ཞི་ཅིན་ཕིང་གིས་སྤྱི་ལོ2019ལོའི་ཀྲུང་གོ་རྒྱལ་སྤྱིའི་གཞི་གྲངས་ཆེན་མོའི་ཐོན་ལས་འགྲེམ་ཚོགས་ལ་ཤིས་ཚིག་བསྐུར་བ།
རྩོམ་སྒྲིག་པ།ཡོང་ཁུངས།ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། སྤེལ་དུས། 05-27
སྤྱི་ལོ2019ལོའི་ཀྲུང་གོ་རྒྱལ་སྤྱིའི་གྲངས་གཞི་ཆེན་མོའི་ཐོན་ལས་འགྲེམ་ཚོགས་དེ་སྤྱི་ཟླ5པའི་ཚེས26ཉིན་ཀུད་ཀྲོའུ་ཞིང་ཆེན་ཀུད་ཡང་དུ་འགོ་ཚུགས་པ་་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་འགྲེམ་ཚོགས་ལ་རྟེན་འབྲེལ་ཤིས་ཚིག་བསྐུར་གནང་འདུག
ཞི་ཅིན་ཕིང་གིས། མིག་སྔར་དྲ་སྦྲེལ་དང་། གཞི་གྲངས་ཆེན་མོ། མི་ཐབས་རིག་ནུས་བཅས་ཀྱིས་འཐུས་ཚབ་བྱས་པའི་ཐོན་གསར་པའི་ཆ་འཕྲིན་ལག་རྩལ་གོང་འཕེལ་ཆེན་པོ་འགྲོ་བ་དང་། དེས་རྒྱལ་ཁབ་ཁག་གི་དཔལ་འབྱོར་གོང་འཕེལ་དང་། སྤྱི་ཚོགས་ཡར་རྒྱས། མི་དམངས་ཀྱི་འཚོ་བ་བཅས་ལ་གལ་ཆེ་ལ་རྒྱ་ཆེ་གཏིང་ཟབ་ཀྱི་ཤུགས་རྐྱེན་ཐེབས་བཞིན་ཡོད། རྒྱལ་ཁབ་ཁག་ནས་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་དང་། སྤེལ་རེས་ཟབ་ཏུ་བཏང་ནས། ཐུན་མོང་ཐོག་གཞི་གྲངས་ཅན་དང་། དྲ་སྦྲེལ་ཅན། རིག་ནུས་ཅན་བཅས་ཀྱི་གོང་འཕེལ་གོ་སྐབས་དམ་འཛིན་དང་། གཞི་གྲངས་ཆེན་མོ་གོང་འཕེལ་ཕྱིན་པ་དེས་བཅའ་ཁྲིམས་དང་། བདེ་འཇགས། སྲིད་གཞུང་བཅོས་སྐྱོང་སོགས་ཀྱི་ཐད་བཟོས་པའི་འགྲན་རྩོད་ལ་ཁ་གཏད་ཡག་པོ་གཅོག་དགོས་ཞེས་བསྟན་འདུག
ཞི་ཅིན་ཕིང་གིས། ཀྲུང་གོས་གཞི་གྲངས་ཆེན་མོའི་ཐོན་ལས་གོང་འཕེལ་ལ་མཐོང་ཆེན་པོ་བྱེད་པ་དང་། རྒྱལ་ཁབ་ཁག་བར་གཞི་གྲངས་དཔལ་འབྱོར་གོང་འཕེལ་གྱིས་སྤྲད་པའི་གོང་འཕེལ་གོ་སྐབས་མཉམ་སྤྱོད་བྱེད་པ་དང་། ལག་རྩལ་གསར་པ་དང་། ལས་སྒོ་གསར་པ། དཔེ་རྣམ་གསར་པ་བཅས་འཚོལ་ཞིབ་བྱེད་པ་བརྒྱུད། འཕར་སྣོན་གྱི་འགུལ་ནུས་དང་གོང་འཕེལ་ཐབས་ལམ་མཉམ་དུ་འཚོལ་ཞིབ་བྱེད་འདོད་ཡོད། འཐུས་མི་དང་སྐུ་མགྲོན་རྣམས་ནས་གསར་གཏོད་གོང་འཕེལ་དང་གཞི་གྲངས་ཀྱིས་མ་འོངས་པ་བརྗོད་ཅེས་པའི་བརྗོད་དོན་གཙོ་བོར་གཞིགས་ནས། གཞི་གྲངས་ཆེན་མོའི་ཐོན་ལས་གོང་འཕེལ་དང་མཉམ་ལས་ཇུས་ཆེན་ཐད་མཉམ་གྲོས་བྱས་ཐོག རྒྱལ་ཁབ་ཁག་མཉམ་དུ་གོང་འཕེལ་དང་། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་མ་ལག་འཛུགས་ཆེད་ལེགས་སྐྱེས་འབུལ་རྒྱུའི་རེ་བ་ཡོད་ཅེས་ནན་སྟོན་གནང་འདུག