ཞིང་ཆེན་ཏང་ཨུའི་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་དང་ཞིང་ཆེན་ཡོངས་ཀྱི་“ ཐོག་མའི་སེམས་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་བརྟན་པོར་འཆང་བའི་ ” བརྗོད་དོན་གཙོ་བོའི་སློབ་གསོའི་ལས་དོན་ཚོགས་འདུ་འཚོགས།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 07-05


   

སྤྱི་ཟླ་6པའི་ཚེས་6ཉིན་གྱི་སྔ་དྲོར། ཞིང་ཆེན་ཏང་ཨུའི་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་གྲོས་ཚོགས་ཐེངས་དང་པོ་དང་ཞིང་ཆེན་ཡོངས་ཀྱི་“ཐོག་མའི་སེམས་འདུན་མི་བརྗེད་པར། འགན་འཁྲི་བློ་ལ་བརྟན་པོར་འཆང་བའི་”བརྗོད་དོན་གཙོ་བོའི་སློབ་གསོའི་ལས་དོན་ཚོགས་འདུ་ཁྲེན་ཏུའུ་རུ་འཚོགས། ཚོགས་འདུ་དེ་བརྙན་འཕྲིན་ཚོགས་འདུའི་རྣམ་པ་ལྟར་རྫོང་རིམ་པའི་ཡན་དུ་འཚོགས་ཤིང་། གྲོང་ཁྱེར་(ཁུལ་)དང་རྫོང་(གྲོང་ཁྱེར་དང་ས་ཁུལ་)དུ་ཡན་ལག་ཚོགས་ར་བཙུགས། ཚོགས་འདུའི་ཐོག་“ཐོག་མའི་སེམས་འདུན་མ་བརྗེད་པར། འགན་འཁྲི་བློ་ལ་བརྟན་པོར་འཆང་བའི་”བརྗོད་དོན་གཙོ་བོའི་སློབ་གསོའི་ལས་དོན་ཚོགས་འདུའི་ཐོག་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་ལག་བསྟར་ནན་ཏན་བྱེད་པ་དང་། ཏང་ཀྲུང་དབྱང་གི་བཀོད་སྒྲིག་བླང་བྱ་ཁྱོན་ཡོངས་ནས་དོན་འཁྱོལ་བྱེད་པ། རང་རེའི་ཞིང་ཆེན་གྱིས་“ཐོག་མའི་སེམས་འདུན་མི་བརྗེད་པར། འགན་འཁྲི་སེམས་ལ་བརྟན་པོར་འཆང་བའི་”བརྗོད་དོན་གཙོ་བོའི་སློབ་གསོའི་སྐུལ་སློང་དང་བཀོད་སྒྲིག་བྱེད་པ། 《ཀྲུང་གུང་སི་ཁྲོན་ཞིང་ཨུའི་“ཐོག་མའི་བསམ་འདུན་མི་བརྗེད་པར། འགན་འཁྲི་བློ་ལ་བརྟན་པོར་འཆང་བའི་”བརྗོད་དོན་གཙོ་བོའི་སློབ་གསོ་དང་འབྲེལ་བའི་ལག་བསྟར་བསམ་འཆར།》ལ་གྲོས་བསྡུར་བྱས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཕེང་ཆིང་ཧྭ་ཡིས་ཚོགས་འདུར་གཙོ་སྐྱོང་གནང་བར་མ་ཟད་གསུང་བཤད་གནང་། “ཐོག་མའི་སེམས་འདུན་མི་བརྗེད་པར། འགན་འཁྲི་སེམས་ལ་བརྟན་པོར་འཆང་བའི་”བརྗོད་དོན་གཙོ་བོའི་སློབ་གསོའི་ཀྲུང་དབྱང་གི་མཛུབ་སྟོན་ཚོ་ཆུང་བཅུ་པའི་ཙུའུ་ཀྲང་ཀྲང་ཏུའུ་ཡུས་ཀྱིས་གཏམ་བཤད་གནང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་དང་ཞིང་དཔོན་དབྱི་ལི། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་ཁོ་ཙུན་ཕིང་། ཀྲུང་དབྱང་གི་མཛུབ་སྟོན་ཚོ་ཆུང་བཅུ་པའི་ཙུའུ་ཀྲང་གཞོན་པ་ཀྲང་པའེ་རུའུ། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ཏེང་ཞའོ་ཀང་བཅས་ཚོགས་འདུར་ཞུགས།


  ཕེང་ཆིང་ཧྭ་ཡིས། ཏང་ཡོངས་སུ་“ཐོག་མའི་སེམས་འདུན་མི་བརྗེད་པར། འགན་འཁྲི་སེམས་ལ་བརྟན་པོར་འཆང་བའི་”བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་བ་ནི། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་རླབས་ཆེན་གྱི་འཐབ་རྩོད་དང་། རླབས་ཆེན་གྱི་ལས་གཞི། རླབས་ཆེན་གྱི་བྱ་གཞག །རླབས་ཆེན་གྱི་ཕུགས་འདུན་བཅས་ལ་གནང་བའི་བཀོད་སྒྲིག་གལ་ཆེན་ཞིག་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་“ཐོག་མའི་བསམ་འདུན་མི་བརྗེད་པར། འགན་འཁྲི་བློ་ལ་བརྟན་པོར་འཆང་བའི་”བརྗོད་དོན་གཙོ་བོའི་སློབ་གསོའི་ལས་དོན་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་གལ་ཆེན་དང་། བརྗོད་དོན་གཙོ་བོའི་སློབ་གསོའི་དོན་སྙིང་གལ་ཆེན་ལ་རྒྱས་བཤད་གཏིང་ཟབ་གནང་། བརྗོད་དོན་གཙོ་བོའི་སློབ་གསོའི་སྤྱིའི་བླང་བྱ་དང་། ལས་འགན་གྱི་དམིགས་ཡུལ། གཙོ་གནད་བྱ་ཐབས་བཅས་རྒྱས་བཤད་གཏིང་ཟབ་གནང་ནས། སྤུས་ཚད་མཐོ་བའི་ངང་བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་རྒྱུར་བྱ་སྤྱོད་ཀྱི་གཞི་འཛིན་ས་མཁོ་འདོན་གནང་ཡོད། ཞིང་ཆེན་ཡོངས་ཀྱི་རིམ་པ་ཁག་གི་ཏང་རྩ་འཛུགས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་ལག་བསྟར་ནན་ཏན་བྱེད་པ་དང་། བརྗོད་དོན་གཙོ་བོའི་སློབ་གསོའི་རྩ་བའི་ལས་འགན་ནན་པོ་འཛིན་པ། “ཐོག་མའི་བསམ་འདུན་སྲུང་བ་དང་།
འགན་འཁྲི་འཁུར་ཕོད་པ། ཧེ་བག་འཚོལ་བ། དོན་འཁྱོལ་ལ་དམ་འཛིན་བྱེད་པ་”བཅས་ཀྱི་སྤྱིའི་བླང་བྱ་ལ་གཞིར་བཟུང་ནས། སློབ་སྦྱོང་སློབ་གསོ་དང་བརྟག་དཔྱད་ཞིབ་འཇུག །གནད་དོན་ཞིབ་བཤེར། དག་ཐེར་དོན་འཁྱོལ་བཅས་བརྗོད་དོན་གཙོ་བོའི་སློབ་གསོའི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པ་དང་། རིག་གཞུང་བསླབས་ནས་གྲུབ་འབྲས་ཐོབ་པ་དང་། བསམ་བློ་དང་ཆབ་སྲིད་ལ་རྟོགས་སད་ཡོང་བ། ལས་སྒྲུབ་གསར་གཏོད་ཀྱི་འགན་འཁུར་ཕོད་པ། དམངས་ལ་ཞབས་འདེགས་ཞུ་བའི་དཀའ་གནད་སེལ་བ། སྤྱོད་གཙང་གཞུང་དྲང་གི་མིག་དཔེ་སྟོན་པ་བཅས་བྱས་ཏེ། སི་ཁྲོན་བཅོས་སྐྱོང་གི་སྐས་རིམ་གསར་པ་ལ་སླེབས་པར་སྐུལ་འདེད་ཧུར་ཐག་བཏང་ནས། དུས་རབས་གསར་པའི་ཏང་གི་ལོ་རྒྱུས་ཀྱི་འགན་འཁྲི་མངོན་འགྱུར་ཡོང་ཆེད་འབད་བརྩོན་ལྷོད་མེད་བྱ་དགོས་ཞེས་བསྟན།

  ཏུའུ་ཡུས་ཞིན་གྱིས། སི་ཁྲོན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་ཏང་ཀྲུང་དབྱང་གི་བཀོད་སྒྲིག་བླང་བྱ་ལ་སློབ་སྦྱོང་ལག་བསྟར་ནན་ཏན་བྱས་ཏེ། བརྗོད་དོན་གཙོ་བོའི་སློབ་གསོའི་ལས་འགན་ཁག་ཆད་ལུས་མེད་པར་དོན་འཁྱོལ་ཡག་པོ་བྱ་དགོས་པ་དང་། རྩ་བའི་ལས་འགན་ལ་དམིགས་ཏེ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ལ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱ་རྒྱུ་དེ་མངོན་གསལ་དོད་པོས་གཙོ་ཐིག་ཏུ་བརྩིས་ནས། བརྗོད་དོན་གཙོ་བོའི་སློབ་གསོའི་བརྒྱུད་རིམ་ཧྲིལ་པོ་དང་ཕྱོགས་ཁག་ཡོངས་རྫོགས་ལ་དོན་འཁྱོལ་བྱ་དགོས། “ཡིག་འབྲུ་བཅུ་གཉིས་”ཀྱི་སྤྱིའི་བླང་བྱ་ཁོང་དུ་ཆུད་པར་བྱས་ཏེ། རིམ་པ་ཁག་གི་ཏང་རྩ་འཛུགས་དང་ཏང་ཡོན་ལས་བྱེད་པས་སློབ་སྦྱོང་སློབ་གསོ་དང་། གནད་དོན་ལ་ལྟ་ཞིབ་བྱེད་དུས་ཐོག་མའི་བསམ་འདུན་རྟོགས་པ་དང་། ཐོག་མའི་བསམ་འདུན་སྲུང་བ་བཅས་བྱེད་པར་སྐུལ་འདེད་གཏོང་བ། དག་ཐེར་ཡོ་བསྲང་དོན་འཁྱོལ་དང་གནད་དོན་ཐག་གཅོད་བྱེད་དུས་དཔའ་ངར་ཆེན་པོས་བྱས་རྗེས་འཇོག་པ་དང་། འགན་འཁྲི་ལག་བསྟར་བྱ་དགོས། “སྐད་ཆ་ཚིག་ལྔའི་”དམིགས་འབེན་ལ་དམ་པོར་དམིགས་ཏེ། ཀྲུང་དབྱང་གི་བཀོད་སྒྲིག་དང་ཞིང་ཨུས་གཏན་ལ་ཕབ་པའི་ཆེད་དོན་དག་ཐེར་བཅོས་སྐྱོང་གི་ལས་འགན་དམ་འཛིན་བྱས་ཏེ། མི་དམངས་མང་ཚོགས་ཀྱི་ཐོབ་ཚོར་དང་། བདེ་སྐྱིད་ཚོར་སེམས། བདེ་འཇགས་ཚོར་སེམས་བཅས་རྒྱུན་མི་ཆད་པར་ཆེ་རུ་གཏོང་དགོས། “ཐོག་མཐའ་བར་གསུམ་དུ་ཁྱབ་པ་”བཞི་མཐའ་འཁྱོངས་དང་། སློབ་སྦྱོང་དང་ལག་ལེན་ཟུང་འབྲེལ་བྱེད་པ། ཞིབ་བཤེར་དང་ལེགས་བཅོས་འབྲེལ་མཐུད་བྱེད་པ། བསམ་བློའི་རང་རྟོགས་ཀྱིས་བྱ་སྤྱོད་ཀྱི་རང་རྟོགས་ལ་སྣེ་ཁྲིད་བྱེད་པ། བྱ་སྤྱོད་ཀྱི་རང་རྟོགས་དེ་བསམ་བློའི་རང་རྟོགས་སུ་གཏིང་ཟབ་གཏོང་བ་བཅས་བྱ་དགོས། ཕྱི་ཚུལ་རིང་ལུགས་འགོག་གང་ཐུབ་དང་། བརྗོད་དོན་གཙོ་བོའི་སློབ་གསོར་སྐུལ་སྤེལ་གཏོང་སྟངས་ལེགས་བཅོས་བྱེད་པ། སྲོལ་ངན་ལུགས་ངན་ཇེ་ཉུང་གཏོང་བ། གཞི་རིམ་གྱི་ཁུར་པོ་ཇེ་ཡང་གཏོང་བ་བཅས་བྱས་ཏེ། སྤྱོད་ཚུལ་བཟང་པོར་བརྟེན་ནས་བརྗོད་དོན་གཙོ་བོའི་སློབ་གསོར་ཕན་འབྲས་བཟང་པོ་ཐོན་པར་འགན་ལེན་བྱ་དགོས་ཞེས་བསྟན།

  ཚང་འཛོམས་གྲོས་ཚོགས་ཐེངས་དང་པོ་དང་ཞིང་ཆེན་ཡོངས་ཀྱི་“ཐོག་མའི་བསམ་འདུན་མི་བརྗེད་པར། འགན་འཁྲི་བློ་ལ་བརྟན་པོར་འཆང་བའི་”བརྗོད་དོན་གཙོ་བོའི་སློབ་གསོའི་ལས་དོན་ཚོགས་འདུ་མཇུག་སྒྲིལ་རྗེས་ཚོགས་ཆུང་ཁག་བགོས་ནས་གྲོས་བསྡུར་བྱས། ཕྱི་དྲོར་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་འཚོགས་ཏེ་《ཀྲུང་གོ་གུང་ཁྲན་ཏང་སི་ཁྲོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་སྤྱི་བསྒྲགས།》ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་། ཕེང་ཆིང་ཧྭ་ཡིས་གསུང་བཤད་གནང་ནས། ཞིང་ཆེན་ཡོངས་ཀྱི་ས་གནས་ཁག་དང་སྡེ་ཁག་དག་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིན་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཐེངས་འདིའི་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་དོན་འཁྱོལ་ནན་ཏན་བྱེད་པ། བསམ་བློ་དང་བྱ་སྤྱོད་ཐད་ཏང་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་བཀོད་སྒྲིག་དང་བླང་བྱའི་ཐོག་གཅིག་གྱུར་ནན་ཏན་བྱེད་པ། ཚད་མཐོའི་ཆབ་སྲིད་ཀྱི་འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས་ལ་བརྟེན་ནས་བརྗོད་དོན་གཙོ་བོའི་སློབ་གསོ་དམ་འཛིན་བྱས་ཏེ། དོན་དམ་པའི་ཕན་འབྲས་ཐོབ་པར་འགན་ལེན་ནན་ཏན་བྱ་དགོས་པའི་བླང་བྱ་བཏོན། ཕེང་ཆིང་ཧྭ་ཡིས་ད་དུང་མིག་སྔའི་གནས་བབ་ཀྱི་ལས་འགན་ཁོང་དུ་ཡང་དག་ཆུད་པ་དང་རང་རེའི་ཞིང་ཆེན་གྱི་ལས་དོན་སྔར་ལས་ཡག་པོ་བསྒྲུབ་རྒྱུའི་ཐད་བཀོད་སྒྲིག་གནང་བ་རེད།

  ཀྲུང་དབྱང་གི་མཛུབ་སྟོན་ཚོ་ཆུང་བཅུ་པའི་ཁོངས་མི། ཞིང་ཨུ་དང་། ཞིང་ཆེན་མི་དམངས་འཐུས་ཚོགས་ཀྱི་རྒྱུན་ལས་ཨུ་ཡོན། ཞིང་ཆེན་སྲིད་གཞུང་།

ཞིང་ཆེན་སྲིད་གྲོས་བཅས་ཀྱི་འགོ་ཁྲིད། ཞིང་ཆེན་རིམ་པའི་བློ་མཐུན་རྒན་གྲས་ཁ་ཤས། ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་རྒྱུན་ལས་ཨུ་ཡོན། ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་སྐོར་ཞིབ་ཚོ་ཆུང་ཁག་གི་འགོ་འཛིན། གྲོང་ཁྱེར་(ཁུལ)ཁག་དང་། ཞིང་ཆེན་ཐད་གཏོགས་སྡེ་ཁག་(སྡེ་ཚན་ཁག་)དང་། སི་ཁྲོན་དུ་བཅའ་སྡོད་བྱས་པའི་ཀྲུང་དབྱང་གི་སྒྲིག་གཞི། སི་ཁྲོན་དུ་ཡོད་པའི་ཁེ་ལས་དང་བྱ་ལས་སྡེ་ཚན་བཅས་ཀྱི་འགན་འཁུར་བློ་མཐུན་གཙོ་བོ། དམངས་གཙོའི་ཏང་ཤོག་ཁག་གི་ཞིང་ཨུ་དང་། ཞིང་ཆེན་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་འགན་ཁུར་པ་དང་ཏང་ཤོག་གང་ལའང་མི་གཏོགས་པའི་མི་སྣའི་འཐུས་མི། ཞིང་ཆེན་ཨུ་ལྷན་གྱི་བརྗོད་དོན་གཙོ་བོའི་སློབ་གསོའི་སྐོར་སྐྱོད་མཛུབ་སྟོན་ཚོ་ཆུང་གི་ཙུའུ་ཀྲང་དང་ཚོགས་གཙོ་གཞོན་པ། ཏང་གི་ཚོགས་ཆེན་བཅུ་དགུ་པའི་འཐུས་མི་ཁག་གཅིག་དང་ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཅིག་པའི་འཐུས་མིའི་ཁྲོད་ཀྱི་གཞི་རིམ་བློ་མཐུན་སོགས་ཚོགས་ར་གཙོ་བོའི་ཐོག་སྔ་དྲོའི་ཚོགས་འདུར་ཞུགས་ཡོད་པ་རེད། ། 

6月6日上午,省委十一届五次全会第一次全体会议暨全省“不忘初心、牢记使命”主题教育工作会议在成都举行。会议以电视会议形式开到县一级,市(州)、县(市、区)设分会场。会议认真学习贯彻习近平总书记在“不忘初心、牢记使命”主题教育工作会议上的重要讲话精神,全面落实党中央部署要求,对我省开展“不忘初心、牢记使命”主题教育进行动员部署,讨论《中共四川省委关于开展“不忘初心、牢记使命”主题教育的实施意见》。省委书记彭清华主持会议并讲话,“不忘初心、牢记使命”主题教育中央第十指导组组长杜宇新讲话。省委副书记、省长尹力,省政协主席柯尊平,中央第十指导组副组长张百如,省委副书记邓小刚出席。


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1