ལྷ་ས་ནས་དུག་འགོག་ལས་ཀ་སྤེལ་བ་དང། དུག་རྫས་སྤྱི་རྒྱ་བཅུ་ཙམ་བརྩིས་བླངས་ཡོད།

རྩོམ་སྒྲིག་པ།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 05-30


      ཟླ་5ཚེས་27ཉིན། ལྷ་ས་གཞུང་ཕྱོགས་ནས་ཁྱབ་བསྒྲགས་སྤེལ་བ་སྟེ། 2018ལོའི་ཟླ་1ནས་ད་ལྟའི་བར། ལྷ་ས་གྲོང་ཁྱེར་སྤྱི་བདེ་ལས་ཁུངས་ཀྱིས་དུག་རྫས་ཁྱོན་སྤྱི་རྒྱ་10ཙམ་བརྩིས་བླངས་ཡོད་ཅིང་། དུག་རྫས་གནོད་འཚེ་ཚབས་ཆེན་ཕོག་ཁུལ་གྱི་ཁོངས་སུ་གཏོགས་མེད་ཅིང་། དུག་རྫས་དང་འབྲེལ་ཡོད་མི་སྣའི་བསྡུར་གྲངས་ཅུང་ཆུང་།

ཉིན་དེར། བོད་རང་སྐྱོང་ལྗོངས་དུག་འགོག་ཨུ་ཡོན་ལྷན་ཁང་གི་ཐོག་མའི་དཔྱད་དཔོག་ཞིབ་བཤེར་ཚོ་ཆུང་ལྷ་ས་གྲོང་ཁྱེར་དུ་བསྐྱོད་དེ་རྒྱལ་ཡོངས་དུག་འགོག་དཔེ་སྟོན་གྲོང་ཁྱེར་གསར་འཛུགས་ལས་དོན་གྱི་ཐོག་མའི་དཔྱད་དཔོག་སྤེལ་ཞིང་། ལྷ་ས་གྲོང་ཁྱེར་དཔལ་འབྱོར་གསར་སྤེལ་ཁུལ་གྱི་དུག་འགོག་སློབ་གསོ་རྟེན་གཞི་དང་རྒྱལ་ཡོངས་དུག་འགོག་དཔེ་སྟོན་སློབ་གྲྭ་སྟེ་ལྷ་ས་གྲོང་ཁྱེར་སློབ་འབྲིང་བཞི་བ། དུག་འགོག་བརྗོད་བྱ་བཟུང་བའི་སྤྱི་གླིང་། དུག་འགོག་སྡེ་ཁུལ་སོགས་ལ་བརྟག་ཞིབ་བྱས་པ་རེད། 


     ཤེས་རྟོགས་བྱུང་བར་གཞིགས་ན། 2018ལོའི་ཟླ་1པོར། ལྷ་ས་གྲོང་ཁྱེར་ནི་རྒྱལ་ཡོངས་དུག་འགོག་དཔེ་སྟོན་གྲོང་ཁྱེར་གསར་འཛུགས་མིང་ཐོ་ནང་བཀོད་པ་རེད། ལྷ་ས་གྲོང་ཁྱེར་དུག་འགོག་ལས་སྒྲུབ་ཁང་གི་ཀྲུའུ་རེན་གཞོན་པ། དུག་འགོག་ཡན་ལག་རུ་ཁག་གི་ཡན་ལག་རུ་དཔོན་གཞོན་པ་ཝང་ཧྲི་ཡོང་གིས་ངོ་སྤྲད་དོན། ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་ཀྱིས་“ཡོངས་ཁུངས་བཀག་ནས་རྒྱུན་གཅོད་པ”དང་“ཕྱི་འགོག་ནང་གཙང་”སོགས་ཀྱི་ཆེད་དོན་ལས་ཀ་སྤེལ་བས། 2018ལོར། ཁྱོན་དུག་འཐེན་མཁན་277འཛིན་བཟུང་བྱས་ཡོད། 

    ལྷ་ས་གྲོང་ཁྱེར་གྱི་དུག་རྫས་འཚོང་འགྲེམས་ནི་སིལ་འཚོང་གཙོ་བོ་ཡིན་ཞིང་། དུག་རྫས་གང་སར་ཁྱབ་ཁུལ་ཀྱང་མིན་ལ་དུག་རྫས་བརྩིས་བླངས་པའི་ཁ་གྲངས་ནི་ནང་ས་དང་བསྡུར་ན་ཉུང་། 2018ལོའི་ཟླ་1པོ་ནས་ད་ལྟའི་བར། ཁྱོན་དུག་རྫས་སྤྱི་རྒྱ་10ལྷག་བརྩིས་བླངས་ཡོད། དུག་འབྲེལ་མི་སྣའི་བསྡུར་ཚད་ཅུང་ཆུང་ཞིང་། པུའུ་རིམ་པའི་དམིགས་ཚད་གྱོད་དོན་ཅུང་ཉུང་བ་དང་། མིག་སྔར་པུའུ་རིམ་པའི་དམིགས་ཚད་གྱོད་དོན་1རྩད་ཆོད་བྱུང་ཡོད།       གཞན་ཡང་། 2018ལོའི་ཟླ་1པོ་ནས་ད་ལྟའི་བར། ལྷ་ས་གྲོང་ཁྱེར་དུ་དུག་འབྲེལ་རྒྱུ་ནོར་མི་དམངས་ཤོག་སྒོར་ཁྲི་20ཡན་གྱི་གྱོད་དོན་དང་དུག་འབྲེལ་ནག་དངུལ་དག་འབུད་དང་འབྲེལ་བའི་གྱོད་གཞི་བྱུང་མེད་ཅིང་། 2018ལོར་དུག་འཐེན་མཁན་གསར་པའི་འཕར་ཚད་ནི་2017ལོ་ལས་50%ཉུང་དུ་ཕྱིན་ཡོད། 


    བོད་རང་སྐྱོང་ལྗོངས་སྤྱི་བདེ་ཐིང་གི་ཏང་ཨུའི་ཨུ་ཡོན་དང་། ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་ཀྱི་ཏང་ཨུ་ཧྲུའུ་ཅི་མ་ཅུན་གྱིས་ངོ་སྤྲོད་བྱས་པ་སྟེ། “དུག་འགོག”གྲོང་ཁྱེར་གསར་འཛུགས་བྱས་པ་ནས་བཟུང་། ལྷ་ས་གྲོང་ཁྱེར་གྱིས་ས་གནས་དེ་གའི་དུག་འབྲེལ་ཉེས་ཅན་ལ་རྡུང་རྡེག་དྲག་པོ་བཏང་ནས། ཁྱོན་བསྡོམས་ས་གནས་དེ་གའི་དུག་འབྲེལ་ཉེས་དོན་གྱོད་གཞི་49རྩད་ཆོད་པ་དང་། དུག་འབྲེལ་མི་སྣ་84འཛིན་བཟུང་བྱས་ཡོད། སྔ་རྗེས་སུ་དུག་རྫས་སྤྱི་རྒྱ་7ཙམ་བརྩིས་བླངས་ཡོད། དུག་འབྲེལ་སྲིད་དོན་གྱོད་གཞི་181བསྒྲུབས་ཡོད་ཅིང་། དུག་འཐེན་མཁན་306ཞིབ་བཤེར་བྱུང་ཡོད། ནང་སའི་ཉེན་རྟོག་པ་དང་མཉམ་འབྲེལ་སྒོས་དུག་རྫས་གྱོད་དོན་6རྩད་ཆོད་བྱུང་ཡོད་ལ། སྔ་རྗེས་སུ་དུག་རྫས་སྤྱི་རྒྱ་3ཙམ་བརྩིས་བླངས་ཡོད་པ་རེད། 


    “ཕྱི་འགོག་ནང་གཙང་”སོགས་ཀྱི་ཆེད་དོན་ལས་འགུལ་སྤེལ་ནས། ཕྱི་ནས་ཡོང་བའི་དུག་འཐེན་མཁན་91ཕྱིར་བཏང་པ་དང་ཕྱིར་སྐྱེལ་ཡོད། ལྷ་ས་གྲོང་ཁྱེར་སྤྱི་བདེ་ཕྱོགས་བསྡུས་ཁྲིམས་འཛིན་ཞིབ་བཤེར་ས་ཚིགས་13ལ་བརྟེན་ནས་དུག་འཐེན་མཁན་165རྩད་ཆོད་ཡོད། 

     མ་ཅུན་གྱིས། གོང་དུ་བཤད་པའི་བྱེད་ཐབས་དག་བརྒྱུད་ནས། ལྷ་ས་གྲོང་ཁྱེར་དུ་དུག་རྫས་འདྲེན་ཚད་ཉུང་དུ་སོང་ཡོད་ལ། དུག་འཐེན་མཁན་མུ་མཐུད་དུ་ཉུང་དུ་ཕྱིན་ཡོད། དུག་རྫས་འཛད་སྤྱོད་ཁྲོམ་ར་རིམ་བཞིན་ཇེ་ཆུང་དུ་སོང་བས། ཕན་ནུས་ལྡན་པའི་ངང་ལྷ་ས་གྲོང་ཁྱེར་གྱི་དུག་རྫས་ཉེས་ཅན་གྱི་བར་སྟོང་ལ་རྡུག་རྡེག་དྲག་པོ་བཏང་ཡོད་པར་བཤད།



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1