སི་ཁྲོན་ཞིང་ཆེན་གྱིས“ལྔ་གཅིག”རྒྱལ་སྤྱིའི་ངལ་རྩོལ་དུས་ཆེན་བསུ་བའི་གཟེངས་བསྟོད་ཚོགས་ཆེན་འཚོགས་པ་རེད།

རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 04-30


        སི་ཁྲོན་ཞིང་ཆེན་གྱིས་“ལྔ་གཅིག”རྒྱལ་སྤྱིའི་ངལ་རྩོལ་དུས་ཆེན་ལ་སྤྲོ་སེམས་འཁོལ་བའི་ངང་རྟེན་འབྲེལ་ཞུ་ཆེད། ཞིང་ཆེན་ཡོངས་ཀྱི་ལས་རིགས་ཁག་དང་འཐབ་ཕྱོགས་ཁག་གི་སྔོན་ཐོན་ཐུན་མོང་། སྔོན་ཐོན་ལས་བཟོ་པས་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་སྤུས་ཚད་མཐོན་པོས་འཕེལ་རྒྱས་ཁྲོད་བླངས་པའི་གྲུབ་འབྲས་དང་།  དུས་རབས་གསར་པའི་བཟོ་པའི་གྲལ་རིམ་གྱི་བསམ་པའི་ཉམས་འགྱུར་དང་དུས་རབས་ཀྱི་ཉམས་འགྱུར་བཟང་པོ་མངོན་པར་མཚོན་པ་དང་། ཞིང་ཆེན་ཡོངས་ཀྱི་རྒྱ་ཆེའི་ལས་བཟོ་མང་ཚོགས་ཀྱིས་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པར་བློ་གྲོས་དང་སྟོབས་ཤུགས་ཀྱི་ལེགས་སྐྱེས་འབུལ་བར་སྐུལ་སློང་བྱས་ཏེ། ཁྱད་དུ་འཕགས་པའི་གྲུབ་འབྲས་ཀྱིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་འཁོར་70འཁོར་བར་བསུ་མ་བྱེད་ཆེད།  ཟླ་4པའི་ཚེས་28ཉིན། “ལྔ་གཅིག”རྒྱལ་སྤྱིའི་ངལ་རྩོལ་དུས་ཆེན་དང་གཟེངས་བསྟོད་ཚོགས་ཆེན་ཁྲེང་ཏུའུ་རུ་འཚོགས་པ་རེད།

        ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་དམངས་ཆེན། ཞིང་ཆེན་སྲིད་གྲོས་ཀྱི་འགོ་ཁྲིད་བཅས་ཚོགས་འདུར་ཞུགས། ཞིང་ཆེན་ཏང་ཨུ་གཞུང་སྒྲུབ་ཐིན་དང་། ཞིང་ཆེན་སྲིད་གཞུང་གཞུང་སྒྲུབ་ཐིན། ཞིང་ཆེན་སྒྲིག་བཤེར་ཨུ་ཡོན་ལྷན་ཁང་། ཞིང་ཆེན་ཏང་ཨུ་རྩ་འཛུགས་པུའུ། ཞིང་ཆེན་ཏང་ཨུ་དྲིལ་བསྒྲགས་པུའུ། དཔལ་འབྱོར་དང་ཆ་འཕྲིན་ཅན་ཐིན། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན། ཞིང་ཆེན་རྒྱལ་ཁོངས་རྒྱུ་ནོར་ལྟ་སྐུལ་དོ་དམ་ཨུ་ཡོན་ལྷན་ཁང་། ཞིང་ཆེན་སྤྱི་ཁྱབ་བཟོ་ཚོགས། གུང་གཞོན་ཚོགས་པའི་ཞིང་ཆེན་ཏང་ཨུ། ཞིང་ཆེན་བུད་མེད་མཉམ་འབྲེལ་ལྷན་ཚོགས་སོགས་ཞིང་ཆེན་རིམ་པའི་འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་བློ་མཐུན་སོགས་ཚོགས་འདུར་ཞུགས་ཡོད་ལ། རྒྱལ་ཡོངས་དང་ཞིང་ཆེན་གྱི་ལྔ་གཅིག་ངལ་རྩོལ་གྱི་གཟེངས་བསྟོད་ལག་ཁྱེར་དང་། ལྔ་གཅིག་ངལ་རྩོལ་གྱི་གཟེངས་རྟགས་དང་བཟོ་པའི་གདོང་ལེན་པ་བཅས་ཀྱི་བྱ་དགའ་ཐོབ་པའི་འཐུས་མི་དང་། ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར(ཁུལ)ཁག་གི་སྤྱི་ཁྱབ་བཟོ་ཚོགས་དང་ཐོན་ལས་བཟོ་ཚོགས་ཀྱི་འབྲེལ་ཡོད་འགན་འཁུར་བློ་མཐུན་བཅས་ཁྱོན་མི་500ཙམ་ཚོགས་འདུར་ཞུགས་ཡོད་པ་རེད། 
        ཚོགས་ཆེན་ཐོག《སི་ཁྲོན་ཞིང་ཆེན་གྱི་2019ལོའི་རྒྱལ་ཡོངས་ལྔ་གཅིག་ངལ་རྩོལ་བྱ་དགའ་དང་རྒྱལ་ཡོངས་བཟོ་པའི་གདོང་ལེན་པའི་བྱ་དགའ་ཐོབ་པའི་གནས་ཚུལ་སྐོར་གྱི་བརྡ་ཐོ》དང་།《སི་ཁྲོན་ཞིང་ཆེན་སྤྱི་ཁྱབ་བཟོ་ཚོགས་ཀྱིས་སི་ཁྲོན་ཞིང་ཆེན་ལྔ་གཅིག་ངལ་རྩོལ་བྱ་དགའ་ལ་གཟེངས་བསྟོད་བྱ་རྒྱུའི་སྐོར་གྱི་གཏན་འབེབས》བཅས་སྒྲོག་འདོན་བྱས་པ་རེད། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1