དཀར་མཛེས་ཀྱི་ཟམ་ཆེན་འདིར་གསེར་གྱི་རྟགས་མ་ཐོབ་འདུག

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 06-17


     ཨ་མེ་རི་ཁའི་དུས་ཚོད་ཟླ་བ6པའི་ཚེས11ཉིན་གྱི་དགོང་མོ། སྐབས36པའི་རྒྱལ་སྤྱིའི་ཟམ་པའི་ཚོགས་ཆེན་དེ་ཨ་མེ་རི་ཁའི་མ་ལི་ལན་མངའ་སྡེ་རུ་འཚོགས་པ་རེད། སི་ཁྲོན་དཀར་མཛེས་ཁུལ་གྱི་ལྕགས་ཟམ་ཁའི་ཁམས་དར་ཟམ་ཆེན་ལ་ཀུའུ་སི་ཐ་ཧྥུ·ལིན་ཏེང་ཧྲའོ་ཡི(Gustav Lindenthal)གསེར་གྱི་རྟགས་མའི་བྱ་དགའ་ཐོབ།


     ཁམས་དར་ཟམ་ཆེན་བཟོ་སྐྲུན་བྱས་པ་ནས་བཟུང་རྒྱལ་ཁབ་ཕྱི་ནང་གི་དོ་ཁུར་ཆེན་པོ་ཐོབ་ཡོད་པས། གསར་འགྱུར་འཕྲིན་སྦྱོར་ཁག་གིས་གནས་ཚུལ་སྤེལ་བ་དང་། ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་ཀྱིས་ཐེངས་26ལ་གནས་ཚུལ་སྤེལ་གཏོང་བྱས་ཡོད།
    ད་ལྟ་རྒྱལ་མཚམས་ལས་བརྒལ་ཏེ་འཛམ་གླིང་རིམ་པའི་ཟམ་པའི་ཚོགས་ཆེན་དུ་ཚུད་ནས་ཟམ་པའི་ལས་རིགས་ཀྱི་“ནོ་པེར་”བྱ་དགའ་ཐོབ།

    དེ་ཡང་ཟམ་པའི་བཟོ་བཀོད་ཀྱི་ལག་རྩལ་དང་རྒྱུ་ཆ་གསར་གཏོད། མཛེས་རིག་གི་རིན་ཐང་། ཁོར་ཡུག་སྲུང་སྐྱོང་། དེ་མིན་སྤྱི་ཚོགས་ཀྱི་ཕན་ནུས་སོགས་ཀྱི་ཐད་གྲུབ་འབྲས་འབུར་དུ་ཐོན་པས་གཟེངས་བསྟོད་ཀྱི་བྱ་དགའ་དེ་སྤྲད་པ་རེད། །




དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1