འབར་ཁམས་སུ་དངུལ་རྩའི་ཤེས་བྱ་ཀུན་ལ་སྒྲོག་པའི་བྱེད་སྒོ་སྤེལ།
ཚུལ་ཁྲིམས་རྡོ་རྗེས་བསྒྱུར། རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 05-23
ཟླ5པའི་ཚེས15ཉིན། ཁུལ་དངུལ་རྩའི་ལས་དོན་ཅུས་དང་། ཁུལ་ཉེན་རྟོག་ཅུས། ཁུལ་ཁྲོམ་རར་ལྟ་སྐུལ་དོ་དམ་ཅུས། མི་དམངས་དངུལ་ཁང་གི་རྔ་བའི་ཡན་ལག་དངུལ་ཁང་། རྔ་བའི་དངུལ་ཁང་དང་འགན་སྲུང་ལྟ་སྐུལ་དོ་དམ་ཡན་ལག་ཅུས། ཁུལ་ཐོག་ཏུ་ཡོད་པའི་དངུལ་ཁང་བཅས་ཀྱི་མཉམ་འབྲེལ་གྱིས“5•15”སྟེ། དཔལ་འབྱོར་སྟེང་གི་ཁྲིམས་འགལ་ལ་རྡུང་རྡེག་དང་སྔོན་འགོག་བྱེད་པའི་དྲིལ་སྒྲོག་ཉིན་མོར། འབར་ཁམས་གྲོང་ཁྱེར་དུ་ཁྲིམས་འགལ་གྱིས་མ་རྩ་བསྡུ་བར་དོ་གཟབ་དང་། དངུལ་རྩའི་ཤེས་བྱ་ཀུན་ལ་སྒྲོག་པའི་བྱེད་སྒོ་སྤེལ།
དྲིལ་སྒྲོག་གི་འགྲེམ་པང་འཇོག་པ་དང་། དྲིལ་སྒྲོག་གི་ཡིག་ཆ་སྟེར་བ། དྲི་བར་ལན་འདེབས་པ་སོགས་ཀྱི་ཐབས་ལམ་བརྒྱུད་དེ། མི་དམངས་མང་ཚོགས་རྣམས་ལ་ཁྲིམས་འགལ་གྱིས་མ་རྩ་བསྡུ་བར་དོ་གཟབ་བྱེད་པ་དང་། དངུལ་རྩའི་འཛད་སྤྱོད་པའི་ཁེ་དབང་ལ་སྲུང་སྐྱོབ། དངུལ་ནག་བཀྲུ་བར་བཀག་འགོག དངུལ་རྫུན་མར་བཀག་འགོག དངུལ་རྩའི་བདེ་འཇགས་སོགས་ཤེས་བྱ་བསྒྲགས་ཏེ། སྤྱི་ཚོགས་སྟེང་གི་མང་ཚོགས་རྣམས་ལ་དངུལ་རྩ་འཇོག་པའི་འདུ་ཤེས་ཡང་དག་པར་བསླབས་ཤིང་། ཁྲིམས་འགལ་གྱི་དངུལ་རྩའི་བྱེད་སྒོའི་བདེན་རྫུན་ལ་བརྟག་མཁས་པ་དང་། དེ་ལ་དོ་གཟབ་བྱེད་པའི་ནུས་པ་ཆེ་རུ་བཏང་བར་མ་ཟད། ཁྲིམས་མིན་ལུགས་མིན་གྱི་དངུལ་རྩའི་བྱེད་སྒོར་རིང་དུ་གྱེས་པར་བྱས་སོ། །
དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1