སྐབས་དང་པོའི་གཟི་རྩ་སྡེ་དགུའི་དྭགས་པོའི་རིག་གནས་དུས་ཆེན།

བསོད་ནམས་སྐྱིད། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 05-15


        ཟླ་5པའི་ཚེས་12ཉིན། སྐབས་དང་པོའི་གཟི་རྩ་སྡེ་དགུའི་དྭགས་པོའི་རིག་གནས་དུས་ཆེན་ཏེ་དྭགས་པོའི་དམངས་གཞས་འགྲན་སྡུར་ཝུའུ་ཅའོ་ཡུལ་ཚོ་དབྱང་ཧྲན་སྡེ་བའི་དྭགས་པོའི་ཡུལ་སྲོལ་གོམས་གཤིས་གླིང་དུ་སྤེལ་བྱུང་།

        ཐེངས་འདིའི་རིག་གནས་དུས་ཆེན་གྱི་དམིགས་ཡུལ་ནི་གླུ་ལེན་སྤྲོ་ཚོགས་དང་། མཛའ་བརྩེ་མཉམ་གླེང་། འཕེལ་རྒྱས་མཉམ་གྲོས་བཅས་བྱེད་པ་དང་། ལྷག་པར་དུ་སྲོལ་རྒྱུན་རིག་གནས་ཐོན་ཁུངས་ལ་སླར་ཡང་སྲུང་སྐྱོང་དང་མང་ཚོགས་ཀྱི་རིག་གནས་རྨང་གཞི་སླར་ཡང་ཇེ་བརྟན་དང་། གཟི་རྩ་སྡེ་དགུའི་རིག་གནས་ཤེས་རྟོགས་ཐུབ་ཚད་དང་ཤུགས་རྐྱེན་ཐེབས་ཤུགས་སླར་ཡང་ཆེ་རུ་གཏོང་བ་བཅས་ཀྱི་ཐད་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱས་ནས། དྭགས་པོ་ས་ཁུལ་གྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་དར་སྤེལ་དེ་སྐས་རིམ་གསར་པ་ཞིག་ཏུ་སླེབས་པར་བྱ་རྒྱུའོ། །  


        གཟི་རྩ་སྡེ་དགུ་རྫོང་དང་ཕིང་ཝུའུ་རྫོང་། ཝུན་རྫོང་སོགས་ས་ཁུལ་གྱི་འགྲན་ཞུགས་ཚོ་ཆུང་15ཡི་འགྲན་ཞུགས་པས་རིག་རྩལ་འཁྲབ་སྟོན་གྱ་ནོམ་པ་ཞིག་བྱས་ལ། རྒྱ་ཆེའི་ལྟད་མོ་བའི་ཡིད་དབང་ཅིག་ཅར་དུ་འཕྲོག


        ཡུལ་དངོས་སུ།《ངོ་མཚར་བའི་ཝུའུ་ཅའོ།》དང་《དྭགས་པོའི་དམངས་གླུ།》དང་《ལོ་ལེགས་སྨིན་པའི་སྤྲོ་གླུ།》སོགས་ས་གནས་ཀྱི་ཁྱད་ཆོས་རབ་ཏུ་ལྡན་པའི་གླུ་གཞས་ཀྱིས་དྭགས་པོ་ས་ཁུལ་གྱི་ཐུན་མིན་ཁྱད་ཆོས་མངོན་པར་བྱས།

        ཐེངས་འདིའི་འགྲན་སྡུར་ལ་བྱ་དགའ་ཨང་དང་པོ་1དང་། ཨང་གཉིས་པ་2། ཨང་གསུམ་པ་3། ཕུལ་བྱུང་བྱ་དགའ་9བཅས་བདམས་པ་རེད། 


        ཝུའུ་ཅའོ་ཡུལ་ཚོ་དབྱང་ཧྲན་སྡེ་བའི་ཕུ་ནུ་མིང་སྲིང་ཚོ་དང་དྭགས་པོ་ས་ཁུལ་གྱི་སྨན་ཤར་ཚོས་སྟངས་སྟབས་མྱུར་མོའི་ཞབས་བྲོ་འཁྲབ་ནས་མདུན་བཞུགས་མགྲོན་པོར་དགའ་བསུའི་ལྟ་བ་བྱས། 


        ཚའེ་ཧྭ་མཉམ་གཞས་ཚོགས་པའི་གླུ་དབྱངས《ང་དང་ངའི་མེས་རྒྱལ།》ཞེས་པའི་རྒྱལ་གཅེས་ཀྱི་བརྩེ་སེམས་མཚོན་ཡོད།   


        བྱེད་སྒོའི་ཉིན་མོར་ཚང་མས་ད་དུང་པར་རིས་འགྲེམ་སྟོན་དང་རྒྱན་གོས་ངོམས་སྟོན་ལ་གཟིགས་པ་དང་། རིག་གནས་སྤེལ་རེས་དང་། གནའ་བོའི་ལྗོན་ཤིང་ལ་གུས་མཇལ། སྟག་མའི་མེ་ཏོག་ལ་གཟིགས་པ། ཁྲབ་རྐྱལ་སོགས་ཀྱི་བྱེད་སྒོ་རབ་དང་རིམ་པ་སྤེལ་བ་རེད།




དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1