རྩོམ་སྒྲིག་པ། སྒྲོལ་མ་ཚེ་བརྟན།
དེང་སྐབས་རྒྱལ་ཁབ་ཕྱི་ནང་ན་བོད་ཀྱི་ལོ་རྒྱུས་ལ་ཞིབ་འཇུག་བྱེད་མཁན་ཤིན་ཏུ་མང་ལ། དེ་དག་ལས་བན་ལུགས་ཀྱི་ཡིག་ཆ་གཙོ་བོར་བཟུང་ནས་བོན་གྱི་བཞེད་དོན་རྣམས་སྣང་མེད་དུ་གཡུགས་པའི་སྔ་རབས་ཀྱི་མཁས་པ་དག་དང་མི་འདྲ་ཞིང་། བོན་གྱི་བཀའ་དང་བཀའ་རྟེན་དག་ལ་ཞིབ་འཇུག་བྱས་ནས། བོད་གནའ་རབས་ཀྱི་ལོ་རྒྱུས་ཀྱི་བདེན་དོན་འཚོལ་ཞིབ་བྱེད་མཁན་ཀྱང་མང་པོ་ཡོད། ཁོང་རྣམས་ཀྱིས་གྲུབ་མཐའི་ཕྱོགས་ཞེན་གྱི་རྒྱ་རུ་མ་ཚུད་ཅིང་། བློ་གཟུར་བོར་གནས་པའི་སྒོ་ནས་ཞིབ་འཇུག་ཡང་དག་པ་བྱེད་པ་ནི།བདག་ཅག་གསར་སྐྱེས་རྣམས་ཀྱི་མིག་གིས་ལྟ་ས་དང་སློབ་སྦྱོང་བྱེད་སའི་དཔེ་ལེགས་ཀྱང་ཡིན། དེ་དག་གིས་ཞིབ་འཇུག་བྱེད་སྐབས་གྲུབ་མཐའ་དང་མཁས་པ་གང་ཞིག་གི་བཞེད་ཚུལ་དང་མི་མཐུན་པའི་ལྟ་བ་འགའ་རེ་ཡོད་ནའང་། དེ་ནི་དངོས་དོན་གྱི་ནོར་བུ་འཚོལ་བའི་ལམ་གྱི་འགྲོ་རིམ་ཞིག་ཡིན་པ་ལས། ཆེད་དུ་གྲུབ་མཐའམ་མཁས་པ་དེ་ལ་འགྲན་བསློངས་པའི་རྒྱུ་མཚན་ཞིག་གཏན་ནས་མིན། འོན་ཀྱང་དེ་འདྲའི་བློ་ཟུར་བོར་གནས་པའི་མཁས་པ་ནི་གྲངས་འབོར་ཆེར་མེད་པ་རེད། དེ་ལས་ལྡོག་སྟེ་ཐམས་ཅད་མཁྱེན་པའི་སངས་རྒྱས་རྣམས་ཀྱིས་གསུང་བའི་གཞུང་ལུགས་ཀྱི་ཕྱོགས་ཙམ་ཡང་མི་ཤེས་པར། ངའི་གྲུབ་མཐའ་ནི་འདི་དང་འདིའོ་ཞེས་རིས་སུ་བཅད་ནས་དེའི་ཕྱོགས་ཀྱི་ཁ་འཛིན་བྱེད་མཁན་དེ་བས་ཀྱང་མང་། ཕྱོགས་གཉིས་པོ་འདིའི་གང་དུ་གཏོགས་ཀྱང་དེ་དག་གི་ནང་ནའང་སྐྱོན་ཅུང་ཟད་ཙམ་ཡང་མེད་པར་ཐམས་ཅད་བདེན་པ་འབའ་ཞིག་ཀྱང་ཡིན་མི་སྲིད། དེས་བས་གཡུང་དྲུང་བོན་རྣམས་ཀྱིས་རྒྱུན་པར་བཞེད་པའི་སངས་རྒྱས་སྟོན་པ་གཤེན་རབ་ཀྱི་འཁྲུངས་ཡུལ་སྟག་གཟིག་འོལ་མོ་ལུང་རིངས་ཀྱི་སྐོར་ལའང་མཁས་པ་རྣམས་བཞེད་ཚུལ་མི་མཐུན་པ་མང་པོ་ཡོད། ཁོ་བོ་ཡང་འདིའི་སྐོར་ཅུང་ཟད་དཔྱད་པ་ལ་ཤིན་ཏུ་སྤྲོ་སྟེ། འདིའང་གཟུར་གནས་རྣམས་ཀྱི་སྤྱན་སྔར་བསྟར་ན།དེ་དག་གིས་མཛུབ་སྟོན་རེ་གནང་རྒྱུ་དང་རང་གི་ཤེས་རྟོགས་གོང་འཕེལ་དུ་ཨེ་འགྲོ་ལ་དམིགས་ནས་བྲིས་པ་ཡིན་པས། བདེན་པ་བས་ནོར་འཁྲུལ་མང་ངེས་ཏེ་ཞིབ་འཇུག་ལ་གསར་ཞུགས་ཡིན་པ་དང་ཚུར་མཐོང་གི་བྱིས་པའི་བློ་ཅན་ཡིན་པས་ཀྱང་ངོ་།། གོང་གསལ་ཡིག་རྙིང་ཁག་ལས་ཤེས་ཐུབ་པ་ཞིག་ནི། པར་སིག་ཅེས་པའི་ནུབ་ཕྱོགས་ཀྱི་རྒྱལ་ཁབ་དེ་ལ་བོད་བཙན་པོའི་དུས་སུ་ཏ་ཟིག་གམ་ཏ་ཞིག་ཟེར་པ་ལས་སྟག་གཟིག་གམ་རྟག་གཟིགས་མི་ཟེར་བས། དུས་ཕྱིས་ཀྱི་བོན་པོ་ཚོ་བོན་ཁུངས་རྒྱལ་ཁབ་པར་སིག་ལ་གཏུག་ཆེད་ཡིན་ན་ཏ་ཟིག་འོལ་མོ་ལུང་རིངས་སམ་ཡང་ན་ཏ་ཞིག་འོལ་མོ་ལུང་རིངས་ཞེས་བཅའ་དགོས་ཀྱི། སྟག་གཟིག་གམ་རྟག་གཟིགས་ཞེས་བཅའ་དོན་ཡེ་མེད་པའི་ཕྱིར། དེ་ན་སྟག་གཟིག་གམ་རྟག་གཟིགས་ཞེས་པ་ནི་བོན་གྱི་སྟོན་པའི་འཁྲུངས་ཡུལ་ཡིན་ལ། པར་སིག་ལ་ཏ་ཟིག་ཏ་ཞིག་ཟེར་བས་དེ་གཉིས་ཡུལ་གཅིག་མ་ཡིན་ནོ།། ཞེས་དང་འཕྱོང་རྒྱས་སྟག་རྩེའི་རྡོ་རིང་གི་སྟེང་ན། འཕྲུལ་གྱྀ་ལྷ་བཙན་པོ་ཁྲི་སྲོང་ལྡེ་བརྩན་གྱི་ཞ་སྔ་ནས། མཐའ་བཞིའི་རྒྱལ་པོ་གཞན་དང་མྱྀ་འདྲ་སྟེ། བྱིན་གྱི་སྒམ་དཀྱིལ་ཆེན་པོ་དང་། དབུ་རྨོག་བརྩན་པོས་ཡར་ནི་ཏ་ཞིག་གི་ས་མཚམས་མན་ཆད། མར་ནི་ལོང་ཤན་གྱི་ལ་རྒྱུད་ཡན་ཆད་ཆབ་འོག་ཏུ་འདུ་སྟེ་ཆབ་སྲིད་ནི་ལྷོ་བྱང་ཤར་ནུབ་མཐའ་ཀླས་པར་ཆེའོ། ཞེས་དང་། སྤྱི་ལོ་821ལྕགས་མོ་གླིང་གི་ལོར། བཙན་པོ་ཁྲི་གཙུག་ལྡེ་བཙན་གྱི་སྐུ་རིང་ལ་བོད་དང་ཐང་གི་རྒྱལ་ཁབ་གཉིས་ཀྱིས་ར་ས་འཕྲུལ་གྱི་གཙུག་ལག་ཁང་གི་མདུན་ནས་བསླངས་པའི་དབོན་ཞང་མོལ་བའི་རྡོ་རིང་གི་ཤར་ངོས་ན། ལྷོ་ཕྱོགས་ཀྱྀ་མོན་དང་རྒྱ་གར་དང་། ནུབ་ཕྱོགས་ཀྱྀ་ཏ་ཟིག་དང་། བྱང་ཕྱོགས་ཀྱྀ་དྲུ་གུ་ནེ་སྨེལ་ལ་སྩོགས་པ༎ ཞེས་པར་གཞིགས་ན་སྟག་གཟིག་དང་རྟག་གཟིགས་ཅེས་པའི་ཐ་སྙད་ཀྱང་དུས་ཕྱིས་ཀྱི་བོན་པོ་ཚོས་བོན་ཁུངས་པར་སིག་ལ་གཏུག་ཆེད་བཅོས་པ་ལྟར་གསུང་ཡོད། བོད་ཀྱི་ཡིག་རྙིང་དག་ན་པར་སིག་ལ་སྟག་གཟིག་གམ་རྟག་གཟིགས་ཞེས་བྲིས་ཡོད་ན་ནི་དེ་ལྟར་བཤད་ན་ཆོག་མོད། འོན་ཀྱང་ཁོ་བོས་ཤེས་གསལ་ལྟར་ན་དེ་ལས་ལྡོག་ཏེ་བོད་ཀྱི་གནའ་རབས་ཀྱི་ཡིག་རྙིང་ནང་དུ་པར་སིག་ལ་ཏ་ཟིག་དང་ཏ་ཞིག་ཅེས་བྲིས་ཡོད་པ་ལས་སྟག་གཟིག་གམ་རྟག་གཟིགས་ཞེས་བྲིས་མེད། དེ་ལྟར་ཏུན་ཧོང་ཡིག་རྙིང་དུ། རྒྱལ་པོ་ཁྲི་ལྡེ་གཙུག་བརྩན་གྱྀ། རིང་ལ། རྒྱ་ལ་ཆབ་སྲིད་མཛད་ན། རྒྱ་འི་མཁར་ཀྭ་ཅུ་ལ་སྩོགས་པ་ཕབ་སྟེ། དེ་ཙམ་ན་རྒྱ་འི་སྲིད་ཆེས་ནས། བྱང་ཕྱོགས་ཀྱི་དྲུ་གུ་ཀུན་ཀྱང་འདུས་ལ། ཏ་ཟྀག་ལ་ཐུག་པ་མན་ཆད་རྒྱ་འྀ་ཁམས་སུ་གཐོགས་སྟེ། ཞེས་ནམ་མཁའི་ཁམས་ལ་ངོས་འཛིན་གྱིན་ཡོད་ལ། དེ་དག་ནི་དགོངས་པ་ཅན་གྱི་ཚིག་ཏུ་ངེས་པས་འོག་ནས་གླེང་རྒྱུ་ཡིན་ལ། གང་ལྟར་ཡང་བོན་གྱི་གཞུང་མང་པོའི་ནང་ན་སྟག་གཟིག་འོལ་མོ་ལུང་རིངས་དེང་གི་པར་སིག་ལ་ཁུངས་གཏུག་པའི་ཚིག་ཅིག་ཡེ་མི་འདུག དེ་མ་ཡིན་པར་མཛད་མདོ་སོགས་ན་སྟག་གཟིག་ཅེས་བྱུང་བའི་ཐ་སྙད་ཙམ་ལ་བརྟེན་ནས་དེ་ལྟར་བཤད་པ་ཡིན་ན་དེའི་སྐོར་འོག་ནས་རིམ་གྱི་དཔྱད་རྒྱུ་ཡིན་ནོ། ཡང་ སྤྱིར་ན་སྟག་གཟིག་ཅེས་པའི་ཐ་སྙད་ལ་ཏ་ཟིག་དང་རྟག་གཟིཊ་སོགས་འབྲི་སྟངས་མི་མཐུན་པ་འགའ་རེ་འབྱུང་ཡང་དེ་ནི་བོན་ལུགས་ལྟ་བ་འཛིན་མཁན་གྱིས་ཕྱིས་སུ་མངོན་སུམ་བཅོས་པར་མཐོང་བས་ཞེས་བོན་གཞུང་དག་ཏུ་སྟག་གཟིག་འོལ་མོ་ལུང་རིངས་ཞེས་བྱུང་ཡོད་སྟབས། སྟག་གཟིག་ཡིན་ན་པར་སིག་གམ་དེང་སྐབས་ཀྱི་དབྱི་ལིང་ཞེས་འབོད་པའི་རྒྱལ་ཁབ་དེ་ཡིན་པས་ཁྱབ། ཅེས་པའི་ལྟ་བ་དེ་མཁྲེགས་འཛིན་བྱས་པས་ད་གཟོད་གོང་གི་བཤད་ཚུལ་དེ་དག་བྱུང་བ་རེད། དེ་ནི་གྲུབ་མཐའི་ཕྱོགས་འཛིན་ཅན་གྱི་མཁས་པ་ཚོས་ལྟ་ཚུལ་ཙམ་ལས་མ་འདས། ཁོང་རྣམས་ཀྱིས་བཞེད་པའི་བོན་གཞུང་རྙིང་མ་ཞེས་པ་དང་དུས་ཕྱིས་ཀྱི་བོན་པོ་ཚོ་བོན་གསར་མ་བ་ལ་ལ་ཞེས་པའི་དུས་ཀྱི་སྔ་ཕྱིའི་གཅོད་མཚམས་གང་ཡིན་པ་མི་གསལ་ཡང་། ཁོ་བས་མཐོང་བའི་བོན་གཞུང་དག་ན་སྟག་གཟིག་ཅེས་པ་དེང་གི་པར་སིག་ལ་གཏུག་གི་མེད་པ་མ་ཟད། ལ་ལས་ས་ཐོག་འདི་ལའང་ངོས་འཛིན་གྱིན་མེད་པ་འདྲ། དེ་ལྟར་བསྒྲགས་པ་རིན་ཆེན་གླིང་གྲགསལས།དེ་ཡང་འཛམ་བུ་གླིང་དུ་ངོ་མཚར་གྲགས་སུ་རུང་བ་ནི། འཛམ་གླིང་ཐད་དྲང་ལ། དབུས་ཀྱི་ཐད་དྲང་ཀྱི་ནམ་མཁའ་ལ་ཏི་སེ་ཡོད། དེའི་ཤར་ན་མཚོ་མ་པང་ཡོད། དེ་གཉིས་ནམ་མཁའ་ལ་ཡོད། དེ་ལྟར་བར་སྣང་ལ་གནས་པའི་རི་མཚོ་བྲག་ཤིང་དེ་རྣམས་ནི་སྒྲིབ་པ་མེད་པ་དང་རྫུ་འཕྲུལ་གྱི་ཞབས་ཡོད་པ་མིན་པས་མི་མཐོང་། ཞེས་དང་ད་དུང་། ད་ནི་སྟག་གཟིག་དང་འོལ་མོ་ལུང་རིང་གི་འབྲེལ་བར་དཔྱད་པ་གཏོང་དགོས་ཏེ། སྤྱིར་ན་སྟག་གཟིག་ཅེས་པའི་ཐ་སྙད་ལ་ཏ་ཟིག་དང་རྟག་གཟིགས་སོགས་འབྲི་སྟངས་མི་མཐུན་པ་འགའ་རེ་འབྱུང་ཡང་། དེ་ནི་བོན་ལུགས་ལྟ་བ་འཛིན་མཁན་གྱིས་ཕྱིས་སུ་མངོན་སུམ་བཅོས་པར་མཐོང་བས་འདིར་དེ་ལ་ཞིབ་དཔྱད་གཏོང་རྒྱུ་མིན་ལ། བན་ཆོས་ཀྱི་ཁུངས་རྒྱ་གར་ལ་གཏུགས་པ་ལྟར་བོན་ཆོས་ཀྱི་ཁུངས་ཀྱང་རྒྱལ་ཁབ་གཞན་ལ་གཏུགས་ཅི་ཐུབ་ཀྱིས། སྟག་གཟིག་ཀྱང་པར་སིག་སོགས་སུ་ངོས་འཛིན་བྱེད་པའང་ཞིབ་པར་མི་སྤྲོ་ལ། ཞེས་དང་གཞན་ཡང་། ཡིན་ནའང་སངས་རྒྱས་ཆོས་ལུགས་པ་རྣམས་ཀྱིས་རང་ཉིད་ཀྱི་ཆོས་ཀྱི་འབྱུང་ཁུངས་དེ་རྒྱ་གར་འཕགས་པའི་ཡུལ་ནས་དར་བ་ཞིག་ཡིན་པས་ཧ་ཅང་ཁུངས་བཙུན་པ་ཞིག་ལ་ངོས་འཛིན་གནང་བ་ལྟར། བོན་གསར་མ་བ་ལ་ལས་ཀྱང་བོན་གྱི་འབྱུང་ཁུངས་དེ་པར་སིག་སོགས་ལམ་ཐག་རིང་བའི་ཕྱིའི་རྒྱལ་ཁབ་ཅིག་ལ་གཏུགས་ཏེ་རང་ཉིད་ཀྱི་བོན་ལུཊ་འདི་གལ་འགངས་ཧ་ཅང་ཆེ་ལ་ཁུངས་བཙན་པོ་ཡིན་པ་ཞིག་ལ་ཨུ་ཚུགས་ཀྱིས་གསུངས་པ་ཞིག་རེད།ཡང་ལེགས་བཤད་རིན་པོ་ཆེ་མཛོད་ལས། དང་པོ་དག་པ་ལྷ་ཡི་ཡི་གེ་སྟག་གཟིག་སྤུངས་ཡིག་ཏུ་བསྒྱུར།’ཅེས་བཤད་པ་འདི་ནི་དུས་ཕྱིས་ཀྱི་བོན་པོ་ཚོས་བོན་གྱི་འབྱུང་ཁུངས་སྟག་གཟིག་ལ་གཏུགས་པ་དེའི་ལུགས་སུ་གནང་བའམ་དེ་ཤན་ཞུགས་པའི་མངོན་རྟགས་ཤིག་ཡིན་པ་ལས་ཞང་ཞུང་གི་ཡིག་རྒན་དེ་སྟག་གཟིག་གི་སྤུངས་ཡིག་ལས་བྱུང་བའི་ཤེས་བྱེད་ཅི་ཞིག་ཀྱང་མིན། སྟག་གཟིག་གི་སྤུངས་ཡིག་ཏུ། གོང་གསལ་ཡི་གེ་སུམ་ཅུ་དང་། མགོ་དང་ཤད་དང་གུག་འགྲེང་ན་རོ་ཞབས་ཀྱུ་ཡ་སྟ་སོགས་བོད་ཡིག་གི་ལུགས་དང་མཐུན་པ་འགའ་ཡང་མེད་པ་དེ་ཁོ་ནས་ཀྱང་ངེས་ཤེས་ཐུབ་པ་ཡིན། དེ་ལ་དེང་སྐབས་སྟག་གཟིག་འོལ་མོ་ལུང་རིངས་ཀྱི་ཡུལ་ངོས་འཛིན་དུས་བཤད་ཡམ་འདི་འདྲ་ཞིག་རྒྱུན་འབྱམས་སུ་སོང་ཡོད་དེ། དུས་ཕྱིས་ཀྱི་བོན་པོ་ཚོས་བོན་གྱི་ཁུངས་དེ་སྟག་གཟིག་གི་ཡུལ་ལམ། དེང་དུས་ཀྱི་པར་སིག་ལ་གཏུག་སྲོལ་ཡོད་འདུག་པ་ནི། བོད་ཀྱི་བན་དེ་ཚོས་ཆོས་ཀྱི་འབྱུང་ཁུངས་རྒྱ་གར་ཡིན་པར་བརྟེན། རྒྱ་གར་ནས་གང་བྱུང་བ་དེ་དག་ཁུངས་ལྡན་དང་རྩ་འགངས་ཆེན་པོར་བརྩིས་སྟབས། བོད་ནས་གང་བྱུང་བ་ཐམས་ཅད་རང་ཤུགས་ཀྱིས་རྩིས་ཐང་ཆུང་བར་བལྟ་བའི་སྲོལ་ཞིག་བྱུང་མྱོང་ཡོད་པ་ལྟར། ཕྱིས་ཀྱི་བོན་པོ་རྣམས་ལའང་དེའི་ཤན་ཞུགས་ནས་བོན་གྱི་འབྱུང་ཁུངས་དེ་བོད་ཀྱི་མངའ་ཁོངས་ལས་གཞན་པའི་ཡུལ་སྟེ་པར་སིག་ལ་གཏུག་པའི་སྲོལ་དེ་བྱུང་ཡོད་པ་ནི་གོར་མ་ཆགས། གནའ་རབས་བོན་གྱི་སྟོན་པ་གཤེན་རབ་མི་བོ་ཆེ་ཞལ་བཞུགས་པའི་དུས་དང་། དེ་རྗེས་ཙམ་ན། སྟག་གཟིག་གི་ཡུལ་དུ་བོན་གྱི་གཤེན་པོ་མཁས་པ་དང་གྲུབ་པ་བརྙེས་པ་དུ་མ་ཞིག་བྱུང་མྱོང་བ་དེའི་རྒྱུ་མཚན་གྱིས་བོན་གྱི་འབྱུང་ཁུངས་དེ་སྟག་གཟིག་གི་ཡུལ་ལ་གཏུགས་འདུག་ནའང་དངོས་དོན་དུ། བོན་གཞུང་རྙིང་མ་མང་དག་ལས། སྟོན་པ་གཤེན་རབ་ཀྱི་འཁྲུངས་ཡུལ་དང་། ཁོང་གིས་བོན་བསྟན་པའི་གནས་ཡུལ་དེ་ནི། གངས་ཏི་སེའི་མདུན། མཚོ་མ་ཕམ་གྱི་འགྲམ་འོལ་མོ་ལུང་རིང་ཞེས་བྱ་བ་དེ་ཡིན་ཞེས་གསལ་བར་བཤད་ཡོད་ཅིང་། སྟག་གཟིག་གམ་པར་སིག་གི་ཡུལ་དུ་གངས་ཏི་སེ་དང་མཚོ་མ་ཕམ་མེད་པ་ཡིན་སྟབས། དེར་འོལ་མོ་ལུང་རིང་ཡོད་ཅེས་བཤད་ཐབས་རྩ་བ་ནས་མེད།ཞེས་པའི་ནང་དུའང་སྟག་གཟིག་བོན་གྱི་རྒྱལ་པོ་དང་། ཏ་ཟིག་ནོར་གྱི་རྒྱལ་པོ་ཞེས་སོ་སོར་བྱེས་འདུག སྤྱིར་ཡུལ་གྲུ་ཐ་དད་པ་ཡིན་ཡང་མིང་གཅིག་མཚུངས་ཡིན་པ་ད་ལྟའང་མཐོང་ཆོས་ཡིན་པས། དེ་དག་ཀྱང་ཡུལ་གཅིག་ཏུ་སྒྲུབ་མི་འོས་ན། ལྷག་པར་དུ་སྐད་གདངས་ཅུང་མཐུན་པ་ཙམ་ལས་ཡི་གེའི་འབྲི་ཚུལ་ཡེ་མི་མཐུན་པའི་ཡུལ་གྲུ་གཉིས་རྣམ་པ་ཀུན་ཏུ་གཅིག་ཡིན་ཞེས་ཁས་ལེན་ནུས་སམ། དེ་བས་ན་མཐའ་གཅིག་ཏུ་ཏ་ཟིག་དང་སྟག་གཟིག་རྟག་གཟིགས་ཞེས་མཐོང་ཚད་ཐམས་ཅད་ད་ལྟའི་པར་སིག་གམ་དབྱི་ལིང་ལ་ངོས་བཟུང་བ་ཡིན་ན་ཧ་ཅང་གུ་དོག་པའི་བསམ་ཚུལ་ཞིག་མ་ཡིན་ནམ་ཞེས་འདྲིའོ། བོད་བཙན་པོའི་སྐབས་སུ་ནུབ་ཕྱོགས་ཀྱི་པར་སིག་ལ་ཏ་ཞིག་དང་ཏ་ཟིག་ཟེར་པ་གོང་གི་ལུང་དག་གིས་ཤེས་མོད། འོན་ཀྱང་དེ་རྗེས་སུ་བྱུང་བའི་མཁས་པ་ལ་ལས་ཏ་ཟིག་དང་སྟག་གཟིག་གི་ཐ་སྙད་གཉིས་ལ་དབྱེ་བསལ་མེད་པར་གཅིག་ཡིན་པ་ལྟར་བྲིས་རྐྱེན། ད་གཟོད་འུ་ཅག་ལ་རྙོག་འཛང་མང་པོ་འདི་བསླངས་པ་ཡིན།ཞེས་མང་པོ་ཞིག་བཤད་རྗེས། སྟོན་པས་ལན་ལ། དེ་ལ་སྟོན་པས་བཀའ་སྩལ་པ། གསོན་དང་ཚོང་དཔོན་དམ་པ་བསམ་གྲུབ་དཔལ། ཁྱེད་ཅག་གངས་གླིང་དཀར་པོའི་ཁྲོད་ནས་སུ། ཏ་ཟིག་རྒྱལ་པོའི་ཡུལ་ནས་འོང་ནས་སུ། དམུ་རིགས་འཕྲུལ་དང་ལོངས་སྤྱོད་འགྲན་ན་ནི། ནོར་རྫས་ཕུན་སུམ་ཚོགས་པར་སྣང་མོད་ཀྱང་། ཁྱེད་རང་རང་སྣང་གང་བ་ཤིན་ཏུ་ངོ་མཚར་ཆེ། ཞེས་ཏ་ཟིག་ཅེས་བྱུང་བས་བོན་གྱི་གཞུང་ན་དེ་གཉིས་ཡུལ་གཅིག་མིན་ཚུལ་བསྟན་ཡོད། ལྷག་པར་དུ་སྟོན་པ་ཞལ་བཞུགས་དུས་ཏ་ཟིག་ཅེས་པའི་རྒྱལ་ཁབ་དེ་སྟོན་པའི་འཁྲུངས་ཡུལ་སྟག་གཟིག་འོལ་མོ་ལུང་རིངས་ཀྱི་ཡང་བྱང་ནུབ་ན་ཡོད་པ་གསལ་བོར་བསྟན་ཡོད། དེ་དང་མཐུན་པར་དུས་རབས་བཅུ་གསུམ་གྱི་དུས་དཀྱིལ་དུ་བརྩམས་པར་འདོད་པའི་དབུ་ནག་མིའུ་འདྲ་ཆགས། ཞེས་མཛད་མདོ་སོགས་སུ་སངས་རྒྱས་ཀྱི་འཁྲུངས་ཡུལ་ལ་སྟག་གཟིག་གམ་རྟག་གཟིགས་ཞེས་བཞེད་ཡོད་ལ། གཞན་སྟོན་པའི་འཁྲུངས་ཡུལ་མ་ཡིན་པའི་ནུབ་ཕྱོགས་ཀྱི་རྒྱལ་ཁབ་དེ་ལ་ཏ་ཟིག་ཅེས་བྲིས་ཡོད་དེ། དྲི་མེད་གཟི་བརྗིད་ཀྱི་པོད་བརྒྱད་པའི་ནང་ན་བདུད་ཁྱབ་པས་སྟོན་པ་ལ་ཆོ་འཕྲུལ་སྣ་འགའ་བསྟན་ཀྱང་སྟོན་པ་བསླུ་མ་ཐུབ་རྐྱེན། ཚོང་དཔོན་ཞིག་ཏུ་བརྫུས་ནས་ཡོང་དུས། སྟོན་པ་ལ་འདི་སྐད་སྨྲོས་པ། སྟོན་པ་ལགས། བདག་ཅག་ཚོང་གི་དེད་དཔོན་རྣམས། འཛམ་གླིང་ཉི་མ་བྱང་ནུབ་ཀྱི། གངས་གླིང་དཀར་པོའི་ཁྲོད་ནས་ནི། རིགས་ནི་ཏ་ཟིག་རྒྱལ་པོའི་རིགས།མིང་ནི་ཚོང་དཔོན་བསམ་གྲུབ་དཔལ། འདི་རུ་འོང་བའི་དོན་ཆེན་ནི། ཁྱེད་ཅག་འཛམ་གླིང་སོག་ཀ་རུ། དམུ་རིགས་འཕྲུལ་གྱི་རྒྱལ་པོ་ལ། རིན་ཆེན་དཀོར་མཛོད་ཡོད་ཟེར་བས། འདོད་མཐུན་ཟས་ནོར་བསྡེབས་སུ་འོང་། ཞེས་དང་། ཡང་མཛད་མདོ་འབྲིང་པོ་གཟེར་མིག་གི་ནང་དུ་སྟོན་པ་ལ་དཔོ་རྒྱལ་འབར་བའི་སྒྲོན་མས་ཞུས་པའི་ཚིག་ནི་འདི་ལྟར། ལས་དགེ་བ་བགྱིད་ཀྱིན་བོན་གྱི་འཁོར་ལོ་རྒྱུད་དུ་བསྐོར་ན། ད་དམག་དཔོན་བྱས་ནས་སྡིག་པ་ལ་འབགས་པ་འདིས། བདག་དམྱལ་བར་སྐྱེ་བར་དགོངས་ན། ལྷོའི་འཛམ་བུ་གླིང་གི་དམིག་སྟག་གཟིག་གི་ཡུལ་འོལ་མོ་ལུང་རིངས་ན། སྟོན་པའི་སྒྲོན་མ་གཤེན་རབ་མི་བོ་ལ་སྐྱབས་སུ་མཆིས་པ་ལགས་ན། ད་བདག་རང་གར་སྐྱེ་བ་ལགས། དམག་མི་སུམ་སྟོང་གར་སྐྱེ་བ་ལགས།དེ་སྐད་ཅེས་རྒྱལ་པོ་འབར་བའི་སྒྲོན་མ་ཅན་གྱིས་གསོལ་ཏོ། དེ་བཞིན་བོན་གཞུང་དག་ནའང་དེ་གཉིས་སོ་སོར་ཡིན་པ་གསལ་བས་འདི་ལྟར། བོན་གྱི་སྟོན་པ་སངས་རྒྱས་གཤེན་རབ་མི་བོའི་རྣམ་ཐར་རྒྱས་པ་འདུས་པ་རིན་པོ་ཆེ་རྒྱུད་དྲི་མ་མེད་པ་གཟི་བརྗིད་རབ་ཏུ་འབར་བའི་མདོ་ཞེས་པ་པོད་བཅུ་གཉིས་ཡོད་པའི་པོད་དང་པོའི་ནང་དུ། སྟོན་པ་གཤེན་རབ་མཆོག་རྣམས་ནི། ཡུལ་ལ་དགོངས་ནས་ལྷོ་འཛམ་བུ་གླིང་ལ། ཡུལ་ཆེན་པོ་བཅུ་དྲུག་ཡུལ་ཕྲན་སྟོང་དང་བཅས་ནས་གནས་ཏེ། དེའི་ནང་ནས་རྟག་གཟིགས་བོན་གྱི་འབྱུང་གནས། ལྷོ་འཛམ་བུ་གླིང་གི་སོག་ཀ་གནས་མཆོག་དམ་པ་འོལ་མོ་གླིང་ཆེན་ཞེས་བྱ་བ། འཇིག་བྲལ་དང་འཕོ་འགྱུར་མི་མངའ་བའི་ཕྱིར་བྱོན་པའོ།
དེ་ནས་སྟག་རི་གཉན་གཟིགས་ཀྱི་རིང་ནས་བཟུང་ཕྱོགས་བཞིར་རྒྱ་བསྐྱེད་ནས་ཆེས་འཕེལ་རྒྱས་ཀྱི་ཡང་རྩེར་སོང་ཡོད་དུས། རྒྱ་གར་ནག་དང་བལ་པོའི་ས་ཆ་ཁ་ཤས་དང་འ་ཞ། གྲུ་གུ ལི་ཡུལ་སོགས་ཀྱང་དབང་དུ་བསྡུས་ཡོད་པས། དེ་དུས་དེ་དག་ཐམས་ཅད་ལ་བོད་ཆེན་པོའི་རྒྱལ་ཁམས་སུ་འབོད་ཀྱང་། ད་ལྟ་ཡང་དེ་བོད་ཀྱི་མངའ་ཁོངས་ཡིན་ཞེས་ཁས་ལེན་མི་སྲིད་པ་བཞིན་ནོ། དེས་ན་མཁས་དབང་དགེ་འདུན་ཆོས་འཕེལ་གྱིས། དེའི་ཡན་གྱི་གདུང་རྒྱུད་རྣམས་ནི་ཕལ་ཆེར་ཡར་ཀླུངས་ཕྱོགས་ཆ་ཙམ་ཞིག་གི་བདག་པོ་ཡིན་པར་སེམས། འོན་ཀྱང་རྗེ་གཉའ་ཁྲི་བཙན་པོ་བོད་ཁམས་སྤྱིའི་རྒྱལ་པོ་ཡིན་སོགས་ཀྱི་ཐ་སྙད་ཙམ་ལ་རྨོངས་པར་མི་བྱ་སྟེ། ཡུལ་གྱི་རྒྱ་ཁྱོན་དང་། རྒྱལ་ཁབ་ཀྱི་ས་མཚམས་བྱ་བ་དེ། དངོས་པོའི་གནས་ཚོད་ལ་རི་མོར་བྲིས་པ་ཞིག་མེད་ཀྱི། འོ་ན་ཅི་ཞེ་ན། རྒྱལ་པོའི་དབང་ཤུགས་ཀྱིས་ཇི་ཙམ་དུ་ཁྱབ་པའི་ཕྱོགས་དེ་ཙམ་ཞིག་ལ་ཡུལ་དེའི་ཐ་སྙད་འདོགས་པ་ཡིན་པས ཞེས་གསུང་བ་ཡང་ཤིན་ཏུ་བདེན་པས་བསམ་གཞིག་གཏོང་དགོས་པའི་གནས་སོ། དེ་ལྟར་ལོ་སྟོང་ཕྲག་དུ་མའི་ནང་ནས་ཏ་ཟིག་གི་རྒྱལ་ཁམས་ཡང་འགྱུར་ལྡོག་མང་པོ་བྱུང་ཡོད་པ་ནི་སྨོས་མ་དགོས་སོ།། གཞན་ཡང་སྔར་གྱི་བོད་བཙན་པའི་རྒྱལ་རབས་ཀྱི་དུས་སུ་བྱུང་བའི་ཏ་ཟིག་གི་མངའ་ཁོངས་ཡིན་ནའང་། དེང་སྐབས་ཀྱི་པར་སིག་གམ་དབྱི་ལིང་གི་མངའ་ཁོངས་ཡིན་པས་ཁྱབ་པ་མེད་དེ། འདུས་བྱས་ཡིན་ཕྱིར་རྒྱལ་པོའི་མངའ་ཁོངས་ཀྱང་དུས་དང་སྟོབས་ཀྱིས་དབང་གིས་སྐབས་འགར་ཤིན་ཏུ་རྒྱས་ཡོད་ནའང་། སྐབས་འགར་ཧ་ཅང་ཉམས་དམས་སུ་འགྲོ་སྲིད་པས། བོད་ལ་མཚོན་ནའང་རྒྱལ་པོ་གྲི་གུམ་བཙན་པོའི་སྐབས་སུ་བོད་རུ་བཞི་ལས་མེད་པ་སྨན་རིའི་དཔོན་སློབ་བསྟན་འཛིན་རྣམ་དག་གིས་བཞེད་ཡོད་དེ། རྒྱལ་པོས་གཤེན་པོ་རྣམས་བོད་ཡུལ་རུ་བཞི་ལས་འདས་པར་གཤེགས་གསུངས་པ་མ་གཏོགས་བཀའ་གཞན་མི་འདུག་པས་དེའི་དུས་བོད་ཀྱི་རྒྱལ་པོའི་མངའ་ འབངས་བོད་རུ་བཞི་རང་ཡིན་པ་གསལ། ཞེས་གསལ་བས་དེ་དུས་མཚོ་མ་པང་དང་གུ་གེ་ཕྱོགས་ཐམས་ཅད་ཞང་ཞུང་གི་མངའ་ཁོངས་ཡིན་པས། དེ་ལ་ཞང་ཞུང་གི་ཏི་སེ་དང་མ་ཕམ་མཚོ་ཞེས་བརྗོད་ཆོག་པ་དང་། ད་ལྟ་བོད་ཀྱི་མངའ་ཁོངས་ཡིན་པས་བོད་ཀྱི་གངས་ཏི་སེ་རུ་གྱུར་ཡོད་སྟབས། སྔར་གངས་རི་མཚོ་གསུམ་གྱི་མཐའ་འཁོར་གྱི་ཡུལ་དེ་ལ་སྟག་གཟིག་ཟེར་བའང་རིམ་གྱིས་ཉམས་ནས་ཀུན་གྱི་མི་ཤེས་པའི་ཚུལ་འདི་ལ་ཐོན་ཡོད། ཡུལ་གྲུ་གཅིག་ལ་དུས་སྔ་ཕྱི་གསུམ་གྱིས་དབང་གིས་སྟག་གཟིག་གི་ཏི་སེའམ་ཆུ་བོ་བཞི་འདུས་ཞེས་དང་བོད་ཀྱི་ཏི་སེའམ་ཆུ་བོ་བཞི་འདུས་ཞེས་ཐ་སྙད་བྱུང་ནའང་། དེང་སྐབས་ཀྱང་དེ་གསུམ་སོ་སོར་ཡིན་པར་བསམ་ནས་འདི་ནི་བོད་ཀྱི་ཏི་སེ་ཡིན་པས། སྟག་གཟིག་གི་ཏི་སེ་ཞིག་ཡོད་ན་ད་ལྟའི་པར་སིག་ན་ཡོད་དགོས་པས། དེ་ན་གངས་ཏི་སེ་མེད་པས་བོན་པོ་ཚོས་སྟག་གཟིག་འོལ་མོ་ལུང་རིངས་ཟེར་བ་དེའང་རྒྱལ་ཁབ་གཞན་ལ་ཁུངས་གཏུག་གིན་འདུག་མོད། དེ་ནི་འབྲེལ་བ་མེད་སར་འབྲེལ་བ་བཙན་གྱིས་འཚོལ་བ་ཡིན་ཞེས་བཤད་ན་ཁ་ཚོན་གཅོད་སྔ་སོང་པ་མ་ཡིན་ནམ།ཞེས་དང་ཡང་། བཙན་མོས། མགུར་བླངས་བའ༎ ཡུལ་གྱི་སྐལ་པོག་པ༎ ཁྱུང་ལུང་ཎྀ་རྔུལ་མཁར་ཞིག། མུ་སུ་ནི་གཞན་ན་རེ༎ པྱི་བལྟས་ཎྀ་ངམ་དང་བྲག། ནང་བལྟས་ཎྀ་གསེར་དང་དབྱིག། བདགྀ་ནི་གཡར་སྔ་རུ། མཆིས་སུ་ཎྀ་མ་ཐོ་འམ། སྐྱ་མོ་ནི་བསེང་བསེང་མོ། བྲན་གྱྀ་ནི་སྐལ་པོག་པ།། གུ་གེ་ཎྀ་རྐང་པྲན་ཞིག། འཁོལ་དུ་ཎྀ་མ་ཐོ་འམ། གུ་གེ་ཎྀ་བདྲེས་ཤིང་སྡང་། དེས་ན་གངས་ཏི་སེའི་མཐའ་འཁོར་གྱི་ཡུལ་གྲུ་དེ་ལ་སྟོན་པ་གཤེན་རབ་ཞལ་བཞུགས་དུས་སྟག་གཟིག་གི་ཡུལ་ཟེར་བས། དེར་བརྟེན་གངས་རི་མཚོ་གསུམ་ལའང་སྟག་གཟིག་གི་ཏི་སེ་སོགས་བཞེད་ཡོད་པ་གོང་གི་བཀའ་ལུང་དག་ལས་ཤེས་ལ། དེའི་རྗེས་ཞང་ཞུང་གི་རྒྱལ་རབས་དག་གི་མངའ་དབང་སྒྱུར་དུས། ཏུན་ཧོང་ཡིག་རྙིང་དུ། འདིར་དྲལ་གྱྀ་སྙན་དུ་གདའ་སྟེ། བཙན་མོ་དེ་ལྟར་ལོག་པར་བགྱྀས་ན༎ ཆབ་སྲིད་ཀྱྀ་དཀྲུགས་མར་འགྱུར་བས་དེ་ལྟེ་བུ་མ་བགྱིད་པར། ལྀག་མྱི་རྷྱ་འྀ་སོ་ནམ་དང་བུ་སྲིད་ཟུང་ཤིག་ཆེས་། སྤུག་གྱིམ་བརྩན་རྨང་ཅུང་བཀའ་སྩལ་ཏེ། མཁར་ཁྱུང་ལུང་དུ་མཆིས་ན། བཙན་མོ་མྱི་བཞུགས་ཏེ༎ཆབ་ཉ་ལ་རོལ་ཞིང་། མཚོ་མ་པང་དུ་གཤེགས་ནས༎
འོ་ན་ཁོ་ན་རེ། ཏ་ཟིག་ཟེར་བ་ད་ལྟའི་པར་སིག་ཡིན་ན་ཁྱོད་ཀྱི་འདོད་པའི་སྟོན་པའི་འཁྲུངས་ཡུལ་སྟག་གཟིག་འོལ་མོ་ལུང་རིངས་གང་དུ་ཡོད་ཅེ་ན། སྤྱིར་བཀའ་ལུང་དག་ན་གསལ་ཚད་འཇིག་རྟེན་འདི་ན་ཡོད་དགོས་པའམ་ཡང་ན་མིག་གིས་མཐོང་དགོས་པ་ལྟར་འདོད་པ་དག་ནི་ཆེས་ཐ་ཤལ་གྱི་ལྟ་བ་ཞིག་ཡིན་ལ། འདི་འདྲའི་ལྟ་བ་ཞིག་བཟུང་ནས་ནང་བའི་གྲུབ་མཐའི་ཐུན་མོང་མ་ཡིན་པའི་ཟབ་མོ་ནང་དོན་གྱི་རིག་པ་དང་འབྲེལ་བའི་སྐོར་ལ་ཞིབ་འཇུག་བྱས་ན་དུས་ནམ་ཡང་བདེན་དོན་ཞིག་རྙེད་མི་སྲིད་དོ། འོན་ཀྱང་འགྲོ་བ་བཀྲི་དྲང་གི་ཕྱིར་དུ་སངས་རྒྱས་རྣམས་ཀྱིས་གདུལ་བྱའི་བློ་ཚད་དང་བསྟུན་ནས་བོན་ཡང་སྒོ་བཞི་མཛདནའང་རྐོང་ཡུལ་བྲེ་སྣ་སྟེ་རྐོང་པོའི་ཡུལ་ཡང་འོལ་མོ་ལུང་རིང་གི་ལྷོ་ཤར་ན་ཡོད་ཚུལ་གསུངས་པས་དེ་དག་ཐམས་ཅད་འདབས་འབྲེལ་གྱི་ཚུལ་དུ་ཡོད་པ་གསལ་ལོ། །ཞེས་ཁྲི་སྲོང་ལྡེ་བཙན་གྱིས་རིང་ལ་བོན་གཤེན་རྣམས་ལ་འོལ་མོ་ལུང་ཡང་ཕུལ་ཡོད་ཚུལ་བྲིས་འདུག གཞན་ཡང་དྲི་མེད་རྩ་མདོ་ཞེས་གསལ་བ་རྣམས་ཤིན་ཏུ་མཚུངས་སོ། ད་དུང་དེ་དང་འདབ་འབྲེལ་གྱི་རྒྱ་ནག་དང་མོན་། འཇང་ཡུལ། ལི་ཡུལ། བལ་ཡུལ། ཕྲོམ་ཡུལ། ཧོར་ཡུལ་སོགས་ཀྱང་ཤིན་ཏུ་གསལ་བས་རྣམ་པ་ཀུན་ཏུ་བོད་ཀྱི་གངས་རིའི་ཕྱོགས་སུ་ངོས་བཟུང་ན་མི་འགྲིག་རྒྱུ་མེད་སྙམ། དེ་བཞིན་དུ་སྤ་སྟོན་བསྟན་རྒྱལ་བཟང་པོས་དར་རྒྱས་གསལ་སྒྲོན་དུ་བྱང་གཏེར་གྱི་བཞེད་ཚུལ་ཞིག་དྲངས་ཡོད་པ་འདི་ལྟར། དེར་བོན་པོ་ལ་སྐུ་རྒྱལ་དུ་ཡུལ་གསུམ་ཕུལ་ཏེ། སྟོད་དུ་འོལ་མོ་ལུང་། སྨད་དུ་རྐོང་ཡུལ་བྲེ་སྣ། བར་དུ་ཡར་འབྲོག་ཐུན་གསུམ་མོ། ཞེས་འོལ་མོ་ལུང་རིངས་ཀྱི་ས་གནས་དང་། ཏི་སེ་དང་གཡུང་དྲུང་དགུ་བརྩེགས་རི་གཉིས་མིང་གི་རྣམ་གྲངས་ཡིན་པ་དང་། ལྷག་པར་དུ་ལུང་འདིའི་ནང་གི་གངས་ཏི་སེ་མཐའ་སྐོར་གྱི་མཚོ་བཞིའི་ནང་ཚན་ཟོམ་ཤང་ལྕཊ་མཚོ་དང་། གངས་རིའི་དཀར་ཆག་ཚངས་དབྱངས་ཡིད་འཕྲོག་ལས་གསལ་བའི་གུར་རྒྱལ་ལྷ་མོ་མཚོ་ཞེས་པ་གཉིས་ཀྱི་མིང་ཅུང་མི་མཚུངས་པ་མ་གཏོགས། གཞན་གསུམ་པོ་ཤིན་ཏུ་འདྲ་སྟེ། ཚངས་དབྱངས་ཡིད་འཕྲོག་ལས། དེ་ཡང་དུང་སྒོང་དཀར་པོའི་རྒྱུ་ལས་གུར་རྒྱལ་ལྷ་མོ་མཚོ་ནི་ལྷ་ཡི་མཚོ་ཞེས་བྱ་བ། ཞེས་དང་། གཡུ་སྒོང་སྔོན་པོའི་རྒྱུ་ལས་མ་པང་གཡུ་མཚོ་ནི་ཁྲུས་ཀྱི་མཚོ། གསེར་སྒོང་སེར་པོའི་རྒྱུ་ལས་ལ་ངག་གསེར་མཚོ་སྨན་གྱི་མཚོ། དུང་སྒོང་དཀར་པོའི་རྒྱུ་ལས་གུང་ཆུ་དངུལ་མཚོ་གསས་ཀྱི་མཚོ་ཞེས་བྱ་བ། སོགས་མང་པོ་ཞིག་གསུང་ཡོད་པས་གང་ལ་གཞིགས་ནའང་དེང་གི་མངའ་རིས་སུ་ཡོད་པའི་གངས་ཏི་སེའི་འདི་མཐའ་འཁོར་ཞིག་ཡིན་པ་འདྲ་སྟེ། ད་དུང་དེ་ལས་ཀྱང་ཁ་གསལ་དུ་གསུང་ཡོད་པ་ནི། མདོ་འདུས་ལས། དེ་ཡང་ཁྱད་པར་འཛམ་གླིང་དབུས། རི་བོ་གངས་ཆེན་ཏི་སེ་ནི། གཡུང་དྲུང་དགུ་བརྩེགས་རི་ཞེས་བྱ། ཆུ་ཞིང་དཔག་ཚད་ལྔ་བརྒྱའོ། རི་ནི་སྤོས་རི་ངད་ལྡན་དང་། བར་ན་མཚོ་ནི་མ་དྲོས་པས། ཆུ་ཞིང་དཔག་ཚད་ལྔ་བཅུ་པ། ཕྱོགས་བཞི་མཚོ་བཞི་ཡོད་པ་ནི། མ་ཕམ་མོ་བྱ་གཡུ་མཚོ། ལ་ངད་གསེར་མཚོ། གུང་ཆུང་དངུལ་མཚོ། ཟོམ་ཤང་ལྕགས་མཚོ། རྫིང་བུ་དལ་གྱིས་འབབ། སེམས་ཅན་བཞིའི་ཁ་ནས་ཆུ་བཞི་འབབ་པ་ནི། གང་ག་ཤར་ཕྱོགས་གླང་ཆེན་ཁ་ནས་འབབ། སིན་འདུ་ལྷོ་ཕྱོགས་ཁྱུང་མཆོག་ཁ་ནས་འབབ། པག་ཤུ་ནུབ་ཕྱོགས་རྟའི་ཁ་ནས་འབབ། སི་ཏ་བྱང་ཕྱོགས་རྨ་བྱའི་ཁ་ནས་འབབ། ཆུ་ཀླུང་རབ་མཆོག་བཞི་བོ་དག་ནི། རེ་རེ་ལ་ཡང་ཆུ་གཡོག་ལྔ་བརྒྱ་དང་བཅས་པར། ཆུའི་རྒྱུན་རྣམས་ཕྱོགས་བཞིར་རྒྱ་མཚོར་འགྲོ། རྫིང་བུ་དལ་གྱིས་འབབ་པ་དང་། ཤིང་ནི་ས་ལ་རབ་བརྟན་བྱ་བ་ཡོད། དེའི་ནུབ་ཕྱོགས་གཤེན་ཡུལ་འོལ་མོ་གླིང་། དཔག་ཚད་སྟོང་ཕྲག་གཞི་གནས་ཡོད། ཆུ་བོ་པག་ཤུ་སི་ཏིས་རབ་བཅད་དེ། རི་ནག་པོ་དགུས་བཅད་པའོ། ནུབ་ཕྱོགས་དམུའི་ཡུལ། ཤར་ཕྱོགས་རྒྱའི་ཡུལ། ལྷོ་ཕྱོགས་མོན་གྱི་ཡུལ། ཤར་ལྷོ་འཇང་གི་ཡུལ། བྱང་ཕྱོགས་ལི་བལ་ཕྲོམ། བྱང་ཤར་ཧོར་གྱི་ཡུལ།གངས་ཅན་བོད་ཀྱི་ཡུལ།མི་རིགས་སུམ་བརྒྱ་དྲུག་བཅུ་གནས། ཡུལ་ཆེན་བཅུ་དྲུག། ཡུལ་ཕྲན་སྟོང་དང་བཅས། དེ་དག་འཛམ་བུ་གླིང་ཡིན་ནོ། ཡང་། དེ་སྐད་ཅེས་ཀོང་ཙེས་སྨྲེ་ནས་བོས་པས། དེའི་སུའི་ཐུགས་སུ་གསོལ་གྱིན་སྙན་དུ་བོན་ན། འཇིག་རྟེན་གྱི་ཁམས་ལྷོ་འཛམ་བུ་གླིང་གི་ནུབ་ཕྱོགས། ཆུ་བོ་ཆེན་པོ་བཞི་འབབ་པའི་འགོགངས་དབལ་སོ་མདུང་རྩེའི་ར་བ། རི་གཡུང་དྲུང་དགུ་བརྩེགས་ཀྱི་རྩར། བྲག་སེང་གེའི་རྒྱབ་བསྣོལ་གྱི་བར། ཤིང་འཇའ་ཚོན་འོད་འབར་གྱི་གསེབ། རྩ་མེ་ཏོག་སྣ་ཚོགས་ཀྱི་ཚལ། གསོས་བདུད་རྩི་སྨན་གྱི་ནགས། གནམ་འཁོར་ལོ་རྩིབས་བརྒྱད་ཀྱི་འོག ས་པད་མ་འདབ་བརྒྱད་ཀྱི་སྟེང་། གནས་རིན་པོ་ཆེ་འབར་བའི་མཁརབར་པོ་སོ་བརྒྱད་ན། སྟོན་པ་གཤེན་རབ་མི་བོ་བཞུགས་པས་གསན་ཏེ། ཞེས་དང་མདོ་གཟེ་མིག་ལས། དེ་ནས་འོད་དཀར་པོ་མདའ་གང་བ་ཞིག་ཏུ་སྤྲུལ་ནས། འཇིག་རྟེན་གྱི་ཁམས་ནུབ་ཕྱོགས་ཀྱི་གླིང་། ཆུ་བོ་བཞི་འདུས་ཀྱི་འགོ ལྷོའི་འཛམ་བུ་གླིང་གི་དམིག འོལ་མོ་ལུང་རིངས། མཁར་བར་པོ་སོ་བརྒྱད་ཀྱི་ནང་ན། ཡབ་རྒྱལ་བོན་ཐོད་དཀར་གཟིམས་པའི་སྤྱི་བོའི་གཙུག་ཏུ་བབས། ལྔ། ཐེག་པ་རིམ་དགུ བོན་སྒོ་བརྒྱད་ཁྲི་བཞི་སྟོང་རུ་གསུངས་ཡོད་པས། གདུལ་བྱ་ཐ་དད་ཀྱི་སྣང་ངོར་གང་ལ་གང་འཚམས་ཀྱིས་བོན་དང་མཛད་པའང་མི་མཐུན་པ་མང་དུ་མཛད་སྲིད་པས། སྟོན་པའི་འཁྲུངས་ཡུལ་ཡང་འཇིག་རྟེན་འདིར་ཡིན་པར་འདོད་པའི་གང་ཟག་དག་ལ་ཡང་དེ་དང་མཐུན་པར་བསྟན་ཡོད་དེ། འདི་ལྟར་སྟོན་པའི་འཁྲུངས་ཡུལ་སྟག་གཟིག་འོལ་མོ་ལུང་རིང་ལ་མདོ་དྲི་མེད་གཟི་བརྗིད་ལས། གླིང་བཞིའི་ནང་ནས་ཀྱང་། ལྷོ་འཛམ་བུ་གླིང་ཞེས་བྱ་བའི་མིག སོག་ཁ་གཡུ་ལས་གྲུབ་པའི་བརྡལ་པ། སོག་མཚོ་ལྷུན་པོར་གཏད་པའི་དབུས་སུ། གནས་མཆོག་དམ་པ་འོལ་མོ་གླིང་ཆེན་ཞེས་བྱ་བ། དབལ་སོ་གངས་ཀྱི་ར་བའི་ནང་དུ་ཆགས་ཏེ། ཞེས་དང་ཡང་།དེ་བཞིན་བོན་གྱི་སྐྱེ་སྒོ་གཅོད་པའི་མདོ་ལས་ཀྱང་།འོལ་མོ་ལུང་རིངས་གནས་སུ་སྐྱེས་པར་ཤོག ལས་ངན་འཁོར་བའི་ལུས་སུ་མི་སྐྱེ་ཞིང་།ཞེས་གསུངས་པ་དེའང་ཁོང་གི་བསམ་པའི་སྟེང་གི་དག་ཞིང་འོལ་མོ་ལུང་རིངས་ཡིན་རྒྱུ་ལས་ཉིད་ཀྱི་འཁྲུངས་ཡུལ་འོལ་མོ་ལུང་རིངས་དེ་ཡིན་ན་གྲུབ་མཐའ་སོ་སོའི་གཞུང་ལུགས་དང་འབྲེལ་ཏེ་རྩོད་རྙོག་མང་པོ་འབྱུང་སྲིད་ལ།ཞེས་བཞེད་ཡོད། སྤྱིར་དག་ཞིང་འོལ་མོ་ལུང་རིངས་དང་སྟོན་པའི་འཁྲུངས་ཡུལ་གྱི་འོལ་མོ་ལུང་རིངས་ཞེས་གཉིས་སུ་བོན་གཞུང་དག་ན་དབྱེ་བ་མེད་ལ། དེ་ནི་ཁོང་གིས་མ་དགོངས་པར་ཟད་དོ། འདིར་དག་ཞིང་དང་སྟོན་པའི་འཁྲུངས་ཡུལ་ཞེས་བཀར་ཚུལ་ལ་གཞིགས་ན་ཁོང་གིས་སྟོན་པའི་འཁྲུངས་ཡུལ་འོལ་མོ་ལུང་རིངས་ནི་མ་དག་པའི་ཞིང་ཁམས་ཡིན་པར་འདོད་ཡོད།དེར་ལྟར་ཡིན་ནའང་ཁ་ཅིག་གིས་སྟོན་པའི་འཁྲུངས་ཡུལ་གྱི་འོལ་མོ་ལུང་རིངས་དང་དག་ཞིང་འོལ་མོ་ལུང་རིངས་ཞེས་གཉིས་སུ་བཀར་འདུག་ལ། སྤྱིར་ན་བོན་གྱི་འོལ་མོ་ལུང་རིང་ནི་བསམ་པའི་སྟེང་གི་དག་ཞིང་བོལ་མོ་ལུང་རིངས་དང་ཕྱི་དངོས་པོའི་ཆ་ནས་མིག་ལ་བསྟན་རྒྱུ་ཡོད་པའི་འོལ་མོ་ལུང་རིང་གཉིས་ཡོད་པ་ལས།ཞེས་གསུངས་སྤྱིར་བཤད་ན་དག་མ་དག་གི་ཁྱད་པར་དེ་གང་ཟག་གི་བློས་ཕར་བཏགས་པ་ཞིག་ཡིན་པ་ལས། ཕ་རོལ་གྱི་དངོས་པོའི་སྟེང་ན་དག་མ་དག་གི་ཆ་རང་ཆས་སུ་མེད་དོ། གལ་ཏེ་ཡོད་པར་འདོད་ན་དེའི་སྟེང་གི་དག་མ་དག་གི་ཆ་དེ་དུས་གསུམ་ཀུན་ཏུ་མི་འགྱུར་པར་རྟག་པར་འདོད་དགོས། དེ་ལྟར་འདོད་ན་ནི་འདུས་བྱས་ལ་མི་རྟག་པའི་ཁྱབ་པའི་ནང་པའི་སྤྱི་ལུགས་དང་འགལ་འགྲོ། ཁྱད་པར་དུ་ཐེགས་པ་ཆེན་པོ་དབུ་མའི་ལུགས་ལ་ཕྱི་ནང་གཟུང་འཛིན་གྱི་བོན་ཐམས་ཅད་རང་བཞིན་གྱིས་མ་གྲུབ་པ་ནི།དབུ་མ་བདེན་གཉིས་ལས། གཟུང་བའི་ཡུལ་དང་འཛིན་པའི་ཡིད༎ཕྱི་ནང་གཉིས་སུ་ལྟ་ལ་སོགས༎ ཐམས་ཅད་སྟོང་པ་ཉིད་དུ་ནི༎ རྫོགས་པའི་སངས་རྒྱས་རྣམས་ཀྱིས་གསུངས༎ གལ་སྲིད་ལུང་འདིས་ཀྱང་ངེས་ཤེས་ཟབ་མོ་ཞིག་དྲངས་མི་ཐུབ་ནས། ད་དུང་དག་མ་དག་གི་ཆ་ཞིག་བདེན་གྲུབ་ཏུ་ཡོད་པར་འདོད་ན། སྔ་མ་ལས། ཕུང་པོ་ཁམས་དང་སྐྱེ་མཆེད་དང་།། གཅིག་དང་དུ་བྲལ་རང་བཞིན་མེད༎ གཟུགས་ཀྱི་ཕུང་པོ་བཅོ་ལྔ་སྟོན།། དེ་བཞིན་དུ་མའི་ཆ་ཤས་ཀྱིས།། ཡང་དག་བདེན་པའི་གཅིག་མི་རྙེད༎ དེ་མེད་དུ་མ་ཇི་ལྟར་འགྲུབ༎ གཟུགས་ཅན་གོང་བུ་ཁྲོལ་བུ་དང་༎ ཕྱོགས་ཆས་ཕྱེ་བས་ཕྲ་རབ་རྡུལ༎ ཕྱོགས་བཅུའི་རྡུལ་གྱིས་དབུས་རྡུལ་ལ༎ བལྟས་ན་གཞན་དུ་བལྟ་བ་ནི།། དེ་ཉིད་ཡིན་ནམ་གཞན་དུ་འདོད༎ ཡིན་ན་གོང་བུ་ཇི་ལྟར་འགྲུབ༎ གལ་ཏེ་གཞན་དུ་འདོད་པ་ན༎ ཆ་ཤས་མེད་པར་ག་ལ་འགྲུབ༎ དངོས་པོར་ཡོད་དེ་དམིགས་ཕྱིར་ན།། དེ་རྒྱུ་འབྱུང་བ་ལྔ་གྲུབ་དགོས༎ འབྱུང་ཆུང་ལྔ་སྤྲོས་ཆ་ཤས་ཀྱིས༎ རྒྱུ་མེད་འབྲས་བུ་ཇི་ལྟར་ཡོད༎ ཞེས་གསུངས་སོ། དེ་ལས་ལྡོག་སྟེ་ཕ་རོལ་གྱི་དངོས་པོའི་སྟེང་གི་དག་མ་དག་གི་ཆ་དེ་དུས་གསུམ་གྱིས་དབང་གིས་འགྱུར་བ་ཅན་དུ་འདོད་ན། དེ་མི་རྟག་པ་ཡིན་པས་དག་པའང་མ་དག་པར་འགྱུར་རྒྱུ་ཡོད་ལ་མ་དག་པའང་དག་པ་རུ་འགྱུར་རྒྱུ་ཡོད་པས། དངོས་པོ་ཁོ་རང་གི་སྟེང་ན་དག་མ་དག་གི་ཆ་ཡེ་མེད་པས། གང་ཟག་གིས་བློས་ཕར་བཏགས་པ་འདི་རང་ཁས་ལེན་པ་ལས་འོས་མེད། དེས་ན་གང་ཟག་རང་རང་གི་སྒྲིབ་པའི་བག་ཆགས་ཀྱི་དབང་གིས་ཡུལ་གཅིག་ལའང་མཐོང་སྣང་ཐ་དད་འབྱུང་བས། སྔ་མ་ལས། དངོས་པོ་རྣམས་ཀྱི་རང་བཞིན་ནི༎ ཀུན་ཏུ་བརྟག་ན་འགའ་མི་རྙེད༎ གཟུང་བའི་ཡུལ་ནི་གཅིག་ཉིད་ལ༎ འཛིན་པ་ཐ་དད་སྐྱེ་ཕྱིར་རོ༎ཞེས་དང་དབུ་མའི་འགྲེལ་བ་ལས། འདི་ལྟར་སྣང་བ་ཕྱི་ནང་གི་དངོས་པོ་རྣམས་ཀྱི་རང་བཞིན་བོན་ཅན། བདེན་པ་མེད་དེ། རིག་པས་ཀུན་ཏུ་བརྟག་ན་འགའ་ཡང་མི་རྙེད་པའི་ཕྱིར། དེར་ཐལ། གཟུང་བའི་ཡུལ་བཙན་དུག་ལྟ་བུ་གཅིག་ཉིད་ལ་མི་ཕལ་བས་དུག་དང་། གག་ལྷོག་ཅན་གྱིས་སྨན་དང་། རྨ་བྱས་ཟས་སུ་མཐོང་བ་ལ་སོགས་འཛིན་པ་ཐ་དད་པ་སྐྱེ་བའི་ཕྱིར་དང་། གཟུང་བའི་ཡུལ་ཆུའི་དངོས་པོ་གཅིག་ཉིད་ལ་འགྲོ་བ་རིགས་དྲུག་ལ། འཛིན་པ་ཐ་དད་པ་དྲུག་སྐྱེ་བའི་ཕྱིར། ཞེས་གང་ཟག་གི་མཐོང་སྣང་མ་གཅིག་པ་ཡིན་ནོ། དེས་ན་གངས་རི་མཚོ་གསུམ་གྱི་གནས་འདི་ལའང་དེ་བཞིན་གང་ཟག་དག་སྣང་ལྡན་ཞིང་སྒྲིབ་གཉིས་ཀྱི་བག་ཆགས་བྱང་ལ་ཉེ་བ་ཞིག་ཡིན་ན། གང་ནས་བསྡད་ཀྱང་དེ་ཉིད་དག་ཞིང་དུ་མཐོང་ངེས་ལ། དེ་ལས་ལྡོག་ཏེ་རྒྱུད་ན་དག་སྣང་སྤུ་ཙམ་ཡང་མེད་ཅིང་དུག་ལྔའི་བག་ཆགས་ཀྱིས་བསྒྲིབས་ནས་ཐར་བ་ལ་འདུན་པ་མེད་པ། བོན་སྒོར་མ་ཞུགས་ཚོགས་བསགས་སྒྲིབ་སྦྱོང་ལའང་མི་འབད་པའི་ཚུར་མཐོང་བྱིས་པའི་ཤ་ཚུགས་ཅན་གྱིས་གནས་དེ་རུ་སོང་ནའང་ནམ་ཡང་དག་ཞིང་དུ་མཐོང་མི་སྲིད་ལ་བྱིན་རླབས་ཀྱང་འཇུག་མི་སྲིད་དེ། དག་སྣང་མེད་པར་བདུད་ཁྱབ་པ་འོལ་མོ་ལུང་རིངས་སུ་སོང་བ་བཞིན་དག་ཞིང་དུ་སོང་བའི་གོ་མི་ཆོད་དོ། སྡེ་སྣོད་མཛོད་ལས། རྫོགས་པའི་སངས་རྒྱས་སྐྱོན་ཀུན་ཟད་ཡོན་ཏན་ཀུན་རྫོགས་པ་དེ་ལ་བདུད་སྡིག་ཏོ་ཅན་གྱིས་རྫུན་པོར་ལྟ་བ་དང་། གཡུང་དྲུང་གི་བོན་རིན་པོ་ཆེ་ལམ་དང་འབྲས་བུ་བདེན་པ་མི་བསླུ་བ་ཡང་དག་པ་ལ་མུ་སྟེགས་བྱེད་རྣམས་ཀྱིས་ལོག་པར་འཛིན་པ་དང་། བླ་མ་དམ་པ་ནི་ཡོན་ཏན་གྱི་ཕུང་པོ་བདེ་བའི་འབྱུང་གནས་སུ་གྱུར་པ་ལ་སློབ་མས་སྐྱོན་ཅན་དུ་གཟུང་བ་དེ་དག་རྣམས། རང་སྣང་མ་དག་པ་ཁོ་ནར་ཟད་དེ་མིག་ཤེས་འཁྲུལ་པས་དུང་ལ་སེར་པོར་མཐོང་བ་ལྟ་བུའོ། པས་སོ། གོང་ཞུས་རང་གི་སྣང་བ་དག་མ་དག་གིས་སྒོ་ནས་དག་ཞིང་འཇོག་ཚུལ་ནི་རྒྱུ་མཚན་ཉིད་ཀྱི་ཐེགས་པ་ཆེན་པོ་ལུགས་ཡིན་ལ། འབྲས་བུ་གསང་སྔགས་ལུགས་ཀྱི་ཐེག་པ་འོག་མས་ཀྱང་། ཕྱི་སྣོད་ཐམས་ཅད་ཡེ་ནས་ལྷའི་གཞལ་ཡས་ཁང་དུ་བལྟ་ཞིང་། ནང་བཅུད་ཀྱི་སེམས་ཅན་ཐམས་ཅད་ལྷ་དང་ལྷ་མོའི་རོལ་བར་བལྟ་སྟེ། རྗེ་རིན་པོ་ཆེའི་གསང་དོན་རྣམ་འབྱེད་ལས། ཕྱི་སྣོད་ལྷ་ཡི་གཞལ་ཡས་སུ༎ གསལ་ལ་རང་བཞིན་མེད་པར་བལྟ༎ ཕུང་པོ་ཁམས་དང་སྐྱེ་མཆེད་རྣམས༎ ཡེ་ཤེས་རོལ་པ་མ་འགག་དང་༎ ལྷ་དང་ལྷ་མོར་ཡེ་གནས་པས༎ ནང་བཅུད་ལྷ་དང་ལྷ་མོར་ལྟ༎ ཞེས་གསུངས་པས་མདོ་སྔགས་ཐེགས་པ་ཆེན་པོ་གོང་འོག་གཉིས་ཀྱི་ལུགས་སུ་རང་རང་གི་ལྟ་བའི་ཁྱད་པར་གྱི་བཞག་པ་ཡིན་ལ། སྔགས་ནང་བའི་ལུགས་ལ་ཡུལ་དང་ཡུལ་ཅན་དུ་མི་བལྟ་བས་གཉིས་མེད་དུ་བལྟ་བ་སོགས་ནི་ཐེག་པའི་ཁྱད་པར་རོ། འོན་ཀྱང་ཐེགས་ཆེན་གྱི་དོན་གང་ཟག་ཐུན་མོང་གི་རྟོགས་བྱ་མ་ཡིན་སྟབས། བློ་ཚད་དམའ་བའི་གདུལ་བྱ་རྣམས་ཀྱི་དེ་བཞིན་རྟོགས་དཀའ??; ?ཕྱིར། དམ་པ་གོང་མ་རྣམས་ཀྱིས་གདུལ་བྱ་བློ་དམན་པའི་རིགས་ཀྱི་མོས་པ་འདྲེན་ཕྱིར། སངས་རྒྱས་སྟོན་པ་གཤེན་རབ་ཀྱི་འཁྲུངས་ཡུལ་དག་ཞིང་འོལ་མོ་ལུང་རིངས་ཀྱི་ཞིང་གི་བཀོད་པ་ཕུན་སུམ་ཚོགས་པའི་རྒྱས་བཤད་མཛད་ནས་ནམ་མཁར་ངོས་བཟུང་ཡོད་ཀྱང་། དེ་ནི་དགོས་པ་ཆེན་པོ་ཡོད་པའི་དགོངས་པ་ཅན་གྱི་ཚིག་ཡིན་ནོ།།སོགས་མཚན་གྱི་རྣམ་གྲངས་ལ་བཅུ་ཕྲག་འགའ་ཡོད་པས་དེ་ལ་དཔྱད་ན་ཡུལ་དེ་དག་གི་ཕྱོགས་གང་ན་ཡོད་པའང་ཅུང་ཙམ་ཤེས་ཐུབ། ཡུལ་འདི་ནི་སངས་རྒྱས་སྟོན་པ་གཤེན་རབ་མི་བོ་ཀུན་ལས་རྣམ་པར་རྒྱལ་བའི་འཁྲུངས་ཡུལ་དང་མིའི་རིགས་ཀྱི་ཐོག་མའི་གྲོལ་ཁུངས་ཡིན་པ་དང་། འཛམ་གླིང་གི་ཤེས་རིག་ཐམས་ཅད་ཀྱི་ཐོག་མའི་བྱུང་ཁུངས་ཡིན་པའི་རྒྱུ་མཚན་གྱིས། འདབ་འབྲེལ་གྱི་རྒྱལ་ཁབ་དུ་མའི་དད་ལྡན་རྣམས་ཀྱིས་ཐུན་མོང་གིས་དད་པ་བྱེད་སའི་གནས་མཆོག་ཁྱད་པར་འཕགས་པ་ཡིན་ནོ། དེས་ན་བན་ལུགས་ཀྱི་བྱང་ཕྱོགས་ཤམ་བྷ་ལའི་ཞིང་ཁམས་ཀྱང་བོན་གཞུང་ལྟ་ན་འདི་ཡིན་པས་གཞན་ཞིག་ན་ཡོད་པར་མ་བཞེད་དོ།།སྟག་གཟིག་ཤན་བྷ་ལའམ། མཚན་ཡོངས་སུ་གྲགས་པའི་གནས་མཆོག་དམ་པ་འོལ་མོ་གླིང་ཆེན་ཞེས་བྱ་བ་དེའི་དབུས་ཀྱི་རི་གཡུང་དྲུང་དགུ་བརྩེགས་ཀྱི་རྩ་བ།གསོས་བདུད་རྩི་སྨན་གྱི་ནགས་ཚལ་གྱི་དཀྱིལ་དུ་རིན་པོ་ཆེ་སྣ་དགུ་ལས་གྲུབ་པའི་སངས་རྒྱས་སྨན་ལྷའི་ཕོ་བྲང་ཆེན་པོ་ལྕགས་རི་དཔག་ཚད་བཞི་ཡི་འཁོར་བ། ཞེས་དང་། མདོ་དྲི་མེད་གཟི་བརྗིད་ལས། གཞན་ཡང་སངས་རྒྱས་ཀྱི་ཞིང་དེ་ལ། ཨུ་རྒྱན་གྱི་མི་རྣམས་ཀྱིས་མཚན་གསོལ་བ། བྱང་ཆུབ་དབལ་སོ་གངས་དཀར་བདེ་བའི་གླིང་ཞེས་བྱ་བ་སྟེ། རྒྱ་གར་གྱི་མི་རྣམས་ཀྱིས་མཚན་གསོལ་བ། བྱང་ཤམ་བྷ་ལའི་གནས་མཆོག་ཅེས་བྱ་སྟེ། རྒྱ་ནག་གིས་མཚན་གསོལ་བ། སྟག་གཟིག་མུ་ཁྱུད་གཏེར་གྱི་གླིང་ཞེས་བྱ་སྟེ། ཟ་ཧོར་གྱིས་མཚན་གསོལ་བ། དབང་ལྡན་འོད་འཕྲོ་འཁོར་ལོ་གླིང་ཞེས་བྱ་སྟེ། བྲུ་ཤའི་མི་རྣམས་ཀྱིས་མཚན་གསོལ་བ། མི་འགྱུར་གཡུང་དྲུང་འོད་མའི་ཚལ་ཞེས་བྱ་སྟེ། ཁ་ཆེས་མཚན་གསོལ་བ། མི་ཤིག་སྲ་བྱེད་པྲ་ཕུད་གླིང་ཞེས་བྱ་སྟེ། ལི་བལ་གྱིས་མཚན་གསོལ་བ། དཔག་བསམ་ལྗོན་པ་བྱང་ཆུབ་ཀྱི་གླིང་ཞེས་བྱ་སྟེ། ཁྲོམ་གེ་སེར་གྱིས་མཚན་གསོལ་བ། ཁ་ལ་གཡུ་གཤོག་གངས་དཀར་གླིང་ཞེས་བྱ་སྟེ། ཞང་ཞུང་གིས་མཚན་གསོལ་བ། ནུབ་བྱང་སྟག་གཟིག་ཁྲོམ་པའི་གླིང་ཞེས་བྱ་སྟེ། བོད་ཁ་བ་ཅན་གྱིས་མཚན་གསོལ་བ། སྟག་གཟིག་གི་ཡུལ་འོལ་མོ་ལུང་རིངས་ཞེས་བྱ་སྟེ། དེ་ལྟ་བུའི་དོན་བློ་ཆུང་དག་གི་རྟོགས་མི་ནུས་མོད། འོན་ཀྱང་ལམ་རིམ་སོགས་ལ་ཅུང་ཟད་གཟིགས་མྱོང་བ་ཞིག་ཡིན་ན་རྒན་མོས་ཁྱི་སོ་ལ་སངས་རྒྱས་ཀྱི་ཚེམས་ཡིན་པར་བཟུང་བའི་གཏམ་རྒྱུད་ཀྱིས་ཀྱང་དག་མ་དག་གི་ཆ་དེ་གང་ཟག་གིས་བློ་ངོས་ནས་འཇོག་དགོས་པ་ཤེས་ཐུབ་བོ། གཞན་ཡང་རྣམ་རྒྱལ་ལས། བདག་ཉིད་མོས་པས་ཡིད་བྱེད་པ། དེ་ཡི་མདུན་དུ་གཤེན་རབ་བཞུ གས། ཞེས་གསུངས་པས། དག་སྣང་དང་ལྡན་ན་གནས་གང་དུ་བསྡད་ནས་གསོལ་བ་བཏབ་ན་སངས་རྒྱས་ཀྱི་བྱིན་བརླབས་འཇུག་ངེས་བ་ཡིན་པས། དེས་ན་དག་ཞིང་དུ་འགྲོ་བ་ཞེས་པའི་དོན་ཡང་། ཐེགས་པ་ཆེན་པོར་ཞུགས་ཤིང་མདོ་ལུགས་ལྟར་གཡུང་དྲུང་ཐུགས་རྗེ་ཕྱོགས་ཀྱི་བོན་སོ་བདུན་དང་ཕྱིན་དྲུག་བསྡུ་བཞིའམ། གསང་སྔགས་ལྟར་རྩ་རླུང་ཐིག་ལེ་ཐབས་ལམ་སྡེ་དྲུག་གམ། རྫོགས་པ་ཆེན་པོའི་ལུགས་ལ་རང་རིག་པའི་ཡེ་ཤེས་སོགས་ལ་ཉམས་ལེན་ཡང་དག་བྱས་ནས། ས་བཅུ་ལམ་ལྔ་བགྲོད་ནས་འགྲོ་དགོས་པ་ལས། རྐང་པ་རྒྱབ་ནས་འགྲོ་ཆོག་པ་ཞིག་གཏན་ནས་མིན་ནོ། རྒྱུ་མཚན་དེའི་ཕྱིར་སངས་རྒྱས་ཀྱི་འཁྲུངས་ཡུལ་འོལ་མོ་ལུང་རིངས་ལས་དག་ཞིང་འོལ་མོ་ལུང་རིངས་ཞེས་ལོགས་ཞིག་ནས་བཙལ་རྒྱུ་མེད་དོ། ཡུལ་འདི་དང་བན་ལུགས་ཀྱི་ཤམ་བྷ་ལའི་ཞིང་ཁམས་གཉིས་མིང་གི་རྣམ་གྲངས་ཡིན་ཏེ།རྩ་བ་ཐུགས་འབུམ་མཁའ་སྔོན་ལས། དེ་བཞིན་ཚེ་དབང་སྨོན་ལམ་ལས། གལ་ཏེ་ལས་དབང་སྐྱེ་བ་ལེན་ན་ཡང་། དམྱལ་བ་ཡི་དྭགས་བྱོལ་སོང་ལྷ་མིན་དང་། མཐའ་འཁོབ་ཕམ་ལྟུང་གནས་སུ་མི་སྐྱེ་ཞིང་། ལྷོ་རྒྱལ་འཛམ་གླིང་དབུས་སུ་སྐྱེ་བར་ཤོག ཅེས་གསུངས་པས་ཀྱང་གསལ་ལོ། དེས་ན་སྤྱི་འཛམ་བུ་གླིང་ལའང་སྨོན་ལམ་འདེབས་སུ་རུང་བས། ལྷག་པར་དུ་སངས་རྒྱས་ཞལ་བཞུགས་དུས་སངས་རྒྱས་བཞུགས་པའི་ཞིང་ལ་སྨོན་ལམ་བཏབ་ན་མི་ཆོག་པ་ནང་བའི་གྲུབ་མཐའ་གང་གིས་ཀྱང་མ་བཞེད་པས། གོང་ཞུས་ དེ་བཞིན་བོན་གྱི་སྐྱེ་སྒོ་གཅོད་པའི་མདོ་ལས་ཀྱང་།‘འོལ་མོ་ལུང་རིངས་གནས་སུ་སྐྱེས་པར་ཤོག ལས་ངན་འཁོར་བའི་ལུས་སུ་མི་སྐྱེ་ཞིང་།’ཞེས་གསུངས་པ་དེའང་ཁོང་གི་བསམ་པའི་སྟེང་གི་དག་ཞིང་འོལ་མོ་ལུང་རིངས་ཡིན་རྒྱུ་ལས་ཉིད་ཀྱི་ འཁྲུངས་ཡུལ་འོལ་མོ་ལུང་རིངས་དེ་ཡིན་ན་གྲུབ་མཐའ་སོ་སོའི་གཞུང་ལུགས་དང་འབྲེལ་ཏེ་རྩོད་རྙོག་མང་པོ་འབྱུང་སྲིད་ལ། ཞེས་བན་ཤུལ་དཔལ་མཁར་རྒྱལ་གྱི་བཤད་པའི་གྲུབ་མཐའ་སོ་སོ་ཞེས་པ་གང་ལ་གོ་ཡང་། ནང་བའི་གྲུབ་མཐའ་ཞིག་ཡིན་ན་དལ་བརྒྱད་འབྱོར་བཅུ་ཚང་བའི་མི་ལུས་རིན་པོ་ཆེ་ཞེས་བཞེད་པ་ཀུན་མཐུན་པས། དེ་འཐོབ་པ་ལ་ལྷོ་འཛམ་བུ་གླིང་ནས་སྐྱེས་དགོས་པ་སྨོས་མ་དགོས་ལ། དལ་འབྱོར་གྱི་མི་ལུས་རིན་པོ་ཆེ་འཐོབ་པ་ལ་ཤར་རྫ་རིན་པོ་ཆེ་ནས། སྤྱིར་བདེ་འགྲོ་ཙམ་ཐོབ་པ་ལའང་ཚུལ་ཁྲིམས་སྣ་རེ་བསྲུང་དགོས་ཤིང་། དེ་ལས་ཀྱང་དལ་འབྱོར་གྱི་མི་ལུས་ཐོབ་པ་ལ་ནི། ཚུལ་ཁྲིམས་རྣམ་པར་དག་པའི་གཞི་བཟུང་། སྦྱིན་སོགས་དགེ་རྩ་རླབས་པོ་ཆེའི་གྲོགས་བསྐུལ། སྨོན་ལམ་དྲི་མ་མེད་པས་མཚམས་སྦྱར་དགོས་པ་ལ། ཞེས་སྨོན་ལམ་དྲི་མ་མེད་པས་མཚམས་སྦྱོར་དགོས་པས། ལྷོ་འཛམ་བུ་གླིང་ལ་སྨོན་ལམ་བཏབ་པ་ཡིན་པས་ནང་བའི་གྲུབ་མཐའ་གང་གི་ལུགས་དང་འགལ་ཚུལ་ཁོ་བོས་མ་མཐོང་ངོ་། ཐུབ་པའི་ལུགས་ལ་སངས་རྒྱས་ཤཱཀྱ་ཐུབ་པའི་བྱོན་པའི་རྒྱ་གར་རྡོ་རྗེ་གདན་ལ་སྨོན་ལམ་བཏབ་མི་ཆོག་ཚུལ་ཁོ་བོས་མ་མཐོང་བས། དེ་བཞིན་རྩོད་རྙོག་གང་འབྱུང་རྒྱུ་ཡིན་པའང་མི་ཤེས་པས། ཁ་གསལ་དུ་གསུང་བྱུང་ན་བགྲོ་གླེང་བགྱི་པར་སྤྲོའོ།། གཞན་ཡང་བོན་གྱི་སྐྱེ་སྒོ་གཅོད་པའི་ལུང་ཚིག་ཧྲིལ་བོར་དྲངས་ན་འདི་ལྟར་ཏེ།ཕྱག་འཚལ་སྡིག་བཤགས་མཆོད་པ་ཕུལ་བའི་ཡོན་ཏན་གྱིས། འདི་ནས་མི་རྟག་འཆི་འཕོས་སྐྱེས་ཙམ་ན། གནས་ངན་མཐའ་འཁོབ་ཡུལ་དུ་མི་སྐྱེ་ཞིང་། འོལ་མོ་ལུང་རིངས་གནས་སུ་སྐྱེ་བར་ཤོག ལུས་ངན་འཁོར་བའི་ལུས་སུ་མི་སྐྱེ་ཞིང་། འགྲོ་བ་འདྲེན་པའི་སྟོན་པར་སྐྱེ་བར་ཤོག ཞེས་གསུངས་ཡོད་པ་འདི་ནི་འོལ་མོ་ལུང་རིངས་ཡུལ་མཐའ་འཁོབ་ཀྱི་ཟླ་ལས་དྲངས་ཏེ་སྤྱི་ཡུལ་དབུས་ལ་སྨོན་ལམ་འདེབས་པའི་དོན་ཡིན་ནོ། གནས་དེ་ལ་སྨོན་ལམ་བཏབ་པའི་རྒྱུ་མཚན་གྱིས་དཔོན་སློབ་རིན་པོ་ཆེ་ནས། ཞིང་འདི་ཉིད་འཁོར་ཞིང་ཐུན་མོང་བ་ལས་ངེས་པར་དུ་ཁྱད་དུ་འཕཊ་པ་ཞིག་ཡིན་དགོས་པས་སོ། ཞེས་གསུངས་ཡོད་ཀྱང་། སྤྱིར་འཁོར་ཞིང་ཐུན་མོང་བ་ལས་ཁྱད་དུ་འཕགས་ཀྱང་མ་འཕགས་ཀྱང་འཛམ་བུ་གླིང་ལའང་སྨོན་ལམ་འདེབས་རུང་དེ།མདོ་གཟེར་མིག་ལས། དེ་ནས་རི་རབ་ཀྱི་རྩེ་མོ་ལ་བྱོན་ཏེ། འཁོར་རྣམ་པ་གསུམ་དང་། མི་ཡུལ་གླིང་བཞི་ལ་གཟིགས་ནས། དགོངས་ཚད་རྣམ་པ་ལྔ་ཐུགས་ལས་བྱུང་བ་ནི། ཡུལ་གྲངས་མང་ཞིང་རྒྱ་ཆེ་ན་ཡང་། ལྷོ་འཛམ་བུའི་གླིང་སོག་ཀ་སྣོད་ཀྱི་འཇིག་རྟེན། འོལ་མོ་ལུང་རིངས་ལ་གཟིགས་ནས་བྱོན་ནོ། དེ་ཅིའི་ཕྱིར་བྱོན་ན། གླིང་ཕྱི་མ་ནི། མཐོ་རིས་སུ་འགྲོ་བའི་དགེ་བའང་མེད། ངན་སོང་དུ་ལྟུང་བའི་སྡིག་པའང་མེད། སྟོན་པའི་བསྟན་པ་མི་འཕེལ་བའི་གླིང་ཡིན་ནོ། ཁོ་དག་གི་ཚེ་ནམ་ཟད་ཙམ་ན། ལས་ཀྱི་དབང་གི་སྡོད་འཕེན་ནོ། སྨོན་ལམ་ནི་ལྷོའི་སོག་ཀར་འདེབས་སོ། ལྷོའི་འཛམ་བུ་གླིང་ན། བསམ་གཏན་གྱི་ཏིང་ངེ་འཛིན་བསྒོམ་ན་ཐར་བ་འཐོབ། དགེ་བ་བཅུའི་སྒོར་ཞུགས་ན་མཐོ་རིས་སུ་སྐྱེ། མཚམས་མེད་པ་ལྔ་སྤྱོད་ན་མནར་མེད་པར་སྦྱོང་། སྡིག་པ་བཅུའི་སྒོར་ཞུགས་ན་ངན་སོང་དུ་སྐྱེ། སྟོན་པའི་ཐུགས་རྗེས་སེམས་ཅན་ཁ་ལོ་བསྒྱུར་སླ་བར་དགོངས་ནས་བྱོན་ནོ། ཞེས་གླིང་ཕྱི་མའི་མི་རྣམས་ཀྱིས་འཛམ་བུ་གླིང་ལ་སྨོན་ལམ་འདེབས་པ་གསལ་བ་དང་། བླ་ཆེན་དྲན་པ་ནམ་མཁས། ཐར་པ་ཆེན་པོ་མ་ཐོབ་བར་དག་ཏུ། གླིང་གི་མཆོག་ཏུ་གྱུར་པ་འཛམ་བུ་གླིང་དུ་སྐྱེ་བར་གྱུར་པ་དང་། བསྟན་པའི་མཆོག་ཏུ་གྱུར་པ་གཡུང་དྲུང་བོན་ལ་སྤྱོད་པར་གྱུར་པ་དང་། བླ་མའི་མཆོག་ཏུ་གྱུར་པ་དགོངས་པ་ཉམས་དང་ལྡན་པ་དང་། ཞེས་དང་། ཞེས་གསུང་བ་བཞིན་སྟག་གཟིག་འོལ་མོ་ལུང་རིངས་བསྐལ་བ་འཇིག་ཁ་མཁའ་ལ་འཕགས་ནས་སྲིད་པ་ཡེ་སངས་ཀྱི་གནས་དང་འབྲེལ་བར་བཞུགས་པ་ལ་དགོངས་ནས་ད་གཟོད་ནམ་མཁའ་ན་ཡོད་ཅེས་པའི་དོན་ཡིན་ནོ། འདི་འདྲའི་དགོངས་པ་ཅན་གྱི་ཚིག་ནང་བའི་གྲུབ་མཐའ་ཀུན་ལ་ཡོད་པས། ཤེས་རྟོགས་ཅུང་ཟས་ཡོད་པ་རྣམས་ཀྱིས་རྟོགས་མོད་ཀྱང་། གྲུབ་མཐའི་བློ་ཁ་མ་སྒྱུར་བའམ་ཡང་ན་གྲུབ་མཐའི་སྒོ་རུ་ཞུགས་ཀྱང་སྦྱང་བརྩོན་མེད་པ་རྣམས་གྱིས་ནི་ནམ་ཡང་རྟོགས་པར་མི་འགྱུར་རོ།། དེ་ལ་ཁོ་ན་རེ་ཁྱོད་ཀྱི་འདོད་པ་དེ་ལྟར་ན། འོ་ན་བསྒྲགས་པ་རིན་ཆེན་གླིང་གྲགས་སུ་སྟག་གཟིག་འོལ་མོ་ལུང་རིངས་ནམ་མཁའི་ཁམས་སུ་ངོས་འཛིན་གྱིན་ཡོད་པས་དེ་ལ་ཅི་ལྟར་འགྲེལ་ཞེ་ན། དེ་ལ་ཤར་རྫ་རིན་པོ་ཆེས་སྡེ་སྣོད་མཛད་ལས། འདི་ལྟར་གཞལ་བྱ་གཡུང་དྲུང་གི་བོན་རིན་པོ་ཆེ་ལ་འཇལ་བྱེད་ཤེས་རབ་གསུམ་གྱིས་དྲང་བའི་དོན་དགོངས་པ་བཞི་དང་ངེས་པའི་དོན་རྣམ་ཐར་བཞིར་གཞལ་བ་ཡིན་ལ།ཕྱོགས་དང་པོ་བཤད་བྱའི་དོན་ཇི་ལྟ་བ་བཞིན་དུ་མ་རྫོགས་པའི་ཕ་རོལ་པའི་དོན་དུ་སྒྲ་ཇི་བཞིན་དུ་མ་ཡིན་པར་ཅུང་ཟད་སྒྲོ་བཏགས་ཏེ་བཤད་དུའང་ཡོད་ལ། དེའང་གདུལ་བར་བྱ་བའི་ཡུལ་རྣམས་རེ་ཞིག་དྲང་བ་གཅིག་པུའི་སླད་དུའང་མ་ཡིན་པར་དགོས་ཆེད་ཁྱད་པར་བ་དང་བཅས་ནས་དགོངས་པ་རྣམ་བཞིར་སྟོན་པ་ནི། འབུམ་ཏིག་ལས། དེ་ལ་དྲང་བའི་བོན་ནི། དགོངས་པ་དང་ལྡན་པའི་བཀའ་ཡིན་ཏེ། དུས་གཞན་ལ་དགོངས་པ་དང་། གང་ཟག་གི་བསམ་པ་ལ་དགོངས་པ་དང་།དོན་གཞན་ལ་དགོངས་པ་དང་།དགོངས་པ་ཉིད་དང་ལྡན་པ་སྟེ། དོན་དུ་སེམས་ཅན་རྣམས་དྲངས་པའི་ཐབས་བསྟན་པ་ཡིན་ནོ། ཞེས་གསུང་བ་ལྟར་དྲང་དོན་གྱི་བོན་ལ་དགོངས་པ་ཅན་གྱི་ཚིག་ཡོད་པས་དེའི་དགོངས་པ་རྟོགས་དགོས་སོ། དེས་ན་འདི་ཡང་སེམས་ཅན་གྱི་བསམ་པ་དང་དོན་གཞན་ལ་དགོངས་པའི་དགོངས་པ་ཅན་དུ་འདོད་དེ། སེམས་ཅན་གྱི་བསམ་པ་ལ་དགོངས་པ་ནི། དུས་སྙིགས་ཀྱི་སེམས་ཅན་བློ་རྨུན་པོ་ཐེགས་པ་ཆེན་པའི་ལྟ་བ་མ་རྟོགས་པ་གསང་སྔགས་ཀྱི་རྒྱུད་སྡེ་བཞིའི་དོན་མི་གོ་བ།སངས་རྒྱས་ཡེ་ནས་རང་སེམས་ན་བཞུགས་པ་མི་ཤེས་པར་ཡུལ་གཞན་ནས་དངོས་གྲུབ་ཞུ་བར་འདོད་པ་དག་གི་མོས་པ་མི་འགོག་ཕྱིར་དེ་ལྟར་བསྟན་པ་དང་། ཡང་དོན་གཞན་ལ་དགོངས་པ་ནི།མདོ་དྲི་མེད་གཟི་བརྗིད་ལས།གཞན་ཡང་སངས་རྒྱས་ཀྱི་ཞིང་དེ་ནི། བདེ་བར་གཤེགས་པའི་ཐུགས་རྗེའི་སྟོབས་ལས་གྲུབ་སྟེ། ཡེ་ནས་འཕོ་འགྱུར་དང་འཇིག་བྲལ་མེད་ཅིང་། བར་གྱི་བསྐལ་པ་རེ་རེ་ལ་འཇིག་རྟེན་གྱི་ཁམས་ཀྱང་མཐོ་བཅད་དང་། ཟུར་བསྙལ་ཙམ་འཇིག་པ་ལྟར་ཅི་སྨོས་ཀྱི་དུས་ཀྱི་བསྐལ་པ་ལ་མེ་བདུན་ཆུ་གཅིག་འབྱུང་བའི་དུས་ཀྱང་། རང་བཞིན་མཁའ་ལ་འཕགས་ནས་སྲིད་པ་ཡེ་སངས་ཀྱི་གནས་དང་འབྲེལ་བར་བཞུགས་སོ། བོན་ཉིད་དབྱིངས་སུ་མངོན་པར་རྫོགས་ཤིང་། མཁའ་ལ་མཉམ་ཞིང་ཀློང་དུ་གདལ་བའོ། ཞེས་གསུངས་པ་ལས་གསལ་ལོ། དེས་ན་ཞིབ་འཇུག་ལེགས་པོ་བྱེད་ན་ཐོག་མར་གཞུང་དེའི་ཚིག་གི་གཅོད་མཚམས་མ་ནོར་ཞིང་དེའི་དོན་ལ་མི་རྨོངས་པ་ཞིག་དགོས་ངེས་སོ།། མཛོད་སྒྲ་འགྲེལ་ལས། ཏི་བྱང་ཁ་རང་དུན་གུ་ཅི་ཞེས་པ། ཏི་ནི་ཆུ་ཡིན་བྱང་ནི་ལྷོའི་འཛམ་བུ་གླིང་གི་བྱང་མཐའ་ཡིན་ནོ། ཁ་རྭང་ན་རི་ནག་ཅེས་བྱའོ། གུ་དུན་ན་རྒུ་ཞེས་བྱའོ། དེ་ལྟར་ལྷོའི་འཛམ་བུ་གླིང་ལ་རི་དགུ་ཡི་ཕྱི་ནང་འཁོར་ནས་ཡོད་དེ། རྣིལ་དང་རང་ཞེས་བྱ་སྟེ་རྩེ་མོ་གངས་རི་དང་རྩ་བ་བྲག་རིར་ཡོད་པ། ཤེལ་གྱི་མཆོད་རྟེན་འདྲ་བ་ཞིག་ཡོད་དོ། ཤིམ་ཕོད་ནོམ་པའི་ཚུ་རོལ་ན་ཞེས་པ། སྤོས་དྲི་ཅན་གྱི་བྱང་ཕྱོགས་ན་ཞེས་བྱའོ། དར་ར་ཞེས་པ་མཚོ་མ་དྲོས་ཞེས་པའོ། མལ་དྲོས་རྩང་པོ་མུར་ཟངས་ཞེས་པ། ཀླུ་ཆེན་བརྒྱད་ལྷ་དང་དྲང་སྲོང་ལ་མཆོད་པ་ལ་འོང་ཙམ་ན་གནས་པའོ། དེ་གསུམ་ནི་སྒྱེད་པུ་ལྟར་སུམ་ཚོམས་སུ་གནས་སོ།ཡོན་ཏན་གྱི་ཡུལ་དབུས་ནི་སངས་རྒྱས་ཀྱི་བསྟན་པ་དར་མ་དར་གྱི་སྒོ་ནས་འཇོག་དགོས་པས། སྟག་གཟིག་འོལ་མོ་ལུང་རིངས་སམ་དེང་གི་གངས་རི་མཚོ་གསུམ་གྱི་ཡུལ་ཡོན་ཏན་གྱི་ཡུལ་དབུས་ཀྱང་ཡིན་ལ་ས་ཚིག་གི་ཡུལ་དབུས་ཀྱང་ཡིན་པས་འགལ་པ་མེད་དོ། འོན་ཀྱང་བན་ཤུལ་དཔལ་མཁར་རྒྱལ་གྱིས་བོན་གཞུང་སྲིད་པའི་མཛོད་ཕུག་གི་ལུང་འགའ་དྲངས་ནས། ཅེས་འབྱུང་ལ་འཛམ་བུའི་གླིང་གི་གཡས་གཡོན་དུ་ཡོད་པའི་དྭངས་ར་མལ་དྲོ་ནི་སྟོད་མངའ་རིས་ཕྱོགས་ཀྱི་ས་གནས་ཞིག་ཡིན་པ།ཞེས་བྲིས་པ་འདི་མཛོད་ཚིག་མ་གོ་བའི་འགྲེལ་འོག་ཏུ་སྣང་དེ། མཛོད་ལས།འཛམ་བུའི་གླིང་གི་གཡས་གཡོན་ན། ཁ་སློ་དང་ནི་སྤྲེལ་རྒྱུ་གཉིས། ངོས་གསུམ་གོང་གི་གསུམ་ཆ་ལ། དཔག་ཚད་དེ་ནི་ཉིས་སྟོང་ཡོད།ཞེས་གསུངས་བས་ཚིག་གི་གཅོད་མཚམས་འདི་ཡིན་ལ་འཛམ་བུའི་གླིང་གི་གཡས་གཡོན་ན་ཡོད་པའི་གླིང་ཕྲན་གཉིས་ནི་ཁ་སློ་དང་སྤྲེལ་རྒྱུ་གཉིས་ཡིན་པ་ལས་དྭངས་ར་མལ་དྲོས་མིན་ནོ། བླ་ཆེན་དྲན་པས་མཛད་པའི་མཛོད་སྒྲ་འགྲེལ་ལས། ཁ་སློ་ནི་གླིང་སྔོན་པོ་ལ་ཆུ་ཤིང་ནག་པོ་སྐྱེས་ཏེ་སྲིན་པོས་ལོངས་སྤྱོད་བྱེད་པའོ། སྤྲེལ་རྒྱུན་ནི་བྱང་ནས་ལྷོ་རུ་སྤྲེའུ་མེ་ཁྱེར་གྱི་ལམ། ཤར་ནས་ནུབ་ཏུ་གྲུམ་འོག་ཆུ་ཆུན་གྱི་ལམ་མོ། གླིང་དེ་བརྒྱད་ནི། ཞེས་གླིང་ཕྲན་རྣམས་གསལ་བོར་གསུངས་པ་དང་། མཛོད་ལས། ཏི་བྱང་ཁ་རླངས་དུན་གུ་ཅི། རྣིལ་དང་རང་གི་ཕ་རོལ་ན། ཤིམ་ཕོད་ནོ་ཡི་ཚུ་རོལ་ནས། དང་ར་མལ་དྲོས་མུར་ཟགས་གནས། ཞེས་པ་ཞང་སྐད་ཡིན་པས། དང་ར་མལ་དྲོས་མུར་ཟགས་གནས་ཞེས་པ་བོད་སྐད་དུ་བསྒྱུར་ན་དང་ར་ནི་མཚོ། མལ་དྲོས་ནི་ཀླུ་ཞིག མུར་ཟངས་ནི་ཀླུ ལྷན་དུ་བསྒྱུར་ན་བོད་སྐད་ལ། མཚོ་འདི་མལ་དྲོས་ཀླུ་ཡི་གནས་ཞེས་མ་ཕང་གཡུ་མཚོ་ཡིན་པ་ལས་འཛམ་བུའི་གླིང་གི་གཡས་གཡོན་ན་ཡོད་པ་ཞིག་མིན་ནོ། དེའི་དོན་རྗེ་རིན་པོ་ཆེའི་མཛོད་འགྲེལ་ན་གསལ་བོར་ཡོད་དོ། ཞེས་པ་ལས་གངས་ཏི་སེ་དེ་སྟག་གཟིག་གི་ཡིན་ཚུལ་དང་ཚལ་བ་ཞིག་ཆད་ཚུལ་བྲིས་མི་འདུག་པས་ས་པཎ་གྱི་གསུང་ལའང་ཡིད་རྟོན་དཀའ་འོ། གཞན་ཡོན་ཏན་གྱི་ཡུལ་དབུས་དང་ས་ཚིག་གི་ཡུལ་དབུས་ཞེས་བཞེད་པ་ཡང་འགལ་བ་མིན་ཏེ། ས་ཚིག་གི་ཡུལ་དབུས་ནི་གླིང་བཞི་ཀ་ལ་རེ་རེ་ཡོད་དེ། རྩ་འགྲེལ་ལས། འཛམ་བུ་གླིང་གི་དབུས་གངས་ཏི་སེ། ལུས་འཕགས་པའི་དབུས་མཚོ་ཉི་མའི་དམུ་ཞག སྒྲ་མི་སྙན་གྱི་དབུས་ཤིང་ཆེན་ཨ་ཀར། བ་གླང་སྤྱོད་ཀྱི་དབུས་བྲག་ཟླ་བ་གླིང་མགོ་ ཞེས་གསུངས་སོ།ལས་གྲུབ་པར་བཤད་པ་དང་མི་མཐུན་པར་འགལ་ལོ་ཞེ་ན། ས་སྐྱ་པཎ་ཆེན་གྱི་ལུང་ཁུངས་དེ་ནི་སྤྱི་ལོ་སྔོན་གྱི་དུས་རབས་གཉིས་པ་ཙམ་གྱི་སྐབས། དྲང་སྲོང་གྲོག་མཁར་གྱིས་རྒྱ་གར་དམངས་ཁྲོད་དུ་དར་ཁྱབ་ཤིན་ཏུ་ཆེ་བའི་རྒྱལ་པོ་རཱ་མ་ཎའི་གཏམ་རྒྱུད་ལ་གཞི་བཅོལ་ནས་རྒྱ་གཞུང་ཆ་ཚང་བ་ཞིག་བརྩམས་པ་ལས་དྲངས་བ་ཡིན་དགོས་ཀྱི། འོན་ཀྱང་ཏུན་ཧོང་ཡིག་རྙིང་ནང་དུ་བོད་བཙན་པོའི་རྒྱལ་རབས་སྐབས་སུ་བསྒྱུར་བའི་ར་མ་ཎིའི་རྟོགས་བརྗོད་ཀྱི་སྒྱུར་ཡིག་ནང་དུ་སྤྲེའུ་རྒྱལ་པོ་ཧ་ནུ་མ་ཏ་གངས་ཏི་སེ་ལ་སྨན་ལེན་དུ་བཏང་ནས། ངོ་མ་ཤེས་ནས་གངས་ཏི་སེ་དང་ལྷན་ཅིག་བཏེགས་ཏེ་ཁྱེར་འོང་ནས། སྨན་འབྲི་བཏུས་རྗེས་ཏི་སེ་སླར་གནས་སུ་བསྐྱལ་ལོ།ཡང་ཁོ་ན་རེ་ཁྱོད་ཀྱི་འདོད་པ་ལྟར་ན་སྟོན་པ་གཤེན་རབ་ཀྱི་འཁྲུངས་ཡུལ་ད་ལྟའི་གངས་ཆེན་ཏི་སེའི་ཕྱོགས་སུ་ཁས་བླངས་ཤིང་། དེ་ཡང་སྟག་གཟིག་གི་ཏི་སེ་དང་གཅིག་ཡིན་པར་འདོད་ན། འོ་ན་དར་རྒྱས་གསལ་སྒྲོན་དང་ལེགས་བཤད་མཛོད་སོགས་ལས་སྟག་གཟིག་གི་ཏི་སེ་ཡོན་ཏན་གྱི་ཡུལ་དབུས་སུ་བཞེད་ཅིང་བོད་ཀྱི་ཏི་སེ་ས་ཚིག་གི་ཡུལ་དབུས་སུ་བཞེད་པ་དང་། གཞན་བོད་ཀྱི་ཏི་སེ་འདི་ས་སྐྱ་པཎ་ཆེན་གྱིས་བཞེད་པ་ལྟར། སྤྲེའུའི་རྒྱལ་པོ་ཧ་ནུ་མ་དྷས་སྟག་གཟིག་ཡུལ་གྱི་གངས་ཏི་སེ་ལས་ཚལ་གཅིག་བཅད་ནས་ལག་པས་ཁྱེར་བ་བོད་ཡུལ་དུ་འཕངས་བ་
ཇི་སྐད་དུ།ས་ལམ་འཕྲུལ་སྒྲོན་ལས། དང་པོ་ཐོབ་པའི་འཕགས་པ་ཡི།། ཡོན་ཏན་བརྒྱ་ཕྲག་བཅུ་གཉིས་ནི།། སྐད་ཅིག་གཅིག་གི་ཆ་ལ་ཡང་།། ཏིང་འཛིན་བརྒྱ་ལ་འཇུག་ཅིང་ལྡང་།། བདེར་གཤེགས་བརྒྱ་མཐོང་བོན་བརྒྱ་ཉན།། འཇིག་རྟེན་བརྒྱ་གཡོ་འོད་བརྒྱ་འགྱེད།། ཞིང་བརྒྱར་འགྲོ་ཞིང་གནས་བརྒྱ་མཁྱེན།། བོན་སྒོ་བརྒྱ་འབྱེད་བསྐལ་བརྒྱ་སྟོན།། སྤྲུལ་པ་བརྒྱ་འབྱེད་ལུས་བརྒྱར་སྤྲུལ།། འཁོར་ཡང་དེ་བཞིན་བསྐོར་བར་འགྱུར།། གཉིས་པར་སྟོན་དང་གསུམ་པ་འབུམ།། བཞི་ལྔ་དྲུག་ལ་འབུམ་ཕྲག་དག། བརྒྱ་དང་སྟོང་དང་འབུམ་དུ་འགྱུར།། བདུན་བརྒྱད་དགུ་དང་ས་བཅུ་ལ།། བྱེ་བའི་ཕྲག་ནི་བརྒྱ་སྟོང་འབུམ།། རྡུལ་ཕྲན་གྲངས་དང་མཉམ་པར་འགྱུར།། སྐྱེ་རྒྱུ་མ་རིག་བག་ཆགས་དང་།། འདུ་བྱེད་ཟག་མེད་སྨོན་ལམ་གྱི།། རྐྱེན་གསུམ་འཛོམ་པ་ཡིན་པར་གསུངས།། འགྲོ་བ་གང་ལ་གང་འདུལ་དུ།། བྱ་དང་རི་དྭགས་གཅན་གཟན་དང་།། ཉ་དང་འཚོ་བྱེད་ལ་སོགས་པ།། སྤྲུལ་ནས་སེམས་ཅན་དོན་བྱེད་འགྱུར།། ཞེས་གསུངས་པ་བཞིན་སངས་རྒྱས་དང་བྱང་སེམས་འཕགས་པ་རྣམས་ཀྱིས་སྐད་ཅིག་གཅིག་ལའང་སྤྲུལ་བ་བསམ་གྱིས་མི་ཁྱབ་པ་མཛད་ནུས་པས། དེ་དག་གི་མཛད་པ་ཕྲིན་ལས་ནི་བདག་ཅག་སོར་སྐྱེས་ཀྱིས་གཞལ་བྱ་ནམ་ཡང་མི་འགྱུར་མོད། འོན་ཀྱང་སྤྲུལ་བའི་སྐུ་རྣམས་འཇིག་རྟེན་དུ་བྱོན་དུས་གདུལ་བྱ་སོ་སྐྱེས་ཀྱི་སྣང་ངོར་གང་ལ་གང་འདུལ་གྱི་བོན་སྟོན་པས། དབུ་མ་བདེན་གཉིས་ལས། བོན་སྐུ་སྟོང་ཉིད་མཁའ་འདྲ་ལ།། རྣམ་རྟོག་འབད་རྩོལ་མི་མངའ་ཡང་།། སྔོན་ཚེ་གཞན་དོན་ཐུགས་བསྐྱེད་ཅིང་།། ཚོགས་བསགས་སྨོན་ལམ་དག་པ་དང་།། སེམས་ཅན་གདུལ་བྱར་གྱུར་པ་ཡི།། ལས་བཟང་བསགས་པའི་སྟོབས་གཉིས་ཀྱིས།། དག་དང་མ་དག་འཁོར་རྣམས་ལ།། ལོངས་སྐུ་སྤྲུལ་སྐུ་སྣང་བ་འགྱུར།། སྟོབས་དང་མཚན་དཔེ་སོགས་ལྡན་པས།། མོས་བཞིན་ཤེས་བྱ་སྦྱོང་སོགས་སྣང་།། སྐུ་གསུང་ཐུགས་ཀྱི་རྣམ་སྤྲུལ་དང་།། གང་ལ་ཅི་འདུལ་དེ་བཞིན་དུ།། མོས་བཞིན་སྡེ་སྣོད་བཤད་སོགས་སྣང་།། ཡིད་བཞིན་ནོར་བུ་ཆུ་ཟླ་བཞིན།།ཞེས་གསུང་བས། དེས་ན་སྟོན་པའི་འཁྲུངས་ཡུལ་ཡང་མ་དག་པའི་གདུལ་བྱ་འུ་ཅག་སོ་སྐྱེས་ཀྱི་སྣང་ངོར་བསྟུན་ནས་དེང་གི་གངས་རི་མཚོ་གསུམ་གྱི་ཕྱོགས་སུ་ངོས་བཟུང་ཡང་འགལ་པ་ཆེར་མེད་པར་སྙན་མོད། ཅེས་སྒ་རིགས་ཀྱི་སྤྲུལ་མིང་བ་མཁར་ནག་ཤེས་རབ་སྐལ་བཟང་རྒྱ་མཚོའམ། མཚོ་སྐྱེས་ཟླ་བ་གཞོན་ནུ་དཔལ་འབར་དུ་འབོད་པས་ས་གླང་དཔྱིད་ཟླ་འབྲིང་བའི་མར་ངོ་ལ་ལྷ་ཅིག་ཤེས་རབ་སྨྲ་བའི་སེང་གེ་བསྙེན་པའི་སྐབས་སུ་བྲིས་པས། འགལ་འཁྲུལ་མཆིས་ན་མཁས་དབང་དམ་པའི་དྲུང་དུ་བཤགས་སོ།
མཆན།
མཁས་དབང་ནམ་མཁའི་ནོར་བུ་གསུང་རྩོམ་《བོད་ཀྱི་ཡ་ཐོག་གི་ལོ་རྒྱུས་སྐོར།》 《ཀྲོང་གོ་བོད་ཀྱི་ཤེས་རིག།》1988ལོའི་དེབ་གཉིས་པའི་ཤོག་ངོས་13། 23ན་གསལ།
《ཆོས་འབྱུང་མཁས་པའི་དགོངས་རྒྱན་》ཤར་ཡུལ་ཕུན་ཚོགས་ཚེ་རིང་གིས་བརྩམས། 2003ལོར་བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གིས་བསྐྲུན། ཤོག་ངོས་46ན་གསལ།
བན་ཤུལ་དཔལ་མཁར་རྒྱལ་གྱི་དཔྱད་རྩོམ་《གངས་ཏི་སེའི་འདབས་རོལ་གྱི་སྟག་གཟིག་འོལ་མོ་ལུང་རིངས་ཀྱི་དཔྱད་པ།》 བོན་བརྒྱ་དགོན་གྱི་2008ལོའི་ལོ་དེབ་《དཔྱོད་ལྡན་མཆོད་པའི་མེད་ཏོག་》གི་ཤོག་ངོས་32། 29། 33། 29ན་གསལ།
《བོད་ཀྱི་བརྡ་རྙིང་ཡིག་ཆ་བདམས་བསྒྲིགས།》གཉའ་གོང་དཀོན་མཆོག་ཚེ་བརྟན་གྱི་རྩོམ་སྒྲིག་བྱས། 1995ལོར་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོས་དཔེ་སྐྲུན་ཁང་གིས་བསྐྲུན། ཤོག་ངོས་83། 220། 109། 55། 375ན་གསལ།
《མདོ་དྲི་མེད་གཟི་བརྗིད》སྟོན་པ་གཤེན་རབ་ཀྱི་བཀའ།2000ལོར་བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་གིས་བསྐྲུན། པོད་དང་པོའི་ཤོག་ངོས་372། 319། 391། 406ན་གསལ།
《མདོ་གཟེར་མིག》སྟོན་པ་གཤེན་རབ་ཀྱི་བཀའ། དྲང་རྗེ་བཙུན་པ་གསེར་མིག་གིས་གཏེན་ནས་ཐོན། 1991ལོར་ཀྲུང་གོ་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་གིས་བསྐྲུན། ཤོག་ངོས་237། 38། 574། 36ན་གསལ།
གོང་གསལ་《མདོ་དྲི་མེད་གཟི་བརྗིད་》ཀྱི་པོད་བརྒྱད་པའི་ཤོག་ངོས་119ན་གསལ།
མདའ་དང་འཕང་།མཁར་རྨེའུ་བསམ་གཏན་རྒྱལ་མཚན།2007ལོར་ཀྲུང་གོ་བོད་རིག་པ་དཔེ་སྐྲུན་ཁང་གིས་བསྐྲུན།སྨད་ཆའི་ཤོག་ངོས་39ན་གསལ།
གོང་ཞུས་མདའ་དང་འཕང་སྨད་ཆའི་ཤོག་ངོས་52ན། གཡོན་གྱི་དུང་རི་མཆོང་ལུང་ན༎ དམུ་སྲས་འཕྲུལ་བུ་དབང་ལྡན་དང་།། གཉན་ལྕམ་དཀར་མོ་གཉིས་སུ་སྲིད།། བྱ་རྒོད་དུ་སྤྲུལ་ནས་བསྡེབས་པ་ལ༎སྟག་གཟིག་བོན་གྱི་རྒྱལ་པོ་དང་།། རྒྱ་གར་ཆོས་ཀྱི་རྒྱལ་པོ་གཉིས་སུ་སྲིད།། སྟག་དང་(དུ་)སྤྲུལ་ན་བསྡེབས་པ་ལ༎མི་(ལུ་)དང་བལ་པོ་ཁྲོམ་དང་གསུམ༎ད་(ཏ)ཟིག་ནོར་གྱི་རྒྱལ་པོ་དང་བཞི་སྲིད། ཞེས་གསལ།
《སྨན་རིའི་ཡོངས་འཛིན་དཔོན་སློབ་བསྟན་འཛིན་རྣམ་དག་རིན་པོ་ཆེའི་གསུང་འབུམ》2005ལོར་བལ་པོ་ནས་ཁྲི་བརྟན་ནོར་བུ་རྩེའི་དཔེ་མཛོད་ཁང་གིས་བསྐྲུན། པོད་གསུམ་པའི་ཤོག་ངོས་77། 20ན་གསལ།
《དེབ་ཐེར་དཀར་པོ》མཁས་དབར་དགེ་འདུན་ཆོས་འཕེལ། 2002ལོར་མི་རིགས་དཔེ་སྐྲུན་ཁང་གིས་བསྐྲུན།ཤོག་ངོས་51ན་གསལ།
《མདོ་འདུས》སྟོན་པ་གཤེན་རབ་ཀྱི་བཀའ། ཀུན་གྲོལ་ལྷ་སྲས་ཚོགས་གཉིས་རྒྱ་མཚོ་རིན་པོ་ཆེ་ནས་དཔར་སྐྲུན་བྱས་པའི་གཡུང་དྲུང་བོན་གྱི་བཀའ་འགྱུར་སྤྱིའི་པོད་གྲངས་སུམ་ཅུ་བའི་ཤོག་ངོས་15ནས་17བར་ན་གསལ།
《ཞང་ཞུང་རིག་གནས》དེབ་གཉིས་པའི་ཤོག་ངོས་7ན་གསལ།
《བསྟན་པའི་རྣམ་བཤད་དར་རྒྱས་གསལ་བའི་སྒྲོན་མེ》སྤ་བསྟན་རྒྱལ་བཟང་པོ། 1991ལོར་ཀྲོང་གོ་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་གིས་བསྐྲུན། ཤོག་ངོས་178ན་གསལ།
《དྲི་མེད་རྩ་མདོ》མཚན་ཡོངས་རྫོགས་ལ་《འདུས་པ་རིན་པོ་ཆེའི་རྒྱུད་དྲི་མ་མེད་པ་རྩ་བའི་མདོ།》སྤྲུལ་སྐུ་བློན་ལྡན་སྙིང་པོས་(1360ལོར་འཁྲུངས་)དུས་རབས་བཅུ་བཞི་བའི་སྨད་ཙམ་སྐབས་ཀྱི་སྙན་རྒྱུད། བོན་གྱི་བཀའ་འགྱུར་ཆེན་མོའི་པོད་ཉེར་དྲུག་པ།
གོང་ཞུས་《དྲི་མེད་རྩ་མདོའི་》ཤོག་ངོས་313ན། གནས་མཆོག་དམ་པ་འོལ་མོ་ལུང་རིང་གི་ལྷོ་ཤར། རི་བོ་གངས་ཆེན་ཏི་ཙེའི་མདུན་དྲུང་། ཆུ་བོ་ཆེན་པོ་པཀྵུའི་འགྲམ། རི་བོ་ལྷ་རི་གྱང་ཏོའི་མདུན། རྒྱལ་ས་རྐོང་ཡུལ་བྲེ་སྣའི་དབུས། ཕོ་བྲང་རྩེ་བླ་ཡང་ཐོག་གི་ནང་ན། ཞེས་གསལ།
《དབུ་མ་བདེན་གཉིས》ཡར་འབྲོག་མེ་སྟོན་ཤེས་རབ་འོད་ཟེར། གཡུང་དྲུང་བོན་གྱི་མཚན་ཉིད་རྩ་གཞུང་ཕྱོགས་བསྒྲིགས་དེབ་གཟུགས་ཅན་གྱི་ཤོག་ངོས་317། 320ན་གསལ།
《ཟབ་མོ་སྟོང་པ་ཉིད་ཀྱི་དེ་ཁོ་ན་རབ་ཏུ་གསལ་བར་བྱེད་པའི་རྣམ་བཤད་སྐལ་ལྡན་རྗེས་འཛིན།》 རྒྱལ་མཚན་མཆོག་ལེགས། གློག་དཔར་མའི་ཤོག་ངོས་32ན་གསལ།
《སྡེ་སྣོད་རིན་པོ་ཆེ་མཛོད》ཤར་རྫ་བཀྲ་ཤིས་རྒྱལ་མཚན། དེབ་གཟུགས་ཅན་གྱི་སྟོད་ཆའི་ཤོག་ངོས་138། 159། 537ན་གསལ།
《གསང་དོན་རྣམ་འབྱེད་འཕྲུལ་གྱི་ལྡེ་མིག》མཉམ་མེད་ཤེས་རབ་རྒྱལ་མཚན། 《གཡུང་དྲུང་བོན་གྱི་མཚན་ཉིད་རྩ་གཞུང་ཕྱོགས་བསྒྲིགས》དེབ་གཟུགས་ཅན་གྱི་ཤོག་ངོས་324ན་གསལ།
བོན་ལུགས་ཀྱི་《གསོ་རིག་འབུམ་བཞིའི་》རྩ་བ། མཚན་ཡོངས་ལ་《བདུད་རྩི་སྨན་གྱི་མདོ་དགུ་ལས་གསོ་རིག་རྩ་བ་ཐུགས་འབུམ་མཁའ་སྔོན།》ཟེར་ཞིང་དུས་རབས་བཅུ་གཅིག་ཙམ་ནས་གཙང་སྟོད་བྱེ་མ་གཡུང་དྲུང་དུ་བོན་གྱི་གཏེར་སྟོན་བུ་འཚོ་སྲིད་པའི་རྒྱལ་པོ་གཏེར་ནས་བླངས་སྐད།
《གསོ་རིག་འབུམ་བཞི།》དཔྱད་བུ་ཁྲི་ཤེས།2005ལོར་མི་རིགས་དཔེ་སྐྲུན་ཁང་གིས་ནོར་བུ་དཔེ་ཚོགས་ཀྱི་གྲས་སུ་བསྐྲུན།ཤོག་ངོས་5ན་གསལ།
《དྲང་དོན་མུན་སེལ་སྒྲོན་མ།》བླ་ཆེན་དྲན་པ་ནམ་མཁའ། གློག་དཔར་མའི་ཤོག་ངོས་70ན་གསལ།
《ལེགས་བཤད་མཛོད།》ཤར་རྫ་བཀྲ་ཤིས་རྒྱལ་མཚན།1985ལོར་མི་རིགས་དཔེ་སྐྲུན་ཁང་གིས་བསྐྲུན། ཤོག་ངོས་16ན།དེའང་བོད་ཡུལ་གྱི་ཏི་སེ་ནི་ས་སྐྱ་པཎྚི་ཏའི་རབ་དབྱེར། སྤྲེའུ་རྒྱལ་པོ་ཧ་ནུ་མ་དྷས་སྟག་གཟིག་ཡུལ་གྱི་གངས་ཏི་སེ་ལ་ཚལ་གཅིག་བཅད་ནས་ལག་པར་ཁྱེར་བ་བོད་ཡུལ་དུ་འཕངས་པ་ལས་གྲུབ་པར་རིགས་བྱེད་ཀྱི་གཏམ་ལས་བྱུང་བར་བཤད་དོ།
གོང་ཞུས་《བོད་ཀྱི་བརྡ་རྙིང་ཡིག་ཆ་འདམས་བསྒྲིགས།》ཤོག་ངོས་172ན། ཧ་ནི་མན་ཏ་ལེན་དུ་བཏང་བ་དང་། ངོ་མ་ཤེས་སྟེ། གངས་ཏྀ་སེ་ལྷན་ཆིག་བཏེགསྟེ་འོངས་ནས། སྨན་འབྲི་ཏ་བཐུས་ཏེ། ཏི་སེ་ཡང་སླར་གནསུ་བསྐྱལ་ལོ།
གོང་ཞུས་《བསྟན་པའི་རྣམ་བཤད་དར་རྒྱས་གསལ་བའི་སྒྲོན་མེ》ཡི་ཤོག་ངོས་85ན་གསལ།
《སྲིད་པའི་མཛོད་ཕུག》སྟོན་པ་གཤེན་རབ་ཀྱི་བཀའ། ཀུན་གྲོལ་ལྷ་སྲས་ཚོགས་གཉིས་རྒྱ་མཚོ་རིན་པོ་ཆེ་ནས་དཔར་བསྐྲུན་བྱས་པའི་གཡུང་དྲུང་བོན་གྱི་བཀའ་འགྱུར་སྤྱིའི་པོད་གྲངས་གཉིས་པའི་ཤོག་ངོས་42ན་གསལ།
《མཛོད་སྒྲ་འགྲེལ་》བླ་ཆེན་དྲན་པ་ནམ་མཁའ། གློག་དཔར་མའི་ཤོག་ངོས་164ནས་165བར་ན་གསལ།
《སྣང་སྲིད་མཛོད་ཕུགས་ཀྱི་གཞུང་དང་འགྲེལ་བ་འཕྲུལ་གྱི་སྒྲོན་མེ།》 མཉམ་མེད་ཤེས་རབ་རྒྱལ་མཚན། གློག་དཔར་མའི་ཤོག་ངོས་133ན། དེ་ཡང་དང་ར་ནི་མཚོའོ། མལ་དྲོས་ནི་ཀླུའི་བྱེ་བྲག་ཅིག་གི་མིང་ངོ་། མུར་ཟང་ནི་ཀླུའི་སྤྱི་མིང་ངོ་། མཚོ་དེ་ལ་ནི་མ་པང་གཡུ་མཚོ་ཞེས་གྲགས་སོ། དེ་འཛམ་བུ་གླིང་གི་དབུས་ལ་སོགས་བསྟན་པའོ། ཞེས་གསལ།
《ས་ལམ་འཕྲུལ་གྱི་སྒྲོན་མེ།》 མཉམ་མེད་ཤེས་རབ་རྒྱལ་མཚན། 《གཡུང་དྲུང་བོན་གྱི་མཚན་ཉིད་རྩ་གཞུང་ཕྱོགས་བསྒྲིགས་》དེབ་གཟུགས་ཅན་གྱི་ཤོག་ངོས་53ན་གསལ།