༄༅།། ཟྭ་པོ་བཟས་ན་གཟུགས་པོར་ཕན་པ་གང་ཡོད་མེད་ཁྱེད་ཀྱིས་ཤེས་སམ།
རྩོམ་སྒྲིག་པ།ཡོང་ཁུངས།བོད་ལྗོངས་ཉིན་ཚགས། སྤེལ་དུས། 05-16
དུས་ཚིགས་འདིར་བོད་ཀྱི་ས་ཕྱོགས་གང་སར་ཟྭ་པོ་སྐྱེས་ཡོད་ལ། ཁྲོམ་གཞུང་དུའང་ཟྭ་པོ་འཚོང་མཁན་མང་པོ་མཐོང་རྒྱུ་ཡོད།
《སྔོ་སྨན་རྩྭ་འགྲེལ》(本草纲目)ནང་ཟྭ་པོ་ནི་འཁན་པ་དང་རུག་པ་སོགས་ཀྱི་སྔོ་སྨན་དང་འདྲ་པོ་ཡོད་ནའང་ཁ་དོག་དེ་ལས་སྔོ་བ་ཡོད། ཟྭ་པོའི་སྡོང་རྐང་ལི་སྨི་50ནས་100ཙམ་བར་འཚར་ཐུབ་པ་དང་ཚེར་སྤུ་མང་པོ་ལྡན་ཞེས་འཁོད་ཡོད།
བརྟག་དཔྱད་ལས་མངོན་པར། གཟབ་གཟབ་མ་བྱས་པའི་རྐྱེན་གྱིས་ཟྭ་པོར་རེག་ཚེ་དེའི་ཕྱི་ངོས་ཀྱི་ཚེར་སྤུས་སྐྱུར་རྩི་ཞིག་ཕྱུང་སྟེ། མིའི་ལུས་པོར་སྦིར་བའི་ཚོར་སྣང་སྟེར་གྱི་ཡོད། ཡིན་ནའང་ཟྭ་པོ་ཟུག་སྐབས་ཡི་ཙི་བྱུག་ནས་གཙང་བཤལ་བཏང་ཚེ་ན་ཟུག་འཇོམས་ཐུབ། ཟྭ་པོའི་ཡན་ལག་དང་ལོ་མར་སྤྲི་དཀར་དང་། འཚོ་རྒྱུ། གོང་ལ་ཕུག་གི་འཚོ་བཅུད་བཅས་ཧ་ཅང་མང་པོ་ལྡན་པ་མ་ཟད། ལིན་དང་། མའེ། ཤིན། ཀལ་སོགས་ཀྱི་འཚོ་བཅུད་མི་ཉུང་བ་ཞིག་ལྡན་སྟབས་ཟས་ལ་བསྟེན་ན་དུག་སེལ་དང་། བཙོག་པ་གཤོང་པ། གཉིད་ཁུག་པ་སོགས་ཀྱི་ཕན་ནུས་ལྡན། འོན་ཀྱང་ཁྲག་ཤེད་མཐོ་བའི་མིས་འཛེམ་དགོས། དེ་ཉིད་ཀྱིས་གྲང་ཚལ་དང་ཚ་ཚལ་སོགས་གང་བཟོས་ཀྱང་རུང་།