག་རྩལ།

 1.ལག་རྩལ་གསལ་བཤད། རང་རྒྱལ་གྱི་སི་ཁྲོན་དང་ཁྲོང་ཆིན། ཡུན་ནན། ཀའེ་ཀྲུའུ་སོགས་ལྷོ་ནུབ་ས་ཁུལ་དུ་རྩྭ་གྲོ་ནག་ཐེངས་3~4བསྡུ་ཐུབ་ལ། ཐེངས་རེ་རེའི་བརྔ་བསྡུ་བྱེད་ཚད་ནི་གང་བུ་ཐོགས་པ་ནས་མེ་ཏོག་བཞད་པའི་བར་དུ་ཡིན། སྤྱིར་བཏང་གང་བུ་ཐོགས་པ་ནས་བརྔ་བསྡུ་(ངེས་པར་དུ་གཞུང་རྟ་80%སླེབས་ན་གང་བུའི་དུས་ཟེར)བྱས་ཏེ་མེ་ཏོག་བཞད་དུས་བྲེགས་ཚར་དགོས།

 2.བཟང་ཆ། རྩྭ་གྲོ་ནག་དཔྱིད་ཀ་དང་སྟོན་ཁའི་དུས་སུ་སྐྱེས་སྟོབས་འབར་ཞིང་། རྩྭ་སྤུས་བཟང་ལ་ཁུ་བ་མང་། སྒོ་ཕྱུགས་ཀྱི་ཁ་ལ་འཚམས་པོ་ཡོད། གང་བུའི་དུས་དང་མེ་ཏོག་བཞད་པའི་དུས་བར་དུ་འཇུ་ཚད་མཐོ་ཞིང་། སྤྲི་དཀར་རྫས་ཕྲ་བོ་དང་ཚིལ་ཕྲ་བོ་འདུས་ཚད་མཐོ། ཚི་སྣ་ཕྲ་བོ་འདུས་ཚད་བལྟོས་བཅས་ཀྱི་དམའ་བས་གཟན་རྩྭའི་རྒྱུ་སྤུས་དང་ཐོན་ཚད་ཁག་ཐེག་བྱེད་བཞིན་ཡོད།

  3.ཞན་ཆ། སྐམ་པའི་དུས་སུ་ཆུ་འདུས་ཚད་ཚོད་འཛིན་བྱེད་རྒྱུ་དཀའ།

  4.ཉམས་འཇོག་བྱེད་དགོས་པ། འབྲེག་པའི་ཐེངས་གྲངས་ཅུང་མང་ལ། བསྐྱར་སྐྱེས་ནུས་པ་ཅུང་ཞན་པས་ལོ་རྗེས་མའི་ཐོན་ཚད་དང་རྒྱུ་སྤུས་ལ་ཤན་ཤུགས་ཐེབས། ལོ་གཅིག་སྐྱེས་པའི་རྩྭ་གྲོ་ནག་དེ་འོས་འཚམས་(མེ་ཏོག་བཞད་པའི་དུས།)ཀྱིས་བརྔ་བསྡུ་ཕྱིར་འགྱང་བྱས་ན། འཇལ་བྱེད་ས་ཁྱོན་ཁྲོད་ཀྱི་ཐོན་ཚད་དང་འཇུ་ཐུབ་པའི་རྫས་སྐམ་པོའི་ཐོན་ཚད་ཇེ་མཐོར་གཏོང་ཐུབ།

བཞི། ཞོག་ཁོག་མེ་ཏོག་འོད་སྨུག་དུས་ལྟར་བརྔ་བསྡུ་བྱེད་པའི་ལག་རྩལ།

  1.ལག་རྩལ་གསལ་བཤད། ཞོག་ཁོག་མེ་ཏོག་འོད་སྨུག་དེ་ཡུན་ནན་དང་ལིའང་ཧྲན་ས་ཁུལ་ཁྱབ་ཡོད་ལ། དེའི་བརྔ་བསྡུའི་དུས་ཚོད་ཡག་ཤོས་ནི་མེ་ཏོག་བཞད་པའི་དུས་དང་མེ་ཏོག་སྨིན་པའི་དུས་ཡིན། ཐེངས་2~3(དགུན་སྔོན་ལ་ཐེངས་1དང་དཔྱིད་ཐོན་ནས་ཐེངས་1)ལ་འབྲེག་ཆོག ཐེངས་རེ་རེ་བརྔ་བསྡུ་བྱེད་དུས་གཞུང་རྟའི་མཐོ་ཚད་ལི་སྨི་5~15བསྐྱུར་དགོས།

 2.བཟང་ཆ། མེ་ཏོག་བཞད་པའི་དུས་སུ་རྫས་སྐམ་པོའི་ཁྲོད་སྤྲི་དཀར་རྫས་ཕྲ་པོའི་འདུས་ཚད་20%ཡིན་ལ། ཨཱན་ཅི་སྐྱུར་དང། གཏེར་རྒྱུ། འཚོ་བཅུད་རྫས་ཅུང་མང་པོ་ཡོད། འཇུ་ཚད་དེ་སྤྱི་རྒྱ་གཅིག་ལ་107~124བར་ཡིན།

 3.ཞན་ཆ། བརྔ་བསྡུ་བྱེད་དུས་ཆར་དུས་སུ་ཁེལ་ན་རུལ་སླ།

 4.ཉམས་འཇོག་བྱེད་དགོས་པ། ཞོག་ཁོག་མེ་ཏོག་འོད་སྨུག་འོས་འཚམས་ཀྱི་སྐམ་དགོས་ལ་ཆུ་འདུས་ཚོད་འཛིན་བྱེད་པ་དེ་ལོ་མ་བཀུག་ཚད་ལ་བལྟས་ན་ལེགས།

ལྔ། སྔོ་གཟན་མ་རྨོས་ལོ་ཏོག་བརྔ་བསྡུ་ལག་རྩལ།

  1.ལག་རྩལ་གསལ་བཤད། སྔོ་གཟན་མ་རྨོས་ལོ་ཏོག་དེ་འབྲས་བུ་སྨིན་པའི་དུས་དང་འབྲས་བུ་སྨིན་ལས་བརྒལ་བའི་དུས་བརྔ་བསྡུ་བྱེད་དགོས། སྔོན་ཆུ་རང་བཞིན་ཅུང་བཟང་བའི་སྔོ་གཟན་མ་རྨོས་ལོ་ཏོག་ཐེངས་2~3བརྔ་བསྡུ་བྱས་ཆོག ལོ་མ་མང་ཞིང་གཞུང་རྟ་ཕྲ་བའི་སྔོ་གཟན་མ་རྨོས་ལོ་ཏོག་གི་ལོ་མ་སེར་པོའི་སྤྱིའི་མང་ཉུང་ཀྱི་1/7ཟིན་པ་དང་ཡང་ན་གཞུང་རྟར་རྩ་རྒྱས་པ་དང་སྲ་བརྒྱབ་པའི་རྗེས་ཀྱི་ཉིན་30ནས་བརྔ་བསྡུ་བྱ་ཆོག གང་བུ་ཐོགས་པའི་1/3ནས་1/2ལོན་དུས་བརྔ་བསྡུ་མཚམས་འཇོག་དགོས།

  2.བཟང་ཆ། ཐོན་ཚད་དང་རྒྱུ་སྤུས་གཞན་དང་བསྡུར་ན་བཟང་ཞིང་། གཞུང་རྟ་མཐོ་ལ་འཚམས་ཚད་བཟང་། འཚོ་བཅུད་འདུས་ཚད་མང་ལ་བརྔ་བསྡུའི་དུས་སུ་སྤྲི་དཀར་ཕྲ་བོའི་འདུས་ཚད་9%ཟིན་ཅིང་། འཇུ་ཚད་དང་ཁ་ལ་འཚམས་ཚད་ཤིན་ཏུ་མཐོ།

  3.ཞན་ཆ། སྔོ་གཟན་མ་རྨོས་ལོ་ཏོག་གི་འཚར་ལོངས་དུས་མཇུག་ཏུ་འཚོ་བཅུད་མང་ཆེ་བ་འབྲས་བུའི་ནང་དུ་བུད་འགྲོ་བས་གཞུང་རྟ་དང་ལོ་མའི་སྤུས་ཀ་ཅུང་ཞན་ལ། ཚི་སྣ་རྒྱུའི་འདུས་ཚད་མཐོ་བས་སྔོ་གཟན་སྡེབ་སྦྱོར་བྱེད་པ་སླ་མོ་མིན།

  4.ཉམས་འཇོག་བྱེད་དགོས་པ། སྔོ་གཟན་མ་རྨོས་ལོ་ཏོག་བརྔ་བསྡུ་བྱེད་པ་སྔ་མི་ཉན་ལ་འགོར་ཡང་མི་ཉན། བརྔ་བསྡུའི་དུས་སུ་གཞུང་རྟའི་རིང་ཚད་ལི་སྨི་15བསྐྱུར་དགོས་པར་རྩ་བ་ནས་གཅོད་མི་ཉན། ། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1