ཟླ་4ཚེས་28ཉིན་གྱི་སྔ་དྲོའི་ཆུ་ཚོད་10པ་ཙམ་ལ། བོད་ལྗོངས་ལྷ་ས་གྲོང་ཁྱེར་གྱི་ནམ་མཁའ་སྔོ་ཞིང་དྭངས་བ་དང་། དྲོ་ཞིང་འཇམ་པའི་ཉི་འོད་འོག་ལྷ་ས་གྲོང་ཁྱེར་ཅང་སུའུ་སློབ་འབྲིང་གི་ལུས་རྩལ་ཐང་དུ་ལོ་གཅིག་དུས་གཅིག་གི་སློབ་གྲྭའི་ལུས་རྩལ་འགྲན་ཚོགས་དངོས་སུ་གཉེར་བ་རེད།
“རྒྱལ་ཁབ་བམ་ས་ཁུལ་གང་གི་ཆས་གོས་གྱོན་མཁན་གྱིས་རྒྱལ་ཁབ་དེའམ་ས་ཁུལ་དེའི་འཐུས་ཚབ་བྱེད་ཀྱི་ཡོད།”ཅེས་ལྷ་ས་གྲོང་ཁྱེར་ཅང་སུའུ་སློབ་འབྲིང་གི་སློབ་སྤྱི་བདེ་སྐྱིད་སྒྲོལ་དཀར་གྱིས་ངོ་སྤྲོད་བྱས། ཐེངས་འདིའི་སློབ་གྲྭའི་ལུས་རྩལ་འགྲན་ཚོགས་ཀྱིས་སྔར་མེད་གསར་སྤྲོས་བྱས་ཏེ། ཨོ་རྩལ་འགྲན་ཚོགས་ཀྱི་ཚོགས་ཞུགས་རྣམ་པར་ལད་ཟློས་བྱས་ཏེ། དྲང་བདེན་གྱི་ཆེད། འཛིན་གྲྭ་སོ་སོས་རྒྱན་འཕེན་ནས་རྒྱལ་ཁབ་བམ་ས་ཁུལ་གང་གི་“འཐུས་ཚབ་”བྱ་རྒྱུ་གཏན་འཁེལ་བྱས་ཡོད་པ་རེད།