སྤྱི་ཟླ་5པའི་ཚེས་17ཉིན་ནས་བཟུང་ཝུན་འབར་མྱུར་བགྲོད་གཞུང་ལམ་དུ་ཁག་བགོས་ཚོད་ལྟ་བྱས་ཏེ་རླངས་འཁོར་གཏོང་རྒྱུ་ཡིན།
ཝུན་འབར་མྱུར་བགྲོད་གཞུང་ལམ་སྟེང་མཉམ་འཇོག་བྱ་ཡུལ།
གཤམ་གསལ་གྱི་རླངས་འཁོར་རིགས་བགྲོད་མི་རུང་།
མཐོ་ཚད་སྨི་2.2ཡན་གྱི་འཁོར་ལོ་དང་འདུག་སྟེགས་9ཅན་(9ཅན་ཡང་འདུས།)ཡན་གྱི་འགྲུལ་སྐྱེལ་རླངས་འཁོར་དང་ཟོག་སྐྱེལ་འཁོར་ལོ་ཅི་རིགས་དང་། ཉེན་ཁ་ཅན་གྱི་ཟོག་སྐྱེལ་རླངས་འཁོར་དང་། འཕྲུལ་སྒུལ་རླངས་འཁོར་མིན་པ་(གློག་རྟ་འདུས།)འཕྲུལ་རྟ། འདྲུད་འཐེན་འཁོར་ལོ། ཞིང་སྤྱོད་རླངས་འཁོར་བཅས་ཚུད་ཡོད།
ལམ་མཚམས་དབྱེ་བའི་ཚོད་ལྟའི་བགྲོད་སྟངས།
1.ཝུན་ཁྲོན་ནས་ཐའོ་ཕིང་ཆའང་སྡེའི་ལམ་མཚམས་སྤྱི་ལེ་17ཡོད་པ་སྟེ། ཕྱོགས་གཉིས་ཀར་ཤར་བགྲོད་ཐུབ།
2.ཞའེ་ཁྲིན་ནས་ཀུབ་རོ་མགོའི་ལམ་མཚམས་སྤྱི་ལེ་40ཡོད་པ་སྟེ། ཕྱོགས་གཉིས་ཀར་ཤར་བགྲོད་ཐུབ།
3.མྱག་ལོའི་མཐའ་གྲོང་ནས་འབར་ཁམས་ཤར་ཚིགས་ལམ་མཚམས་སྤྱི་ལེ་48ཡོད་པ་སྟེ། ཕྱོགས་གཅིག་མ་གཏོགས་བགྲོད་མི་རུང་ལ། མྱག་ལོའི་མཐའ་གྲོང་ནས་འབར་ཁམས་ཤར་ཚིགས་ཀྱི་ལམ་ཕྱོགས་མ་གཏོགས་བགྲོད་མི་རུང་།
རླངས་འཁོར་ཁག་བགོ་བྱེད་སྟངས་ནི།
1.ཏུའུ་ཝུན་མྱུར་བགྲོད་གཞུང་ལམ་ནས་ཝུན་འབར་མྱུར་བགྲོད་གཞུང་ལམ་གྱི་ཧྥུང་ཕེང་འགག་གི་འབྲེལ་མཚམས་སུ་སྨི2.2ཅན་གྱི་ཚད་བཀག་འཕྲེད་ཤིང་ཡོད་ལ་རླངས་འཁོར་ཁག་བགོ་བྱེད་བཞིན་ཡོད།
2.འགྲོ་སྐྱོད་བཀག་སྡོམ་བྱས་པའི་རླངས་འཁོར་ཡོད་ཚད་དང་། ཝུན་ཁྲོན་རྫོང་མཁར་དང་མའོ་རྫོང་ཕྱོགས་སུ་བསྐྱོད་པའི་རླངས་འཁོར་ཝུན་འབར་མྱུར་བགྲོད་གླ་ལེན་ས་ཚིགས་བརྒྱུད་ནས་མྱུར་བགྲོད་གཞུང་ལམ་ལས་ཕྱིར་འབུད་དགོས།
བདེ་འཇགས་འགན་སྲུང་བྱེད་ཐབས།
1.ཝུན་འབར་མྱུར་བགྲོད་སྟེང་ཁག་བགོས་ཚོད་ལྟའི་འགྲོ་སྐྱོད་རིང་མགྱོགས་ཚད་ཚད་བཀག་བྱ་རྒྱུ་ཡིན། ཕུག་ལམ་ནང་གི་མགྱོགས་ཚད་ཆུ་ཚོད་གཅིག་ལ་སྤྱི་ལེ་བརྒྱད་ཅུར་ཚད་བཀག་བྱས་ཡོད་ལ། ཕུག་ལམ་ཕྱི་ནས་ཆུ་ཚོད་གཅིག་ལ་སྤྱི་ལེ་བརྒྱའི་མགྱོགས་ཚད་ཚད་བཀག་བྱས་ཡོད།
2.སྤྱི་བདེ་དང་འགྲིམ་འགྲུལ་སྐྱེལ་འདྲེན་སོགས་ལས་ཁུངས་ཀྱིས་གཞུང་ལམ་བདེ་འཇགས་དོ་དམ་བྱེད་ཤུགས་ཆེ་རུ་གཏང་སྟེ། ཁྲིམས་འགལ་གྱི་བྱ་སྤྱོད་སྣ་ཚོགས་ཁྲིམས་ལྟར་ཞིབ་བཤེར་ནན་པོ་བྱས་ནས་འགྲོ་ལམ་བདེ་འཇགས་དང་ཤར་བགྲོད་ཐུབ་པར་འགན་ལེན་བྱེད་རྒྱུ་ཡིན།