གཞིས་ཀ་རྩེའི་ལས་རིགས་ཁག་གི་མི་སྣས་གླུ་ལེན་གར་རྩེད་བྱས་ནས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་མཆོག་བཀྲ་ཤིས་ལྷུན་པོ་དགོན་དུ་ཕེབས་བསུ་བྱེད་པ།
ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། ཟླ་6པའི་ཚེས་23ཉིན། བོད་རང་སྐྱོང་ལྗོངས་གཞིས་ཀ་རྩེ་གྲོང་ཁྱེར་གྱི་སྤྱི་ཚོགས་ལས་རིགས་ཁག་དང་དད་ལྡན་མང་ཚོགས་རྣམས་ཀྱིས་ལག་ལ་ཁ་བཏགས་བསྣམས་པའམ་ཡང་ན་མེ་ཏོག་ཆུན་པོ་སོགས་འཛིན་བཞིན་གཞིས་ཀ་རྩེའི་མེ་འཁོར་འབབ་ཚུགས་སུ་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་མཆོག་གཞིས་ཀ་རྩེར་ཆིབས་བསྒྱུར་བསྐྱངས་པར་བསུ་མ་རྒྱ་ཆེར་མཛད་པ་རེད།
སྔ་དྲོར་རྒྱལ་ཡོངས་སྲིད་གྲོས་ཀྱི་རྒྱུན་ཨུ་དང་ཀྲུང་གོའི་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོ་མཆོག་གིས་ལྷ་སའི་ཆོས་དོན་དང་སྤྱི་ཚོགས་ཀྱི་རྟོག་ཞིབ་བྱེད་སྒོ་ཁག་ཕུན་སུམ་ཚོགས་པའི་ངང་ནས་མཇུག་འགྲིལ་རྗེས། མེ་འཁོར་ལ་བཞུགས་ཏེ་གཞིས་ཀ་རྩེའི་བཀྲ་ཤིས་ལྷུན་པོ་དགོན་དུ་ཕེབས་པ་རེད།
གཞིས་ཀ་རྩེ་གྲོང་ཁྱེར་གྱི་ལས་རིགས་ཁག་གི་མི་སྣ་དང་དད་ལྡན་མང་ཚོགས་རྣམས་ཀྱིས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་མཆོག་བཀྲ་ཤིས་ལྷུན་པོ་དགོན་དུ་ཕེབས་བསུ་བྱེད་པ།
པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་མཆོག་མེ་འཁོར་གྱི་འཁོར་སྒྲོམ་ལས་ཕྱིར་བུད་རྗེས། འདི་གར་ཕེབས་སྒུག་བྱེད་པའི་གཞིས་ཀ་རྩེའི་མི་རིགས་ཁག་དང་ལས་རིགས་ཁག་གི་འཐུས་མི་རྣམས་ཀྱི་ཕེབས་བསུ་དང་ལེན་བྱས།
གཙང་བཀྲ་ཤིས་ལྷུན་པོའི་དགེ་འདུན་པའི་ཚོགས་ནས་གྲལ་བསྒྲིགས་ནས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་མཆོག་ཕེབས་བསུ་ཞུས་པ།
ཉིན་གུང་། པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་མཆོག་སྐུ་འཁོར་དང་བཅས་པ་བཀྲ་ཤིས་ལྷུན་པོ་དགོན་དུ་འབྱོར་བ་རེད། བཀྲ་ཤིས་ལྷུན་པོ་དགོན་དུ་བསང་སྤོས་ཀྱི་དུ་སྤྲིན་མཁའ་ལ་འཕྱུར་ཞིང་ཆོས་དུང་གི་འབུད་སྒྲ་དང་། དུང་ཆེན་གྱི་འབུད་སྒྲ། ཆོས་སྐད་བཅས་ནི་དད་ལྡན་མང་ཚོགས་ཀྱི་ཀློང་ནས་མཆེད་དེ་ཆོས་སྡེ་ཆེན་པོའི་མཁའ་དབྱིངས་སུ་བྲག་ཅ་འཁྱིལ་བ་རེད།
པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་མཆོག་གིས་ཕྱག་ནས་གཏོར་བ།
པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་མཆོག་གཞིས་ཀ་རྩེའི་བཀྲ་ཤིས་ལྷུན་པོར་ཕེབས་བཞིན་པ།
པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་མཆོག་དང་བཀྲ་ཤིས་ལྷུན་པོ་དགོན་གྱི་བླ་ཆེན་གྱིས་ཕན་ཚུན་ལ་མཇལ་དར་སྒྲོན་བཞིན་པ།
བཀྲ་ཤིས་ལྷུན་པོ་དགོན་གྱི་དགེ་འདུན་པས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་མཆོག་ཕེབས་བསུ་ཞུས་པ།
བཀྲ་ཤིས་ལྷུན་པོ་དགོན་གྱི་དགེ་འདུན་པས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་མཆོག་ཕེབས་བསུ་ཞུས་པ།
བཀྲ་ཤིས་ལྷུན་པོ་དགོན་གྱི་དགེ་འདུན་པས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་མཆོག་ཕེབས་བསུ་ཞུས་པ།
བཀྲ་ཤིས་ལྷུན་པོ་དགོན་གྱི་སེར་ཕྲེང་བསྟར་པའི་དགེ་འདུན་པའི་ཕེབས་བསུ་ཁྲོད་དུ། པཎ་ཆེན་སྐུ་ཕྲེང་བཅུ་གཅིག་མཆོག་ཞེང་ཚད་ཆེ་བའི་ས་གདན་ཐོག་ནས་ཞབས་ཀྱིས་བཅགས་ཏེ་“རྒྱལ་སྐྱོང་དམངས་ཕན་”ཞེས་པའི་གསེར་ཡིག་བསྟར་པའི་ཚོགས་ཆེན་འདུ་ཁང་དུ་ག་ལེར་ཕེབས་པ་དང་། ལམ་རྒྱུད་ཀྱི་སེར་སྐྱ་དད་ལྡན་མང་ཚོགས་ཀྱིས་སྤྲོ་སེམས་འཁོལ་བའི་ངང་ནས་དགའ་བསུ་ཞུས་པ་རེད།
ཚོགས་ཆེན་འདུ་ཁང་དུ། པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་མཆོག་གིས་དད་པ་རྩེ་གཅིག་གིས་དེ་གར་བཞུགས་པའི་སངས་རྒྱས་ཤཱཀྱ་མུ་ནེ་དང་བོད་བརྒྱུད་ནང་བསྟན་གྱི་དགེ་ལུགས་པའི་ཤིང་རྟ་ཆེན་པོ་རྗེ་ཙོང་ཁ་པའི་སྐུ་བརྙན་ལ་མཆོད་པ་ཕུལ་ནས་ཕྱག་འཚལ་བ་དང་། དགེ་འདུན་འདུས་ཚོགས་དང་ལྷན་དུ་སྐྱབས་འཇུག་སྨོན་ལམ་གསུངས་པ་རེད། དེ་རྗེས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་མཆོག་སྐུའི་གཟིམ་ཤག་ཉི་འོད་ཕོ་བྲང་དུ་ཆིབས་བསྒྱུར་བསྐྱངས་པ་རེད།
པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་མཆོག་གིས་ཚོགས་ཆེན་འདུ་ཁང་དུ་མཆོད་མཇལ་ཞུས་པ།
པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་མཆོག་གིས་དགེ་འདུན་པར་ཕྱག་བརྡ་གནང་བ།
པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་མཆོག
བཀྲ་ཤིས་ལྷུན་པོ་དགོན་ནི་པཎ་ཆེན་སྐུ་ཕྲེང་རིམ་བྱོན་གྱི་བཞུགས་སྒར་ཡིན་ལ། སྤྱི་ལོ་1447ལོར་ཕྱག་བཏབ་པ་སྟེ། བོད་བརྒྱུད་ནང་བསྟན་གྱི་དགེ་ལུགས་པའི་ཆོས་སྡེ་ཆེན་པོ་དྲུག་གི་ཡ་གྱལ་ཡིན།
ཟླ་6པའི་ཚེས་24ཉིན་གྱི་སྔ་དྲོར་ཆོས་ཀྱི་ཕྱག་སྲོལ་ལྟར་བཀྲ་ཤིས་ལྷུན་པོ་དགོན་གྱི་བླ་མ་སྐྱེས་ཆེན་དག་གིས་ཕྱག་ཏུ་སྤོས་ཕོར་ཐོགས་ཤིང་དུང་ཆེན་འབུད་བའི་དགེ་འདུན་པས་ལམ་སྣ་དྲངས་ཏེ། པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་མཆོག་གིས་སྲིད་གསུམ་རྣམ་རྒྱལ་སྐུ་གདུང་མཆོད་རྟེན་ལྷ་ཁང་དང་བྱམས་པའི་ལྷ་ཁང་སོགས་ཀྱི་འདུ་ཁང་གཙོ་བོར་མཇལ་བ་རེད། འདུ་ཁང་རེ་རེ་འབྱོར་ཚེ་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་མཆོག་གིས་ཆོས་འདོན་བཞིན་སྨོན་ལམ་སྐྱབས་འཇུག་ཟོལ་མེད་ཞུ་བཞིན་ཡོད་པ་རེད།
པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་མཆོག་གིས་བཀྲ་ཤིས་ལྷུན་པོ་དགོན་གྱི་ལྷ་ཁང་གཙོ་བོར་མཆོད་མཇལ་གནང་བ།
པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་མཆོག་གིས་རེ་སྒུག་བྱས་པའི་སེར་སྐྱ་དད་ལྡན་མང་ཚོགས་དང་ཡུལ་སྐོར་བར་ཕྱག་བརྡ་གནང་བ།
བཀྲ་ཤིས་ལྷུན་པོ་དགོན་གྱི་འདུ་ཁང་གཙོ་བོར་མཇལ་སྐབས། པཎ་ཆེན་སྐུ་ཕྲེང་བཅུ་གཅིག་མཆོག་གིས་གདོང་འཛུམ་གྱིས་ཁེངས་ཏེ་ལམ་རྒྱུད་གཉིས་སུ་སྒུག་པའི་དད་ལྡན་སེར་སྐྱ་མང་ཚོགས་རྣམས་ལ་ཕྱག་བརྡ་གནང་ཞིང་། ཡུལ་སྐོར་བ་ཚོས་ཁ་པར་དང་པར་ཆས་བཏོན་ནས་མིག་འདུན་གྱི་སྣང་ཚུལ་འདི་པར་དུ་བཏབ་པ་རེད།
བཀྲ་ཤིས་ལྷུན་པོ་དགོན་གྱི་ལྷ་ཁང་གཙོ་བོ།
སྲིད་གསུམ་རྣམ་རྒྱལ་སྐུ་གདུང་མཆོད་རྟེན་ལ་མཇལ་སྐོར་གནང་ཚར་རྗེས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་མཆོག་གིས་དེ་གར་སྒུག་པའི་དད་ལྡན་མང་ཚོགས་དང་ཡུལ་སྐོར་བར་ཕྱག་དབང་གནང་བ་དང་། དེ་ནས་མཇལ་སྐོར་སྐབས་སུའང་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་མཆོག་གིས་ཐེངས་དུ་མར་གོམ་པ་བགྲོད་མཚམས་བཞག་ནས་དད་ལྡན་མང་ཚོགས་དང་ཡུལ་སྐོར་བར་ཕྱག་དབང་གནང་བ་རེད།
བཀྲ་ཤིས་ལྷུན་པོ་དགོན་གྱི་བྱམས་པའི་ལྷ་ཁང་།
པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་མཆོག་གིས་དད་ལྡན་མང་ཚོགས་ལ་ཕྱག་དབང་གནང་བ།