ཀྲུང་གུང་ཀྲུང་དབྱང་གཞུབ་སྒྲུབ་ཐིན་གྱིས་ལས་བྱེད་པའི་གདམ་གསེས་བསྐོ་སྤྱོད་བྱ་བའི་ལྟ་སྐུལ་ཞིབ་བཤེར་དང་འགན་འཁྲི་རྩད་གཅོད་བྱེད་ཐབས་འགྲེམ་སྤེལ་བྱས།
རྩོམ་སྒྲིག་པ།ཡོང་ཁུངས།མཚོ་སྔོན་བོད་སྐད་རླུང་འཕྲིན། སྤེལ་དུས། 05-29
ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་ལམ། ཀྲུང་གུང་ཀྲུང་དབྱང་གཞུང་སྒྲུབ་ཐིན་གྱིས་ལས་བྱེད་པའི་གདམ་གསེས་བསྐོ་སྤྱོད་བྱ་བའི་ལྟ་སྐུལ་ཞིབ་བཤེར་དང་འགན་འཁྲི་རྩད་གཅོད་བྱེད་ཐབས་འགྲེམ་སྤེལ་བྱས་པ་མ་ཟད། བརྡ་སྦྱོར་སྤེལ་ནས་ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་བརྩི་སྲུང་དང་ལག་བསྟར་ནན་མོ་བྱེད་རྒྱུའི་རེ་བ་བཏོན།
ལས་བྱེད་པའི་འདེམ་གསེས་བསྐོ་སྤྱོད་བྱ་བའི་ལྟ་སྐུལ་ཞིབ་བཤེར་དང་འགན་འཁྲི་རྩད་གཅོད་བྱེད་ཐབས་ལ་བསྡོམས་པས་ལེའུ་བཅུ་དང་དོན་ཚན་ཞེ་གཉིས་ཡོད་པ་དང་། ཀྲུང་དབྱང་རྩ་འཛུགས་པུའུ་ཡིས་འགྲེལ་བཤད་བྱེད་རྒྱུའི་འགན་ཁུར་ཡོད།
བྱེད་ཐབས་དེ2019ལོའི་ཟླ་ལྔ་བའི་ཚེས་བཅུ་གསུམ་ཉིན་ནས་བཟུང་ལག་བསྟར་བྱས། 2003ལོའི་ཟླ་དྲུག་པའི་ཚེས་བཅུ་དགུ་ཉིན་ཀྲུང་དབྱང་གཞུང་སྒྲུབ་ཐིན་གྱིས་འགྲེམ་སྤེལ་བྱས་པའི་ཏང་སྲིད་འགོ་ཁྲིད་ལས་བྱེད་པའི་གདམ་གསེས་བསྐོ་སྤྱོད་བྱ་བའི་ལྟ་སྐུལ་ཞིབ་བཤེར་ཚོད་ལྟའི་བྱེད་ཐབས་དང་། 2010ལོའི་ཟླ་གསུམ་པའི་ཚེས་བདུན་ཉིན་ཀྲུང་དབྱང་གཞུང་སྒྲུབ་ཐིན་གྱིས་འགྲེམ་སྤེལ་བྱས་པའི་ཏང་སྲིད་འགོ་ཁྲིད་ལས་བྱེད་པའི་གདམ་གསེས་བསྐོ་སྤྱོད་བྱ་བའི་འགན་འཁྲི་རྩད་གཅོད་ཚོད་ལྟའི་བྱེད་ཐབས་གཉིས་མཉམ་དུ་བཀོལ་མཚམས་བཞག