ཟླ་ལྔ་བའི་ཚེས་བཅོ་ལྔ་ཉིན། ཨེ་ཤ་ཡའི་དཔལ་ཡོན་གྲོས་མོལ་ཚོགས་ཆེན་པེ་ཅིན་རྒྱལ་ཁབ་གྲོས་ཚོགས་ལྟེ་གནས་ནས་ཚོགས་འགོ་བརྩམས་པ་དང་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཚོགས་ཆེན་ཚོགས་འགོ་བརྩམས་པའི་མཛད་སྒོར་ཞུགས་པར་མ་ཟད་ཁ་ཡིག་ལ་དཔལ་ཡོན་བརྗེ་རེས་དང་དཔྱད་གཞིར་འཛིན་པ་གཏིང་ཟབ་ཏུ་སྤེལ་ནས་ཨེ་ཤ་ཡའི་ལས་སྐལ་ཕུང་བོ་གཅིག་དྲིལ་ཅན་མཉམ་སྐྲུན་བྱེད་དགོས་ཞེས་པའི་གསུང་བཤད་གནང་།
ཟླ་ལྔ་བའི་ཚེས་བཅོ་ལྔ་ཉིན། ཨེ་ཤ་ཡའི་དཔལ་ཡོན་གྲོས་མོལ་ཚོགས་ཆེན་པེ་ཅིན་རྒྱལ་ཁབ་གྲོས་ཚོགས་ལྟེ་གནས་ནས་ཚོགས་འགོ་བརྩམས་པ་དང་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཚོགས་ཆེན་ཚོགས་འགོ་བརྩམས་པའི་མཛད་སྒོར་ཞུགས་པར་མ་ཟད་ཁ་ཡིག་ལ་དཔལ་ཡོན་བརྗེ་རེས་དང་དཔྱད་གཞིར་འཛིན་པ་གཏིང་ཟབ་ཏུ་སྤེལ་ནས་ཨེ་ཤ་ཡའི་ལས་སྐལ་ཕུང་བོ་གཅིག་དྲིལ་ཅན་མཉམ་སྐྲུན་བྱེད་དགོས་ཞེས་པའི་གསུང་བཤད་གནང་།
ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་ལྔ་བའི་ཚེས་བཅོ་ལྔ་ཉིན། ཨེ་ཤ་ཡའི་དཔལ་ཡོན་གྲོས་མོལ་ཚོགས་ཆེན་པེ་ཅིན་རྒྱལ་ཁབ་གྲོས་ཚོགས་ལྟེ་གནས་ནས་ཚོགས་འགོ་བརྩམས་པ་དང་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཚོགས་ཆེན་ཚོགས་འགོ་བརྩམས་པའི་མཛད་སྒོར་ཞུགས་པར་མ་ཟད་ཁ་ཡིག་ལ་དཔལ་ཡོན་བརྗེ་རེས་དང་དཔྱད་གཞིར་འཛིན་པ་གཏིང་ཟབ་ཏུ་སྤེལ་ནས་ཨེ་ཤ་ཡའི་ལས་སྐལ་ཕུང་བོ་གཅིག་དྲིལ་ཅན་མཉམ་སྐྲུན་བྱེད་དགོས་ཞེས་པའི་གསུང་བཤད་གནང་། ཝང་ཧུའུ་ཉིང་ཚོགས་ཆེན་འགོ་བརྩམས་པའི་མཛད་སྒོར་ཞུགས།
ཉིན་དེའི་སྔ་དྲོའི་དུས་ཚོད་བཅུ་དང་སྐར་མ་སུམ་ཅུའི་སྟེང་ཞི་ཅིན་ཕིང་དང་ཕྱི་རྒྱལ་གྱི་འགོ་ཁྲིད་པ་རྣམས་མཉམ་དུ་ཚོགས་རར་ཕེབས། སྤྲོ་སེམས་འཁོལ་བའི་ཐལ་མོ་རྡེབ་སྒྲའི་ཁྲོད་དུ་ཞི་ཅིན་ཕིང་ཀྲུའུ་ཞིའི་སྟེགས་བུའི་སྟེང་ཕེབས་ཏེ་གསུང་བཤད་གནང་། ཞི་ཅིན་ཕིང་གིས་གསུངས་རྒྱུར། དེང་སྐབས་འཛམ་གླིང་སྣེ་མང་ཅན་དང་དཔལ་འབྱོར་འཛམ་གླིང་ཅན། རིག་གནས་སྣ་མང་ཅན། སྤྱི་ཚོགས་ཆ་འཕྲིན་ཅན་དུ་བསྒྱུར་བར་མིའི་རིགས་ཀྱི་སྤྱི་ཚོགས་ཧྲིལ་བོ་རེ་བས་ཁེངས་ཡོད་ལ། དེ་དང་མཉམ་དུ་རྒྱལ་སྤྱིའི་གནས་བབ་ཀྱི་བརྟན་འཇགས་མིན་པའི་རང་བཞིན་དང་གཏན་འཁེལ་མིན་པའི་རང་བཞིན་སྔར་ལས་འབུར་ཐོན་ཡིན་པས་མིའི་རིགས་ཀྱི་མདུན་དུ་ལྷགས་པའི་འཛམ་གླིང་རང་བཞིན་གྱི་འགྲན་རྩོད་སྔར་ལས་ཛ་དྲག་ཆེ། འགྲན་རྩོད་ལ་མཉམ་དུ་ཁ་གཏད་འཇལ་ཏེ་མཛེས་པའི་མ་འོངས་པར་མདུན་སྐྱོད་བྱེད་ན། དཔལ་འབྱོར་ཚན་རྩལ་སྟོབས་ཤུགས་ལྡན་དགོས་པར་མ་ཟད་རིག་གནས་དཔལ་ཡོན་སྟོབས་ཤུགས་ལྡན་དགོས། ཨེ་ཤ་ཡའི་དཔལ་ཡོན་གྲོས་མོལ་ཚོགས་ཆེན་གྱིས་ཨེ་ཤ་ཡ་དང་དེ་མིན་འཛམ་གླིང་གི་རྒྱལ་ཁབ་སོ་སོས་དཔལ་ཡོན་ལྡན་པར་འདྲ་མཉམ་གྲོས་མོལ་བྱེད་པ་དང་བརྗེ་རེས་དང་དཔྱད་གཞིར་འཛིན་པ། ཕན་ཚུན་ལ་སྐུལ་ལྕག་བྱེད་པར་སྟེགས་བུ་གསར་བ་ཞིག་འདོན་སྤྲོད་བྱས་པ་ཡིན།
ཞི་ཅིན་ཕིང་གིས་བསྟན་དོན། དཔལ་ཡོན་ནི་སྣ་མང་བའི་དབང་གིས་བརྗེ་རེས་བྱེད་དགོས་པ་དང་བརྗེ་རེས་བྱེད་དགོས་པའི་དབང་གིས་ཕན་ཚུན་དཔྱད་གཞིར་འཛིན་དགོས་ལ། དཔྱད་གཞིར་འཛིན་དགོས་པའི་དབང་གིས་འཕེལ་རྒྱས་སུ་གཏོང་དགོས། ང་ཚོས་འཛམ་གླིང་སྟེང་དུ་རྒྱལ་ཁབ་མི་འདྲ་བ་དང་མི་རིགས་མི་འདྲ་བ། རིག་གནས་མི་འདྲ་བའི་བརྗེ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་པར་ཤུགས་བསྣན་ཏེ། ཨེ་ཤ་ཡའི་ལས་སྐལ་ཕུང་བོ་གཅིག་དྲིལ་ཅན་དང་མིའི་རིགས་ཀྱི་ལས་སྐལ་ཕུང་བོ་གཅིག་དྲིལ་ཅན་མཉམ་སྐྲུན་བྱེད་པའི་མི་གཞུང་རྨང་གཞི་སྲ་བརྟན་དུ་གཏོང་དགོས། ཞི་ཅིན་ཕིང་གིས་འདོད་ཚུལ་བཞི་བཏོན། གཅིག ཕན་ཚུན་ལ་བརྩི་འཇོག་དང་འདྲ་མཉམ་གྱི་ལྟ་ཚུལ་འཛིན་རྒྱུ་རྒྱུན་འཁྱོངས་བྱེད་དགོས། གཉིས། ཀུན་སྤྱོད་བཟང་བོ་རྒྱུན་འཁྱོངས་བྱས་ནས་ཡ་རབས་གཤིས་སྤྱོད་ལྡན་པར་བྱེད་དགོས། གསུམ། སྒོ་འབྱེད་བཟོད་སྒོམ་དང་ཕན་ཚུན་སློབ་སྦྱོང་དང་དཔྱད་གཞིར་འཛིན་པ་རྒྱུན་འཁྱོངས་བྱེད་དགོས། བཞི། བབ་བསྟུན་མདུན་སྐྱོད་དང་གསར་སྐྲུན་འཕེལ་རྒྱས་རྒྱུན་འཁྱོངས་བྱེད་དགོས་བཅས་རེད།
ཞི་ཅིན་ཕིང་གིས་བསྟན་དོན། ད་ལྟའི་ཀྲུང་གོ་ནི་ཀྲུང་གོ་ཙམ་དུ་མ་ཟད་ཨེ་ཤ་ཡ་དང་འཛམ་གླིང་ཡོངས་སུ་ཤུགས་རྐྱེན་ཐེབས་པའི་ཀྲུང་གོ་ཡིན་པ་དང་། མ་འོངས་པའི་ཀྲུང་གོས་སྔར་ལས་སྒོ་འབྱེད་ཀྱི་སྤྱོད་ཚུལ་ལ་བརྟེན་ནས་འཛམ་གླིང་ཡོངས་ལ་ནུས་ཤུགས་གང་ཡོད་འདོན་པ་དང་སྔར་ལས་གསོན་ཤུགས་ཆེ་བའི་དཔལ་ཡོན་གྲུབ་འབྲས་ཀྱིས་འཛམ་གླིང་ཡོངས་ལ་བྱས་རྗེས་འཇོག་ངེས་ཡིན། ཚང་མས་ཨེ་ཤ་ཡའི་དཔལ་ཡོན་དང་འཛམ་གླིང་དཔལ་ཡོན་ཐད་ལ་མཛེས་པའི་མ་འོངས་པ་མཉམ་དུ་གསར་སྐྲུན་བྱེད་དགོས་ཟེར།
མཛད་སྒོའི་སྟེང་ཁམ་ཕུ་ཁྲེའི་རྒྱལ་བོ་ཞི་ཧ་མོ་ཉི་དང་ཞི་ལའི་ཙུང་ཐུང་ཕ་ཧྥུའུ་ལོ་ཕུའུ་ལོ་སི། སིང་ག་ཕོར་གྱི་ཙུང་ཐུང་ཧ་ལིས་མ། སི་རི་ལན་ཁའི་ཙུང་ཐུང་ཞི་ལིས་སེ་ན། ཡ་མེ་ཉི་ཡའི་ཙུང་ལི་ཕ་ཞི་ཉི་ཡང་། མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱི་སྤྱི་ཁྱབ་ཀན་ཧྲི་ཨ་ཙུའུ་ལེ་སོགས་ཀྱིས་ཤིས་ཚིག་ཕུལ། ཕྱི་རྒྱལ་གྱི་འགོ་ཁྲིད་པས་བཤད་རྒྱུར། གནའ་བོའི་ཀྲུང་ཧྭའི་དཔལ་ཡོན་གྱིས་འཛམ་གླིང་ཡོངས་ལ་རྒྱུ་ནོར་རྩ་ཆེན་བསྐྲུན། ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་པའི་ཨེ་ཤ་ཡའི་ལས་སྐལ་ཕུང་བོ་གཅིག་དྲིལ་ཅན་དང་མིའི་རིགས་ཀྱི་ལས་སྐལ་ཕུང་བོ་གཅིག་དྲིལ་ཅན་གསར་སྐྲུན་བྱེད་པའི་རླབས་ཆེན་བསམ་ཕྱོགས་ནི་དེང་རབས་ཀྲུང་གོས་འཛམ་གླིང་གི་ཞི་བདེ་དང་མིའི་རིགས་ཀྱི་ཡར་ཐོན་ཐད་ལ་བྱས་རྗེས་གལ་ཆེན་བཞག་པ་ཡིན་པས། རྒྱལ་ཁབ་སོ་སོས་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་གྱི་གོ་སྐབས་གལ་ཆེན་དམ་འཛིན་བྱས་ཏེ། དམངས་སེམས་གཅིག་མཐུན་བྱེད་པ་དང་ཞི་བདེ་དང་མཛའ་མཐུན། མཉམ་ལས་བཅས་ལ་སྐུལ་འདེད་བཏང་ནས་མཛེས་པའི་ཕུགས་འདུན་མཉམ་དུ་མངོན་འགྱུར་བྱེད་དགོས་ཟེར།
ཏེན་ཞའོ་ཞང་དང་སུན་ཁྲུན་ལན། ཡང་ཅེ་ཁྲི། ཚེ་ཆི། ཝང་དབྱི། ཧི་ལིས་ཧྥིན་སོགས་ཚོགས་ཆེན་གྱི་མཛད་སྒོར་ཞུགས། །