ཟླ་10ཚེས་15ཉིན། མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་ནས་སི་ཁྲོན་ཁྲེན་ཏུའུ་གྲོང་ཁྱེར་བར་གནམ་གྲུ་དངོས་སུ་འཕུར་གཏོང་བྱས་པ་རེད། གནམ་གྲུ་དེ་གཟའ་ཟླ་བ་དང་། གཟའ་ལྷག་པ། གཟའ་པ་སངས། གཟའ་ཉི་མ་བཅས་སུ་གཏོང་གི་ཡོད་ཅིང་། འཕུར་སྐྱོད་དུས་ཚོད་གཅིག་ལྷག་ལས་དགོས་ཀྱི་མི་འདུག